返拉人員注意!不如實填報健康信息,情節嚴重的將追究刑責!

返拉人員注意!不如實填報健康信息,情節嚴重的將追究刑責!

བདེ་འཇགས་དང་གོ་རིམ་ལྡན་པའི་ངང་ནས་མི་སྣ་སྒྲིག་འཛུགས་ཀྱིས་ལས་ཀ་དང་ཐོན་སྐྱེད་སླར་གསོ་དང་། བདེ་ཐང་ཆ་འཕྲིན་གནས་ཚུལ་ཇི་མ་ཇི་བཞིན་སྙན་སེང་ཞུ་རྒྱུའི་སྐོར་གྱི་སྤྱི་བསྒྲགས།

ལས་ཀ་དང་ཐོན་སྐྱེད་སླར་གསོ་བྱེད་པར་བདེ་འཇགས་ངང་སྐུལ་སྤེལ་དང་།   ནད་ཡམས་ཀྱི་ཉམས་ཉེན་དེ་ཆུང་ཤོས་སུ་གཏོང་ཆེད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགོ་ནད་འགོག་བཅོས་བཅའ་ཁྲིམས་དང་སྤྱི་པའི་འཕྲོད་བསྟེན་གྱི་ཐོལ་བྱུང་དོན་རྐྱེན་གྱི་འཕྲལ་བསྟུན་སྲོལ་ཡིག་སོགས་ཁྲིམས་ལུགས་ཁྲིམས་སྲོལ་གཞིར་བཟུང་།  གཏན་འཁེལ་བྱུང་བའི་ནད་པ་དང་།  དོགས་གཞི་ཡོད་པའི་ནད་པ།  ཚ་བ་རྒྱས་མཁན།  གཏན་འཁེལ་བྱུང་བའི་ནད་པ་དང་འབྲེལ་འདྲིས་དམ་ཟབ་བྱེད་མྱོང་མཁན་བཅས་མི་སྣ་རིགས་བཞི་གནས་སྐབས་ལྷ་སར་མ་ཡོང་རོགས།  རྫོང་(ཆུད)ཁག་དང་།  ཚན་པ་ཁག  ལས་མི་བཀོལ་མཁན་ཚན་པ་བཅས་ཀྱིས་རྫོང་(ཆུད) སོ་སོ་དང་ཚན་པ་སོ་སོར་རྒྱལ་ཁབ(རྒྱལ་མཚམས)ཕྱི་དང་རྒྱ་ནག་ཏུ་ཡོད་མཁན་གྱི་གནས་ཚུལ་ཞིབ་བཤེར་ནན་པོ་བྱས་ནས་འབྲེལ་ཡོད་མི་སྣའི་བདེ་ཐང་གནས་ཚུལ་ཞིབ་ཅིང་ཕྲ་བ་ཁོང་དུ་ཆུད་དགོས་པ་མ་ཟད།  འབྲེལ་ཡོད་གནས་ཚུལ་ལྷ་ས་གྲོང་ཁྱེར་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་ཀྱི་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་ལ་དུས་ཐོག་ཏུ་སྙན་སེང་ཞུས་ཏེ།  བདེ་འཇགས་དང་གོ་རིམ་ལྡན་པའི་ངང་ནས་མི་སྣ་སྒྲིག་འཛུགས་ཀྱིས་ལས་ཀ་དང་ཐོན་སྐྱེད་སླར་གསོ་ཐུབ་པ་བྱེད་དགོས།  འབྲེལ་ཡོད་མི་སྣས་ཉེན་ཁ་རྩ་བ་ནས་མེད་པར་ལྷ་སར་ཡོང་རོགས།  ད་ལྟ་རྒྱལ་ཁབ(རྒྱལ་མཚམས)ཕྱི་ལ་ཡོད་མཁན་གྱིས་རང་སྲུང་ཡག་པོ་བྱས་ནས་གནས་སྐབས་ལྷ་སར་ལོག་མ་ཡོང་རོགས།  དེ་འདྲ་བྱས་ན་འགྲུལ་བཞུད་བྱེད་རིང་ནད་དུག་འགོ་བའི་ཉེན་ཁ་སེལ་ཐུབ།  རྒྱལ་ཁབ(རྒྱལ་མཚམས)ཕྱི་ནས་ལྷ་སར་ཡོང་རྩིས་བྱེད་མཁན་དང་ལྗོངས་ཕྱི་ནས་ལྷ་སར་ཡོང་རྩིས་བྱེད་མཁན་ཚང་མས་ལྷ་སའི་བདེ་ཐང་རྩ་གཉིས་རྟགས་རིས་བཤར་ནས་མི་སྒེར་གྱི་ཆ་འཕྲིན་ཇི་མ་ཇི་བཞིན་སྙན་སེང་ཞུ་དགོས།   ལྷག་པར་དུ་ཉེ་དུས་ཉིན་14ནང་ས་ཆ་གང་དུ་བསྐྱོད་ཡོད་མེད་དང་རང་གི་བདེ་ཐང་གནས་ཚུལ་ཟུར་མཆན་བཀོད་ནས་སྙན་སེང་ཞུ་ཆོག   གལ་ཏེ་རང་གི་ཆ་འཕྲིན་སྦས་སྐུང་བྱས་པ་དང་སྙན་སེང་རྫུན་མ་ཞུས་ཚེ།   ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས་སོགས་འབྲེལ་ཡོད་ཁྲིམས་ལུགས་ཁྲིམས་སྲོལ་གཞིར་བཟུང་སྲིད་འཛིན་ཆད་པ་གཅོད་རྒྱུ།   གནས་ཚུལ་ཚབས་ཆེ་བའི་རྐྱེན་གྱིས་ཉེས་པ་བསགས་ཡོད་ན།   ཉེན་ཁའི་ཐབས་ལ་བརྟེན་ནས་སྤྱི་པའི་བདེ་འཇགས་ལ་གནོད་འཚེ་བཏང་བའི་ནག་ཉེས་དང་འགོ་ནད་འགོག་བཅོས་བྱེད་པར་གནོད་རྐྱེན་བཟོས་པའི་ནག་ཉེས་སོགས་ཀྱི་ཐོག་ནས་ཁྲིམས་ལྟར་ཉེས་དོན་འགན་འཁྲི་རྩད་གཅོད་བྱ་རྒྱུ།

  ལྷ་ས་གྲོང་ཁྱེར་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་ཀྱི་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གིས།  

  སྤྱི་ལོ་2020ལོའི་ཟླ་4ཚེས་4ཉིན། 

關於安全有序組織人員返崗復工復產如實申報健康信息情況的公告

為安全有序推進復工復產,努力把潛在風險控制在最低限度,依據《中華人民共和國傳染病防治法》《突發公共衛生事件應急管理條例》等法律法規,請確診病例、疑似病例、發熱患者、確診病例密切接觸者“四類人員”暫緩來拉,請各縣(區)、各部門、用工單位認真摸排本縣(區)、本部門、本單位在國(境)外和內地人員情況,細緻掌握相關人員健康狀況,有關情況及時向拉薩市應對疫情工作領導小組辦公室報告,確保安全有序組織人員返崗復工復產。請相關人員確保絕對安全情況下進藏來拉,現仍居住在國(境)外的請做好自我防護、暫不返回,避免旅途感染風險。請所有已從國(境)外入境計劃來拉人員、區外擬來拉人員提前掃描拉薩二維碼如實申報個人信息、特別是近14日個人旅居史,個人健康情況可備註填報,如有瞞報、謊報個人信息的,將依照《中華人民共和國治安管理處罰法》等相關法律規定,予以行政處罰;情節嚴重、構成犯罪的,依法以“危險方法危害公共安全罪”“妨害傳染病防治罪”等追究刑事責任。

拉薩市應對新冠肺炎疫情工作領導小組辦公室

2020年4月4日


分享到:


相關文章: