藏語播報丨《網絡信息內容生態治理規定》(二)

藏語播報丨《網絡信息內容生態治理規定》(二)

編者按

《網絡信息內容生態治理規定》(下稱《規定》)於2020年3月1日正式實施,為加大對《規定》內容的宣傳力度,切實營造良好的網絡生態環境,西藏自治區互聯網信息辦公室從4月27日起推出藏文版《規定》語音播報,今天為大家帶來的是《規定》第三章“網絡信息內容服務平臺”及第四章“網絡信息內容服務使用者”。

網絡信息內容生態治理規定②

第三章 網絡信息內容服務平臺

第八條網絡信息內容服務平臺應當履行信息內容管理主體責任,加強本平臺網絡信息內容生態治理,培育積極健康、向上向善的網絡文化。

第九條網絡信息內容服務平臺應當建立網絡信息內容生態治理機制,制定本平臺網絡信息內容生態治理細則,健全用戶註冊、賬號管理、信息發佈審核、跟帖評論審核、版面頁面生態管理、實時巡查、應急處置和網絡謠言、黑色產業鏈信息處置等制度。

網絡信息內容服務平臺應當設立網絡信息內容生態治理負責人,配備與業務範圍和服務規模相適應的專業人員,加強培訓考核,提升從業人員素質。

第十條網絡信息內容服務平臺不得傳播本規定第六條規定的信息,應當防範和抵制傳播本規定第七條規定的信息。

網絡信息內容服務平臺應當加強信息內容的管理,發現本規定第六條、第七條規定的信息的,應當依法立即採取處置措施,保存有關記錄,並向有關主管部門報告。

第十一條鼓勵網絡信息內容服務平臺堅持主流價值導向,優化信息推薦機制,加強版面頁面生態管理,在下列重點環節(包括服務類型、位置版塊等)積極呈現本規定第五條規定的信息:

(一)互聯網新聞信息服務首頁首屏、彈窗和重要新聞信息內容頁面等;

(二)互聯網用戶公眾賬號信息服務精選、熱搜等;

(三)博客、微博客信息服務熱門推薦、榜單類、彈窗及基於地理位置的信息服務版塊等;

(四)互聯網信息搜索服務熱搜詞、熱搜圖及默認搜索等;

(五)互聯網論壇社區服務首頁首屏、榜單類、彈窗等;

(六)互聯網音視頻服務首頁首屏、發現、精選、榜單類、彈窗等;

(七)互聯網網址導航服務、瀏覽器服務、輸入法服務首頁首屏、榜單類、皮膚、聯想詞、彈窗等;

(八)數字閱讀、網絡遊戲、網絡動漫服務首頁首屏、精選、榜單類、彈窗等;

(九)生活服務、知識服務平臺首頁首屏、熱門推薦、彈窗等;

(十)電子商務平臺首頁首屏、推薦區等;

(十一)移動應用商店、移動智能終端預置應用軟件和內置信息內容服務首屏、推薦區等;

(十二)專門以未成年人為服務對象的網絡信息內容專欄、專區和產品等;

(十三)其他處於產品或者服務醒目位置、易引起網絡信息內容服務使用者關注的重點環節。

網絡信息內容服務平臺不得在以上重點環節呈現本規定第七條規定的信息。

第十二條網絡信息內容服務平臺採用個性化算法推薦技術推送信息的,應當設置符合本規定第十條、第十一條規定要求的推薦模型,建立健全人工干預和用戶自主選擇機制。

第十三條鼓勵網絡信息內容服務平臺開發適合未成年人使用的模式,提供適合未成年人使用的網絡產品和服務,便利未成年人獲取有益身心健康的信息。

第十四條網絡信息內容服務平臺應當加強對本平臺設置的廣告位和在本平臺展示的廣告內容的審核巡查,對發佈違法廣告的,應當依法予以處理。

第十五條網絡信息內容服務平臺應當制定並公開管理規則和平臺公約,完善用戶協議,明確用戶相關權利義務,並依法依約履行相應管理職責。

網絡信息內容服務平臺應當建立用戶賬號信用管理制度,根據用戶賬號的信用情況提供相應服務。

第十六條網絡信息內容服務平臺應當在顯著位置設置便捷的投訴舉報入口,公佈投訴舉報方式,及時受理處置公眾投訴舉報並反饋處理結果。

第十七條網絡信息內容服務平臺應當編制網絡信息內容生態治理工作年度報告,年度報告應當包括網絡信息內容生態治理工作情況、網絡信息內容生態治理負責人履職情況、社會評價情況等內容。

第四章 網絡信息內容服務使用者

第十八條網絡信息內容服務使用者應當文明健康使用網絡,按照法律法規的要求和用戶協議約定,切實履行相應義務,在以發帖、回覆、留言、彈幕等形式參與網絡活動時,文明互動,理性表達,不得發佈本規定第六條規定的信息,防範和抵制本規定第七條規定的信息。

第十九條網絡群組、論壇社區版塊建立者和管理者應當履行群組、版塊管理責任,依據法律法規、用戶協議和平臺公約等,規範群組、版塊內信息發佈等行為。

第二十條鼓勵網絡信息內容服務使用者積極參與網絡信息內容生態治理,通過投訴、舉報等方式對網上違法和不良信息進行監督,共同維護良好網絡生態。

第二十一條網絡信息內容服務使用者和網絡信息內容生產者、網絡信息內容服務平臺不得利用網絡和相關信息技術實施侮辱、誹謗、威脅、散佈謠言以及侵犯他人隱私等違法行為,損害他人合法權益。

第二十二條網絡信息內容服務使用者和網絡信息內容生產者、網絡信息內容服務平臺不得通過發佈、刪除信息以及其他干預信息呈現的手段侵害他人合法權益或者謀取非法利益。

第二十三條網絡信息內容服務使用者和網絡信息內容生產者、網絡信息內容服務平臺不得利用深度學習、虛擬現實等新技術新應用從事法律、行政法規禁止的活動。

第二十四條

網絡信息內容服務使用者和網絡信息內容生產者、網絡信息內容服務平臺不得通過人工方式或者技術手段實施流量造假、流量劫持以及虛假註冊賬號、非法交易賬號、操縱用戶賬號等行為,破壞網絡生態秩序。

第二十五條網絡信息內容服務使用者和網絡信息內容生產者、網絡信息內容服務平臺不得利用黨旗、黨徽、國旗、國徽、國歌等代表黨和國家形象的標識及內容,或者借國家重大活動、重大紀念日和國家機關及其工作人員名義等,違法違規開展網絡商業營銷活動。

藏文版

ས་བཅད་གསུམ་པ། དྲ་རྒྱའི་ཆ་འཕྲིན་ནང་དོན་གྱི་ཞབས་ཞུའི་ལས་སྟེགས།

དོན་ཚན་བརྒྱད་པ།དྲ་རྒྱའི་ཆ་འཕྲིན་ནང་དོན་གྱི་ཞབས་ཞུའི་ལས་སྟེགས་ཀྱིས་ཆ་འཕྲིན་གྱི་ནང་དོན་དོ་དམ་གྱི་བྱེད་པོའི་འགན་འཁྲི་ཁུར་ནས། ལས་སྟེགས་དེ་གའི་ཆ་འཕྲིན་ནང་དོན་གྱི་ཁོར་ཡུག་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ། ཕན་སྐྱེད་སྐྱོན་བྲལ་དང་ཡར་ཐོན་དགེ་བརྩོན་གྱི་དྲ་རྒྱའི་རིག་གནས་སྐྱེད་སྲིང་བྱེད་དགོས།

དོན་ཚན་དགུ་པ།དྲ་རྒྱའི་ཆ་འཕྲིན་ནང་དོན་གྱི་ཞབས་ཞུའི་ལས་སྟེགས་ཀྱིས་དྲ་རྒྱའི་ཆ་འཕྲིན་ནང་དོན་གྱི་ཁོར་ཡུག་བཅོས་སྐྱོང་ལམ་སྲོལ་འཛུགས་པ་དང་། ལས་སྟེགས་དེ་གའི་ཆ་འཕྲིན་ནང་དོན་གྱི་ཁོར་ཡུག་བཅོས་སྐྱོང་ཞིབ་སྲོལ་བཟོ་བ། སྤྱོད་མཁན་ཐོ་འགོད་དང་། ཨང་རྟགས་དོ་དམ། ཆ་འཕྲིན་ཡོངས་བསྒྲགས་ཀྱི་ཞིབ་བཤེར་གཏན་འབེབས། རྗེས་སྙེགས་དཔྱད་གཏམ་གྱི་ཞིབ་བཤེར་གཏན་འབེབས། དྲ་ངོས་དོ་དམ་ལུགས་མཐུན། དུས་བསྟུན་སྐོར་ཞིབ། འཕྲལ་སྡོམ་ཐག་གཅོད། དྲ་རྒྱའི་དཀྲོག་གཏམ་དང་ཨང་རྟགས་མེད་པའི་ཐོན་ལས་འཁོར་འབྲེལ་གྱི་ཆ་འཕྲིན་ཐག་གཅོད་སོགས་ཀྱི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱེད་དགོས།

དྲ་རྒྱའི་ཆ་འཕྲིན་ནང་དོན་གྱི་ཞབས་ཞུའི་ལས་སྟེགས་ཀྱིས་དྲ་རྒྱའི་ཆ་འཕྲིན་ནང་དོན་གྱི་ཁོར་ཡུག་བཅོས་སྐྱོང་གི་འགན་ཁུར་བ་བཀོད་སྒྲིག་བྱེད་པ་དང་། ལས་སྒོའི་ཁྱབ་ཁོངས་དང་ཞབས་ཞུའི་གཞི་ཁྱོན་དང་འཚམ་པའི་ཆེད་ལས་མི་སྣ་བཀོད་སྒྲིག་བྱེད་པ། གསོ་སྦྱོང་དཔྱད་ཞིབ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་ལས་སྒྲུབ་མི་སྣའི་བྱང་ཚད་མཐོ་རུ་གཏོང་དགོས།

དོན་ཚན་བཅུ་པ།དྲ་རྒྱའི་ཆ་འཕྲིན་ནང་དོན་གྱི་ཞབས་ཞུའི་ལས་སྟེགས་ཀྱིས་གཏན་འབེབས་འདིའི་དོན་ཚན་དྲུག་པའི་ནང་གཏན་འབེབས་བྱས་པའི་ཆ་འཕྲིན་བརྒྱུད་བསྒྲགས་བྱེད་མི་ཆོག་པ་དང་། གཏན་འབེབས་འདིའི་དོན་ཚན་བདུན་པའི་ནང་གཏན་འབེབས་བྱས་པའི་ཆ་འཕྲིན་བརྒྱུད་བསྒྲགས་བྱེད་རིགས་འགོག་ཟོན་དང་བཀག་འགོག་བྱེད་དགོས།

དྲ་རྒྱའི་ཆ་འཕྲིན་ནང་དོན་གྱི་ཞབས་ཞུའི་ལས་སྟེགས་ཀྱིས་ཆ་འཕྲིན་གྱི་ནང་དོན་ལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། གཏན་འབེབས་འདིའི་དོན་ཚན་དྲུག་པ་དང་བདུན་པའི་ནང་གཏན་འབེབས་བྱས་པའི་ཆ་འཕྲིན་ཤེས་རྟོགས་བྱུང་རིགས། ཁྲིམས་བཞིན་འཕྲལ་དུ་ཐག་གཅོད་བྱ་ཐབས་སྤྱོད་དགོས་པ་དང་འབྲེལ་ཡོད་ཟིན་ཐོ་ཉར་འཇོག་བྱེད་དགོས་པ་མ་ཟད། འབྲེལ་ཡོད་གཙོ་གཉེར་སྡེ་ཚན་ལ་སྙན་སེང་ཡང་ཞུ་དགོས།

དོན་ཚན་བཅུ་གཅིག་པ།དྲ་རྒྱའི་ཆ་འཕྲིན་ནང་དོན་གྱི་ཞབས་ཞུའི་ལས་སྟེགས་ཀྱིས་གཙོ་རྒྱུན་རིན་ཐང་གི་སྟོན་ཕྱོགས་མཐའ་འཁྱོངས་བྱས་ནས། ཆ་འཕྲིན་འོས་སྦྱོར་ལམ་སྲོལ་བཟང་སྒྲིག་བྱེད་པ་དང་། དྲ་ངོས་ཀྱི་ཁོར་ཡུག་དོ་དམ་ལ་ཤུགས་སྣོན་རྒྱག་དགོས། གཤམ་གསལ་གྱི་གཙོ་གནད་ལྷུ་ཚིགས(ཞབས་ཞུའི་རིགས་དང་ལེ་ཚན་རིགས་སོགས)སུ་གཏན་འབེབས་འདིའི་དོན་ཚན་ལྔ་པའི་ནང་གཏན་འབེབས་བྱས་པའི་ཆ་འཕྲིན་མངོན་གསལ་དུ་འགོད་དགོས་པ་སྟེ།

(གཅིག)དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་དྲ་ངོས་ཐོག་མ་དང་པར་ངོས་དང་པོ་དང་། ལྡེམ་ཁུང་དང་གལ་ཆེའི་གསར་འགྱུར་ཆ་འཕྲིན་ནང་དོན་གྱི་དྲ་ངོས་སོགས་དང་།

(གཉིས)དྲ་སྦྲེལ་སྤྱོད་མཁན་གྱི་སྤྱི་རྟགས་ཆ་འཕྲིན་ཞབས་ཞུ་ལེགས་འདེམས་དང་འཚོལ་བཤེར་མང་རིགས་སོགས།

(གསུམ)དཔོད་ཁུག་དང་དཔོད་ཕྲན་གྱི་དོ་ཁུར་བྱེད་མང་བའི་ཆ་འཕྲིན་འོས་སྦྱོར་དང་། བང་རིམ་རིགས། ལྡེམ་ཁུང་། དེ་བཞིན་ས་ཁམས་གནས་ཡུལ་གྱི་ཆ་འཕྲིན་ཞབས་ཞུའི་དྲ་ངོས་སོགས།

(བཞི)དྲ་སྦྲེལ་ཆ་འཕྲིན་འཚོལ་བཤེར་ཞབས་ཞུའི་འཚོལ་བཤེར་མང་རིགས་ཐ་སྙད་དང་། འཚོལ་བཤེར་པར་རིས། འཚོལ་བཤེར་སོར་བཞག་སོགས།

(ལྔ)དྲ་སྦྲེལ་གླེང་སྟེགས་ཀྱི་སྡེ་ཁུལ་ཞབས་ཞུའི་དྲ་ངོས་ཐོག་མ་དང་པར་ངོས་དང་པོ་དང་། བང་རིམ་རིགས། ལྡེམ་ཁུང་སོགས།

(དྲུག)དྲ་སྦྲེལ་རོལ་དབྱངས་དང་བརྙན་ལམ་ཞབས་ཞུའི་དྲ་ངོས་ཐོག་མ་དང་པར་ངོས་དང་པོ་དང་། ཤེས་རྟོགས། ལེགས་འདེམས། བང་རིམ་རིགས། ལྡེམ་ཁུང་སོགས།

(བདུན)དྲ་སྦྲེལ་དྲ་གནས་ཕྱོགས་སྟོན་ཞབས་ཞུ་དང་། ལྟ་ཆས་ཞབས་ཞུ། འབེབས་འཇུག་ཞབས་ཞུ་བཅས་ཀྱི་དྲ་ངོས་ཐོག་མ་དང་པར་ངོས་དང་པོ་དང་། བང་རིམ་རིགས། དྲ་ངོས་པར་རིས། ལྡེམ་ཁུང་སོགས།

(བརྒྱད)གྲངས་འཛིན་ལྟ་ཀློག་དང་། དྲ་རྒྱའི་རོལ་རྩེད། དྲ་རྒྱའི་ཀོ་ཕིག་ཞབས་ཞུ་བཅས་ཀྱི་དྲ་ངོས་ཐོག་མ་དང་པར་ངོས་དང་པོ་དང་། ལེགས་འདེམས། བང་རིམ་རིགས། ལྡེམ་ཁུང་སོགས།

(དགུ)འཚོ་བའི་ཞབས་ཞུ་དང་ཤེས་བྱའི་ཞབས་ཞུའི་ལས་སྟེགས་ཀྱི་དྲ་ངོས་ཐོག་མ་དང་པར་ངོས་དང་པོ་དང་། དོ་ཁུར་བྱེད་མང་རིགས་འོས་སྦྱོར། ལྡེམ་ཁུང་སོགས།

(བཅུ)དྲ་ཐོག་ཚོང་དོན་ལས་སྟེགས་ཀྱི་དྲ་ངོས་ཐོག་མ་དང་པར་ངོས་དང་པོ་དང་། འོས་སྦྱོར་ཁུལ་སོགས།

(བཅུ་གཅིག)སྒུལ་བདེའི་ཉེར་སྤྱོད་ཚོང་ཁང་དང་། སྒུལ་བདེའི་རིག་ནུས་མཐའ་སྣེའི་གྲ་སྒྲིག་ཉེར་སྤྱོད་མཉེན་ཆས། ནང་སྒྲིག་ཆ་འཕྲིན་ནང་དོན་གྱི་ཞབས་ཞུའི་དྲ་ངོས་དང་པོ་དང་འོས་སྦྱོར་ཁུལ་སོགས།

(བཅུ་གཉིས)ན་སོ་དར་ལ་མ་བབས་པའི་མིར་ཆེད་མངགས་ཞབས་འདེགས་ཞུ་བའི་དྲ་རྒྱའི་ཆ་འཕྲིན་གྱི་ནང་དོན་གྱི་ཆེད་བསྒྲིགས་ལེ་ཚན་དང་། ཆེད་ཁུལ། ཐོན་རྫས་སོགས།

(བཅུ་གསུམ)དེ་མིན་གྱི་ཐོན་རྫས་སམ་ཞབས་ཞུའི་མངོན་གསལ་དོད་སར་བཀོད་པ་དང་། དྲ་རྒྱའི་ཆ་འཕྲིན་ནང་དོན་ཞབས་ཞུ་སྤྱོད་མཁན་གྱིས་དོ་སྣང་ཡོང་སླ་བའི་གཙོ་གནད་ལྷུ་ཚིགས།

དྲ་རྒྱའི་ཆ་འཕྲིན་གྱི་ཞབས་ཞུའི་ལས་སྟེགས་ཀྱིས་གོང་གསལ་གྱི་ལྷུ་ཚིགས་གལ་ཆེན་ཐོག་གཏན་འབེབས་འདིའི་དོན་ཚན་བདུན་པའི་ནང་གཏན་འབེབས་བྱས་པའི་ཆ་འཕྲིན་སྤེལ་མི་ཆོག

དོན་ཚན་བཅུ་གཉིས་པ།དྲ་རྒྱའི་ཆ་འཕྲིན་ནང་དོན་གྱི་ཞབས་ཞུའི་ལས་སྟེགས་ཀྱིས་རང་གཤིས་ཅན་གྱི་རྩིས་ཐབས་འོས་སྦྱོར་ལག་རྩལ་སྤྱད་དེ་སྤེལ་བའི་ཆ་འཕྲིན་རིགས། གཏན་འབེབས་འདིའི་དོན་ཚན་བཅུ་པ་དང་དོན་ཚན་བཅུ་གཅིག་པའི་གཏན་འབེབས་བླང་བྱ་དང་འཚམ་པའི་འོས་སྦྱོར་བྱེད་ཐབས་སྤྱོད་དགོས་ལ། མི་ཐབས་ལ་བརྟེན་ནས་ཐེ་ཇུས་དང་སྤྱོད་མཁན་གྱི་རང་བརྟེན་གདམ་གའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས།

དོན་ཚན་བཅུ་གསུམ་པ།དྲ་རྒྱའི་ཆ་འཕྲིན་ནང་དོན་གྱི་ཞབས་ཞུའི་ལས་སྟེགས་ལ་ན་སོ་དར་ལ་མ་བབས་པའི་མིས་སྤྱོད་རྒྱུར་འཚམ་པའི་མ་དཔེ་གསར་སྤེལ་བྱ་རྒྱུ་དང་། ན་སོ་དར་ལ་མ་བབས་པའི་མིས་སྤྱོད་རྒྱུར་འཚམ་པའི་དྲ་རྒྱའི་ཐོན་རྫས་དང་ཞབས་ཞུ་མཁོ་འདོན་བྱ་རྒྱུ། ན་སོ་དར་ལ་མ་བབས་པའི་མིའི་ལུས་ཁམས་བདེ་ཐང་ལ་ཕན་པའི་ཆ་འཕྲིན་ཐོབ་རྒྱུར་སྟབས་བདེ་སྐྲུན་རྒྱུ་བཅས་ཀྱི་ལྕག་སྐུལ་བྱེད་དགོས།

དོན་ཚན་བཅུ་བཞི་པ།དྲ་རྒྱའི་ཆ་འཕྲིན་ནང་དོན་གྱི་ཞབས་ཞུའི་ལས་སྟེགས་ཀྱིས་ལས་སྟེགས་དེར་བཀོད་སྒྲིག་བྱས་པའི་བརྡ་ཆ་གཏོང་གནས་དང་ལས་སྟེགས་ཐོག་མངོན་པའི་བརྡ་ཆའི་ནང་དོན་ལ་ཞིབ་དཔྱད་སྐོར་ཞིབ་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། ཁྲིམས་འགལ་གྱི་བརྡ་ཆ་ཁྱབ་བསྒྲགས་བྱས་རིགས་ལ་ཁྲིམས་བཞིན་ངེས་པར་དུ་ཐག་གཅོད་བྱེད་དགོས།

དོན་ཚན་བཅོ་ལྔ་པ།དྲ་རྒྱའི་ཆ་འཕྲིན་ནང་དོན་གྱི་ཞབས་ཞུའི་ལས་སྟེགས་ཀྱིས་དོ་དམ་སྒྲིག་སྲོལ་དང་ལས་སྟེགས་སྤྱི་ཆིངས་བཟོ་བ་དང་འབྲེལ། ཡོངས་བསྒྲགས་བྱེད་པ་དང་། སྤྱོད་མཁན་གྱི་གྲོས་མོལ་འཐུས་སྒོ་ཚང་དུ་གཏོང་བ། སྤྱོད་མཁན་གྱི་འབྲེལ་ཡོད་དབང་ཆ་དང་འོས་འགན་ཁ་གསལ་བཟོ་བ་བཅས་བྱེད་དགོས་པ་མ་ཟད། ཁྲིམས་དང་སྤྱི་ཆིངས་བཞིན་དོ་དམ་གྱི་འགན་འཁྲི་ཡང་འོས་འཚམ་འཁུར་དགོས།

དྲ་རྒྱའི་ཆ་འཕྲིན་ནང་དོན་གྱི་ཞབས་ཞུའི་ལས་སྟེགས་ཀྱིས་སྤྱོད་མཁན་གྱི་རྩིས་ཐོའི་ཡིད་རྟོན་དོ་དམ་ལམ་ལུགས་བཟོས་ཏེ། སྤྱོད་མཁན་གྱི་རྩིས་ཐོའི་ཡིད་རྟོན་གནས་ཚུལ་གཞིར་བཟུང་དེ་མཚུངས་ཀྱི་ཞབས་ཞུ་མཁོ་འདོན་བྱེད་དགོས།

དོན་ཚན་བཅུ་དྲུག་པ། དྲ་རྒྱའི་ཆ་འཕྲིན་ནང་དོན་གྱི་ཞབས་ཞུའི་ལས་སྟེགས་ཀྱི་མངོན་ཆེ་སར་ཞུ་གཏུགས་ཐེར་འདོན་སྐར་ཁུང་བཙུགས་ཏེ་ཞུ་གཏུགས་ཐེར་འདོན་བྱེད་ཐབས་ཁྱབ་བསྒྲགས་བྱེད་པ་དང་ཆབས་ཅིག སྤྱི་དམངས་ཀྱི་ཞུ་གཏུགས་ཐེར་འདོན་དུས་ཐོག་ཏུ་བདག་སྤྲོད་དང་ཐག་གཅོད་བྱེད་དགོས་པ་མ་ཟད། ཐག་གཅོད་བྱས་འབྲས་བརྡ་ལན་ཡང་སྤྲོད་དགོས།

དོན་ཚན་བཅུ་བདུན་པ། དྲ་རྒྱའི་ཆ་འཕྲིན་ནང་དོན་གྱི་ཞབས་ཞུའི་ལས་སྟེགས་ཀྱིས་དྲ་རྒྱའི་ཆ་འཕྲིན་ནང་དོན་གྱི་ཁོར་ཡུག་བཅོས་སྐྱོང་ལས་དོན་གྱི་ལོ་འཁོར་གྱི་སྙན་ཞུ་འབྲི་བཟོ་བྱེད་དགོས། ལོ་འཁོར་གྱི་སྙན་ཞུའི་ནང་དྲ་རྒྱའི་ཆ་འཕྲིན་ནང་དོན་གྱི་ཁོར་ཡུག་བཅོས་སྐྱོང་ལས་དོན་སྤེལ་ཚུལ་དང་། དྲ་རྒྱའི་ཆ་འཕྲིན་ནང་དོན་གྱི་ཁོར་ཡུག་བཅོས་སྐྱོང་འགན་འཁུར་བས་འགན་འཁྲི་སྒྲུབ་ཚུལ། སྤྱི་ཚོགས་ཀྱིས་གདེང་འཇོག་བྱས་ཚུལ་སོགས་ཀྱི་ནང་དོན་ཚུད་དགོས།

ས་བཅད་བཞི་པ། དྲ་རྒྱའི་ཆ་འཕྲིན་ནང་དོན་གྱི་ཞབས་ཞུ་སྤྱོད་མཁན།

དོན་ཚན་བཅོ་བརྒྱད་པ།དྲ་རྒྱའི་ཆ་འཕྲིན་ཞབས་ཞུའི་ནང་དོན་གྱི་ཞབས་ཞུ་སྤྱོད་མཁན་གྱིས་ཤེས་དཔལ་སྐྱོན་བྲལ་ངང་དྲ་རྒྱ་སྤྱོད་དགོས། བཅའ་ཁྲིམས་ཁྲིམས་སྲོལ་གྱི་བླང་བྱ་དང་སྤྱོད་མཁན་གྱི་གྲོས་མཐུན་ཁ་ཆད་གཞིར་བཟུང་། དེ་མཚུངས་ཀྱི་འོས་འགན་ཏན་ཏིག་འཁུར་དགོས། རྩོམ་ཡིག་འགོད་པ་དང་། ལན་སྤྲོད་པ། འཕྲིན་ལན་འཇོག་པ་སོགས་ཀྱི་བྱེད་ཐབས་ཀྱི་ཐོག་ནས་དྲ་རྒྱའི་བྱེད་སྒོའི་ནང་ཞུགས་སྐབས། ཡ་རབས་དང་དཔྱོད་ཤེས་ཀྱི་རྣམ་འགྱུར་འཛིན་པ་ལས། གཏན་འབེབས་འདིའི་དོན་ཚན་དྲུག་པའི་ནང་གཏན་འབེབས་བྱས་པའི་ཆ་འཕྲིན་ཁྱབ་བསྒྲགས་བྱེད་མི་ཆོག་ལ། གཏན་འབེབས་འདིའི་དོན་ཚན་བདུན་པའི་ནང་གཏན་འབེབས་བྱས་པའི་ཆ་འཕྲིན་འགོག་ཟོན་དང་བཀག་འགོག་བྱེད་དགོས།

དོན་ཚན་བཅུ་དགུ་པ།དྲ་རྒྱའི་ཚོགས་པ་དང་གླེང་སྟེགས་འཁོར་རྒྱའི་པར་ངོས་འཛུགས་མཁན་དང་དོ་དམ་བྱེད་མཁན་གྱིས་ཚོགས་པ་དང་པར་ངོས་ལ་དོ་དམ་བྱེད་པའི་འགན་འཁྲི་འཁུར་དགོས་ལ། བཅའ་ཁྲིམས་ཁྲིམས་སྲོལ་དང་། སྤྱོད་མཁན་གྱི་གྲོས་མཐུན། ལས་སྟེགས་སྤྱི་ཆིངས་སོགས་གཞིར་བཟུང་ཚོགས་པ་དང་པར་ངོས་ནང་གི་ཆ་འཕྲིན་ཁྱབ་བསྒྲགས་སོགས་ཀྱི་བྱ་སྤྱོད་ཚད་ལྡན་དུ་གཏོང་དགོས།

དོན་ཚན་ཉི་ཤུ་པ། དྲ་རྒྱའི་ཆ་འཕྲིན་ནང་དོན་གྱི་ཞབས་ཞུ་སྤྱོད་མཁན་ལ་དྲ་རྒྱའི་ཆ་འཕྲིན་ནང་དོན་གྱི་ཁོར་ཡུག་བཅོས་སྐྱོང་ནང་ཧུར་ཐག་ཞུགས་པ་དང་ཞུ་གཏུགས་དང་ཐེར་འདོན་སོགས་ཀྱི་བྱེད་ཐབས་སྤྱད་དེ་དྲ་རྒྱའི་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ལ་ལྟ་འདོམས་བྱས་ནས་དྲ་རྒྱའི་ཁོར་ཡུག་ཡག་པོར་ཐུན་མོང་ཐོག་སྲུང་སྐྱོང་བྱ་རྒྱུའི་ལྕག་སྐུལ་བྱེད་དགོས།

དོན་ཚན་ཉེར་གཅིག་པ། དྲ་རྒྱའི་ཆ་འཕྲིན་ནང་དོན་གྱི་ཞབས་ཞུ་སྤྱོད་མཁན་དང་། དྲ་རྒྱའི་ཆ་འཕྲིན་ནང་དོན་སྒྲིག་བཟོ་བྱེད་མཁན། དྲ་རྒྱའི་ཆ་འཕྲིན་ནང་དོན་གྱི་ཞབས་ཞུའི་ལས་སྟེགས་བཅས་ཀྱིས་དྲ་རྒྱ་དང་འབྲེལ་ཡོད་ཆ་འཕྲིན་ལག་རྩལ་སྤྱད་དེ་དམའ་འབེབས་གཏོང་བ་དང་། སྐུར་འདེབས་བྱེད་པ། འཇིགས་སྐུལ་བྱེད་པ། དཀྲོག་གཏམ་བཟོ་བ། དེ་བཞིན་གཞན་གྱི་གསང་བར་བཙན་གནོད་བྱེད་པ་སོགས་ཀྱི་ཁྲིམས་འགལ་བྱེད་སྤྱོད་སྤེལ་ནས་གཞན་གྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་གཏོང་མི་ཆོག

དོན་ཚན་ཉེར་གཉིས་པ།དྲ་རྒྱའི་ཆ་འཕྲིན་ནང་དོན་གྱི་ཞབས་ཞུ་སྤྱོད་མཁན་དང་། དྲ་རྒྱའི་ཆ་འཕྲིན་ནང་དོན་སྒྲིག་བཟོ་བྱེད་མཁན། དྲ་རྒྱའི་ཆ་འཕྲིན་ནང་དོན་གྱི་ཞབས་ཞུའི་ལས་སྟེགས་བཅས་ཀྱིས་ཆ་འཕྲིན་ཁྱབ་བསྒྲགས་བྱེད་པ་དང་། ཆ་འཕྲིན་བསུབ་པ། དེ་བཞིན་ཆ་འཕྲིན་ལ་ཐེ་ཇུས་བྱེད་པའི་བྱེད་ཐབས་གཞན་དག་བཅས་ལ་བརྟེན་ནས་གཞན་གྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་གཏོང་མི་ཆོག་ལ། ཁྲིམས་དང་མི་མཐུན་པའི་ཁེ་བཟང་ཡང་ལེན་མི་ཆོག

དོན་ཚན་ཉེར་གསུམ་པ། དྲ་རྒྱའི་ཆ་འཕྲིན་ནང་དོན་གྱི་ཞབས་ཞུ་སྤྱོད་མཁན་དང་། དྲ་རྒྱའི་ཆ་འཕྲིན་ནང་དོན་སྒྲིག་བཟོ་བྱེད་མཁན། དྲ་རྒྱའི་ཆ་འཕྲིན་ནང་དོན་གྱི་ཞབས་ཞུའི་ལས་སྟེགས་བཅས་ཀྱིས་སློབ་སྦྱོང་གཏིང་ཟབ་དང་དོན་དངོས་རྟོག་བཟོ་སོགས་ཀྱི་ལག་རྩལ་གསར་པ་དང་བཀོལ་སྤྱོད་གསར་པ་སྤྱད་ནས་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ནང་གཏན་འགོག་བྱས་པའི་བྱེད་སྒོ་སྤེལ་མི་ཆོག

དོན་ཚན་ཉེར་བཞི་པ།དྲ་རྒྱའི་ཆ་འཕྲིན་ནང་དོན་གྱི་ཞབས་ཞུ་སྤྱོད་མཁན་དང་། དྲ་རྒྱའི་ཆ་འཕྲིན་ནང་དོན་སྒྲིག་བཟོ་བྱེད་མཁན། དྲ་རྒྱའི་ཆ་འཕྲིན་ནང་དོན་གྱི་ཞབས་ཞུའི་ལས་སྟེགས་བཅས་ཀྱིས་མི་ཐབས་རྣམ་པའམ་ཡང་ན་ལག་རྩལ་གྱི་བྱེད་ཐབས་ཐོག་ནས་རྒྱུགས་འབོར་རྫུན་བཟོ་བྱེད་པ་དང་། རྒྱུགས་འབོར་འཕྲོག་ལེན་བྱེད་པ། དེ་བཞིན་ཐོ་འགོད་རྩིས་ཐོ་རྫུན་བཟོ་བྱེད་པ་དང་། ཁྲིམས་འགལ་ངང་རྩིས་ཐོ་ཚོང་བ། སྤྱོད་མཁན་གྱི་རྩིས་ཐོ་བཀོལ་སྤྱོད་བྱེད་པ་སོགས་ཀྱི་བྱེད་སྤྱོད་སྤེལ་ནས་དྲ་རྒྱའི་ཁོར་ཡུག་སྒྲིག་ལམ་ལ་གཏོར་བཤིག་གཏོང་མི་ཆོག

དོན་ཚན་ཉེར་ལྔ་པ།དྲ་རྒྱའི་ཆ་འཕྲིན་ནང་དོན་གྱི་ཞབས་ཞུ་སྤྱོད་མཁན་དང་། དྲ་རྒྱའི་ཆ་འཕྲིན་ནང་དོན་སྒྲིག་བཟོ་བྱེད་མཁན། དྲ་རྒྱའི་ཆ་འཕྲིན་ནང་དོན་གྱི་ཞབས་ཞུའི་ལས་སྟེགས་བཅས་ཀྱིས་ཏང་དར་དང་། ཏང་རྟགས། རྒྱལ་དར། རྒྱལ་རྟགས། རྒྱལ་གླུ་སོགས་ཏང་དང་རྒྱལ་ཁབ་ཀྱི་གཟུགས་བརྙན་མཚོན་པའི་མཚོན་རྟགས་དང་ནང་དོན་སྤྱོད་པའམ་ཡང་ན་རྒྱལ་ཁབ་ཀྱི་བྱེད་སྒོ་གལ་ཆེན་དང་། དྲན་གསོའི་ཉིན་མོ་གལ་ཆེན། རྒྱལ་ཁབ་ལས་ཁུངས་དང་ལས་དོན་མི་སྣའི་མིང་སོགས་སྤྱད་ནས་དྲ་རྒྱའི་ཚོང་ལས་གཉེར་སྐྱོང་བྱེད་སྒོ་ཁྲིམས་འགལ་དང་སྒྲིག་འགལ་ངང་སྤེལ་མི་ཆོག

編輯:小林

審編:美朵群宗 鄧雨露

來源:網信西藏

藏語播報丨《網絡信息內容生態治理規定》(二)


分享到:


相關文章: