全面禁止非法野生動物交易!這份草案提請審議

<strong>རི་སྐྱེས་སྲོག་ཆགས་ཉོ་ཚོང་བྱེད་པའི་ཁྲིམས་འགལ་བྱ་སྤྱོད་ཕྱོགས་ཡོངས་ནས་གཏན་འགོག་བྱ་རྒྱུ། འཆར་ཟིན་འདི་གྲོས་ཞིབ་གནང་རྒྱུར་འབུལ་རྒྱུ་།

全面禁止非法野生動物交易!這份草案提請審議


<strong>རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་དྲུག་པས་ཚེས་༢༤ཉིན་གྱི་སྔ་དྲོ་པེ་ཅིང་དུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་འཚོགས་པ་རེད། ཁྲིམས་འགལ་གྱིས་རི་སྐྱེས་སྲོག་ཆགས་ཉོ་ཚོང་བྱ་རྒྱུ་གཏན་འགོག་དང་། རི་སྐྱེས་སྲོག་ཆགས་ཀྱི་ཤ་བཟའ་བའི་གོམས་གཤིས་ངན་པ་མེད་པ་བཟོས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་དང་བདེ་འཇགས་འགན་ལེན་ཏན་ཏིག་བཅས་བྱ་རྒྱུའི་སྐོར་གྱི་གཏན་འབེབས་འཆར་ཟིན་གྲོས་ཞིབ་བྱ་རྒྱུར་ཕུལ་བ་རེད།

十三屆全國人大常委會第十六次會議24日上午在京舉行第一次全體會議。關於全面禁止非法野生動物交易、革除濫食野生動物陋習、切實保障人民群眾生命健康安全的決定草案提請審議。

<strong>ཆོད་དོན་འཆར་ཟིན་ལ་ཁྱོན་བསྡོམས་དོན་ཚན་༨ཡོད། འཆར་ཟིན་ནང་རི་སྐྱེས་སྲོག་ཆགས་གང་བྱུང་དུ་ཟ་བའི་མངོན་གསལ་དོད་པའི་གནད་དོན་ལྟེ་བར་བཟུང་ཡོད་ཅིང་། དེའི་དམིགས་ཡུལ་ནི་འབྲེལ་ཡོད་བཅའ་ཁྲིམས་བཟོ་བཅོས་མ་བརྒྱབ་གོང་རི་སྐྱེས་སྲོག་ཆགས་བཟའ་བའི་གནད་དོན་ཕྱོགས་ཡོངས་ནས་གཏན་འགོག་བྱེད་པ་དང་། ཁྲིམས་འགལ་གྱིས་རི་སྐྱེས་སྲོག་ཆགས་ཉོ་ཚོང་བྱེད་པར་རྡུང་རྡེག་ཚ་ནན་བཏང་ནས་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་དང་སྣོད་བཅུད་བདེ་འཇགས་སྲུང་སྐྱོབ་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་དང་བདེ་འཇགས་འགན་ལེན་བྱ་ཆེད་ཁྲིམས་འཛུགས་ཀྱི་འགན་ལེན་ནུས་ལྡན་ཐུབ་པ་བྱ་རྒྱུ་དེ་རེད།

決定草案共8條。草案聚焦濫食野生動物的突出問題,目的就是要在相關法律修改之前,全面禁止食用野生動物,嚴厲打擊非法野生動物交易,為維護公共衛生安全和生態安全,保障人民群眾生命健康安全提供有力的立法保障。



分享到:


相關文章: