拉薩連續十二天零疫情

<strong>ལྷ་སའི་ཏོག་དབྱིབས་ནད་དུག་གི་གནས་ཚུལ།

2020年2月23日拉薩市新型冠狀病毒肺炎疫情情況



<strong>སྤྱི་ལོ་༢༠༢༠ལོའི་ཟླ་༢ཚེས་༢༣ཉིན་གྱི་ཆུ་ཚོད་༢༤བར། ལྷ་ས་གྲོང་ཁྱེར་ལ་ཏོག་གསར་གློ་ཚད་ཕོག་མཁན་མེད་པ་དང་། དོས་དྲག་པའི་ནད་པ་མེད། ཚེ་སྲོག་ཤོར་བའི་ནད་པ་མེད། དོགས་ཡོད་ནད་དཔེ་མེད། དྲག་སྐྱེད་བྱུང་ནས་ཁྱིམ་དུ་ལོག་པ་གཅིག་ཡོད། ད་བར་ཁྱོན་བསྡོམས་ཏོག་གསར་གློ་ཚད་ཕོག་མཁན་གཅིག་རང་ལས་བྱུང་མེད། ཉིན་༢༥བསྟུད་མར་ནད་པ་གསར་པ་དང་དོགས་ཡོད་ནད་དཔེ་ཐོན་མེད།

截止2月23日24時,我市現有新冠肺炎確診病例0例,重症病例0例,死亡病例0例,疑似病例0例,治癒出院病例1例,累計確診新冠肺炎病例1例。連續25天無新增確診或疑似病例。


<strong>ལྷ་ས་གྲོང་ཁྱེར་འཕྲོད་བསྟེན་དང་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཤ་ཚའི་དྲན་སྐུལ། བོད་ཀྱི་ལོ་གསར་རིང་ཁྱིམ་དུ་སྡོད་སྐབས་འགོག་སྲུང་བྱེད་ཐབས་ཀྱི་གནད་འགག

拉薩市衛生健康委員會溫馨提示:藏曆新年期間居家防護要點


<strong>༡.མི་མང་པོ་འདུ་འཛོམས་བྱེད་སར་འགྲོ་ཉུང་དུ་གཏོང་དགོས་ལ། ལྷག་པར་དུ་མཁའ་རླུང་འཁོར་རྒྱུག་ཞན་པའི་ས་ཆ་སྟེ་ཚོང་ར་དང་རླངས་འཁོར་འབབ་ཚུགས། གནམ་གྲུ་འབབ་ཐང་། ཞིང་ཟོག་ཁྲོམ་ར་སོགས་ལ་དེ་བས་འགྲོ་མི་ཉན།

1.減少到人員密集的公共場所活動,尤其是空氣流動性差的地方,例如商場、車站、機場、農貿市場等。


<strong>༢.ཁང་པའི་ནང་ལ་གཙང་སྦྲ་ཡག་པོ་བྱེད་པ་དང་། སྒེའུ་ཁུང་ཕྱེ་ནས་མཁའ་རླུང་གསར་བརྗེ་ཐུབ་པ་དགོས།

2.居室保持清潔,勤開窗,經常通風。


<strong>༣.ལག་པར་གཙང་སྦྲ་ཡག་པོ་བྱེད་དགོས་ཏེ། སྤྱི་པའི་ཁུལ་གྱི་སྤྱི་རྫས་ལ་རེག་ཐུག་ཉུང་དུ་གཏོང་བ་དང་སྤྱི་པའི་ཁུལ་ནས་ཁྱིམ་དུ་ལོག་རྗེས་གློ་རྒྱག་སྐབས་ལག་པས་ཁ་སྣ་འགེབ་དགོས་པ་དང་། བཟའ་འཐུང་གི་སྔ་རྗེས་གཉིས་ལ་རྒྱུག་ཆུ་སྤྱད་དེ་ཡི་ཙེ་བརྒྱབ་ནས་ལག་པ་འཁྲུ་དགོས་པའམ། ཡང་ན་ཨ་རག་ཉིང་ཁུ་འདྲེས་པའི་སྟབས་བདེའེ་ལག་པ་འཁྲུས་རྫས་ཀྱིས་ལག་པ་འཁྲུ་དགོས། ལག་པ་གཙང་བཙོག་ངེས་མེད་སྐབས་སུ་ཁ་སྣ་མིག་གསུམ་ལ་རེག་མི་ཆོག་ཅིང་། ཧབ་ཆི་དང་གློ་རྒྱག་སྐབས་ལག་ངར་མཚམས་ཀྱི་ཕུ་ཐུང་གིས་ཁ་སྣ་འགེབ་དགོས།

3.隨時保持手衛生。減少接觸公共場所的公共物品和部位;從公共場所返回、咳嗽用手捂之後、飯前便後,用洗手液或香皂流水洗手,或者使用含酒精成分的免洗洗手液;不確定手是否清潔時,避免用手接觸口鼻眼;打噴嚏或咳嗽時用手肘衣服遮住口鼻。


<strong>༤.ཕྱི་རོལ་དུ་འགྲོ་སྐབས་ངེས་པར་དུ་ཁ་རས་རྒྱག་དགོས། སྤྱི་པའི་བྱེད་སྒོ་ཁུལ་དང་སྨན་པ་བསྟེན་པར་འགྲོ་བ། སྤྱི་སྤྱོད་རླངས་འཁོར་སོགས་ལ་སྡོད་སྐབས་སྨན་པའི་ཕྱི་བཅོས་ཁ་རས་སམ་ N95ཡི་ཁ་རས་རྒྱག་དགོས།

4.外出務必佩戴口罩。外出前往公共場所、就醫和乘坐公共交通工具時,應佩戴醫用外科口罩或N95口罩。


<strong>༥.འཕྲོད་བསྟེན་དང་བདེ་ཐང་གི་གོམས་གཤིས་ཡག་པོ་འཇགས་དགོས་ཏེ། ནང་མིའི་དབར་ཕྱིས་རས་མཉམ་དུ་སྤྱོད་མི་རུང་ལ། ཁྱིམ་ཆས་དང་ལྟོ་སྣོད་གཙང་མ་དགོས་པ་དང་གོས་ཉི་སྐམ་ཡང་ཡང་གཏོང་དགོས། ཁ་ལུད་གང་བྱུང་དུ་མ་དབྱུག་པར་གཙང་ཤོག་གིས་སྒྲིལ་ནས་ཁེབས་གཅོད་ཡོད་པའི་སྙིགས་ཟོམ་ལ་བླུགས་དགོས། ཟ་མའི་འཚོ་བཅུད་ལ་ཡིད་གཟབ་དང་སྒུལ་སྐྱོད་མང་ཙམ་བྱེད་དགོས།

5.保持良好的衛生和健康習慣。家庭成員不共用毛巾,保持家居、餐具清潔,勤曬衣被。不隨地吐痰,口鼻分泌物用紙巾包好,棄置於有蓋垃圾箱內。注意營養,勤運動。


<strong>༦.རང་ཉིད་དང་ནང་མིའི་བདེ་ཐང་ཐད་རང་སྒུལ་གྱིས་བརྟག་དཔྱད་བྱེད་དགོས་ཏེ། གལ་སྲིད་ཚ་དྲོད་རྒྱས་པའི་ཚོར་སྣང་བྱུང་ན་ལམ་སེང་བརྟག་དཔྱད་བྱེད་དགོས། ཁྱིམ་དུ་ཕྲུ་གུ་ཆུང་ཆུང་ཡོད་ཚེ་སྔ་དགོང་གཉིས་སུ་ཐོད་པར་ལག་པ་འཆང་ནས་ཚ་དྲོད་ལ་དོ་སྣང་བྱེད་དགོས་ཤིང་། གལ་སྲིད་ཚ་བ་རྒྱས་པའི་སྣང་ཚུལ་ཡོད་ན་ལམ་སེང་ཚ་དྲོད་བརྟག་དཔྱད་ཞིབ་ཕྲ་བྱེད་དགོས།

6.主動做好個人及家庭成員的健康監測。自覺發熱時要主動測量體溫。家中有小孩的,要早晚摸小孩的額頭,如有發熱要及時為其測量體溫。


<strong>ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་ལོ་གསར་ཀྱི་འཚམས་འདྲི་དང་བཀྲ་ཤིས་སྨོན་འདུན་ཞུ་རྒྱུ་ཡིན། བཀྲ་ཤིས་བདེ་ལེགས།

向全區各族群眾致以節日的問候和美好的祝願,扎西德勒!



分享到:


相關文章: