02.02 【藏漢雙語】果洛州藏傳佛教界集體發聲

n近期以來,疫情時刻牽動全國上下每一位同胞的心。果洛州藏傳佛教界廣大僧眾一直高度關注新冠肺炎疫情發展,第一時間響應黨委政府號召,暫停寺院對外開放,停止一切集體性佛事活動,並及時採取防護措施。僧眾各自在佛前虔誠誦經,為疫情地區民眾誦經迴向,祈願災疫消除,國泰民安;祝願同胞早日脫離疫難之苦。州佛教協會會長等代表人士通過各種形式,正面引導信教群眾支持黨委政府號召,以實際行動抗擊疫情,共同築牢安全防疫牆。

【藏漢雙語】果洛州藏傳佛教界集體發聲


【藏漢雙語】果洛州藏傳佛教界集體發聲


州政協副主席、州佛教協會會長、甘德縣噶智格寺活佛尕智﹒葉西尼瑪:

近期,以湖北省武漢市為主,全國許多地區包括西寧市也相繼發生了新型冠狀病毒感染的肺炎疫情,疫情形式嚴峻,防控任務艱鉅。疫情發生後,黨中央高度重視,習近平總書記做出重要指示,李克強總理親赴疫區考察。省、州委認真貫徹中央指示精神,專題研究部署疫情防控工作,省政府也依法啟動了重大突發公共衛生事件一級響應,果洛州第一時間召開了新型冠狀病毒感染肺炎疫情防控處置工作指揮部專題會議,武玉嶂書記對全州防疫防控工作提出了嚴格要求。我堅信,在黨中央的堅強領導下,在果洛州委州政府的精心部署下,全州上下團結一心,共克時艱,各族人民齊心協力,認真做好各項防控工作,就一定有能力,有信心,打贏這場疫情防控阻擊戰。我本人將堅決貫徹落實州委州政府決策部署,自覺帶頭服從當前疫情防控工作安排,積極配合州委統戰部,也希望全州各寺院儘快暫停寺院開放,停止一切宗教活動,堅決保障人民群眾生命安全和身體健康,堅決維護社會大局和諧穩定。希望全州各地佛教協會和各寺院民管會,積極響應各級政府的決策部署,嚴格遵守防控工作各項要求,暫停寺院和活動場所開放,停止各種宗教活動,所有僧尼和信教群眾不準在微信、微博等網絡媒體上發佈不實信息,不得隨意轉發任何一條未經官方證實的關於疫情的內容,做到不造謠,不信謠,不傳謠,積極參與本地防控防疫工作,共同維護社會大穩定。

ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ། དགའ་བདེ་རྫོང་མགར་བྲག་དཀར་དགོན་པའི་སྤྲུལ་སྐུ་མགར་སྤྲུལ་ཡེ་ཤེས་ཉི་མས་གསུང་རྒྱུར། ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་གཙོ་བྱས་པའི་ས་གནས་སོ་སོ་དང་རང་ཞིང་གི་ཟི་ལིང་ས་ཁུལ་དུ་གཅིག་རྗེས་གཉིས་མཐུད་དུ་གསར་བྱུང་ཏོག་དབྱིབས་ནད་དུག་གི་གློ་ཚད་རིམས་ནད་བྱུང་བས་རིམས་ནད་བྱུང་ཚུལ་ཛ་དྲག་ཆེ་རུ་གྱུར།རིམས་ནད་བྱུང་རྗེས་སུ།ཏང་ཀྲུང་དབྱང་གིས་ཚད་མཐོའི་མཐོང་ཆེན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱིས་མཛུབ་སྟོན་གལ་ཆེན་གནང་ཞིང་།ཙུང་ལི་ལིས་ཁི་ཆིང་སྐུ་དངོས་སུ་རིམས་ནད་ཕོག་པའི་ས་ཁུལ་དུ་ཕེབས།ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་།ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཀྲུང་དབྱང་གི་མཛུབ་སྟོན་དགོངས་དོན་ལག་བསྟར་ནན་ཏན་བྱས།རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱ་བར་ཆེད་དོན་ཞིབ་འཇུག་དང་བཀོད་སྒྲིག་བྱས།གློ་བུར་དུ་བྱུང་བའི་སྤྱི་པའི་འཕྲོད་བསྟེན་གྱི་དོན་རྐྱེན་ཚབས་ཆེན་རིམ་པ་དང་པོས་ཁྲིམས་མཐུན་ལྟར་བྱེད་མགོ་བརྩམས།མགོ་ལོག་ཁུལ་ཨུ་ཡིས་དུས་ཐོག་ཏུ་གསར་དུ་བྱུང་བའི་ཏོག་དབྱིབས་ནད་དུག་གི་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཐག་གཅོད་ལས་དོན་བཀོད་འདོམས་པའི་ཆེད་དོན་ཚོགས་འདུ་འཚོགས་པ།ཁུལ་ཨུ་ཧྲུའུ་ཅི་ཝུའུ་ཡུས་ཀྲང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་བླང་བྱ་ནན་མོ་བཏོན།ཏང་ཀྲུང་དབྱང་གི་འགྱུར་མེད་སྙིང་སྟོབས་ཀྱི་མགོ་ཁྲིད་འོག་དང་།མགོ་ལོག་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཞིབ་ཚགས་ལྡན་པའི་བཀོད་སྒྲིག་འོགཁུལ་ཡོངས་ཀྱི་གོང་འོག་ཚང་མས་རྡོག་རྩ་གཅིག་སྒྲིལ་གྱིས་དུས་ངལ་མཉམ་སེལ་དང་།རིམས་ནད་མཆེད་ཁོངས་ མཐའ་གཅིག་ཏུ་བཀག་འགོག་བྱས་ནས་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སེམས་ནུས་གཅིག་སྒྲིལ་གྱིས་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཁག་ནན་ཏན་ངང་ཡག་པོ་བསྒྲུབས་ཚེ།རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་དམག་འཐབ་ལ་རྒྱལ་ཁ་ཐོབ་པར་ཐུབ་པར་ང་ལ་ཡིད་ཆེས་བརྟན་པོ་ཡོད། ང་རང་ཉིད་ལ་མཚོན་ནའང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། རང་རྟོགས་ཀྱི་སྒོས་སྣེ་ཁྲིད་དེ་མིག་སྔའི་རིམས་ནད་བྱུང་ཚུལ་སྔོན་འགོག་ཚོད་འཛིན་བྱེད་པའི་བྱ་བའི་བཀོད་སྒྲིག་ལ་བརྩི་སྲུང་བྱེད་རྒྱུ་དང་།མགོ་ལོག་ཁུལ་ཨུའི་འཐབ་ཕྱོགས་གཅིག་སྒྲིལ་པུའུ་ལ་གཞོགས་འདེགས་ཧུར་ཐག་བྱས་ནས།གང་མགྱོགས་སྒོས་དགོན་པའི་ཆོས་ལུགས་བྱེད་སྒོ་མཚམས་བཞག་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ལ་འགན་སྲུང་མཐའ་གཅིག་ཏུ་བྱེད་དགོས་པ་མ་ཟད།སྤྱི་ཚོགས་ཁྱོན་ཡོངས་འཆམ་མཐུན་བརྟན་ལྷིང་ཡོང་བར་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས།མགོ་ལོག་ཁུལ་ཡོངས་ཀྱི་ས་གནས་སོ་སོའི་ནང་བསྟན་མཐུན་ཚོགས་དང་དགོན་པའི་དམངས་དམ་ཁང་སོ་སོས་ཧུར་ཐག་གིས་རིམ་པ་ཁག་གི་ཐབས་ཇུས་དང་བཀོད་སྒྲིག་དང་ལེན་བྱེད་དགོས་ལ།སྔོན་འགོག་དང་ཚོད་འཛིན་བྱ་བའི་བླང་བྱ་ནང་ལྟར་བརྩི་སྲུང་ནན་མོ་བྱེད་པ་དང་།དགོན་སྡེ་དང་ཆོས་ལུགས་བྱེད་སྒོ་སྣ་ཚོགས་གནས་སྐབས་སུ་མཚམས་འཇོག་བྱས་ནས་གྲྭ་བཙུན་དང་དད་ལྡན་མང་ཚོགས་ལ་འཕྲིན་ཕྲན་དང་པོད་འཕྲིན་སོགས་དྲ་རྒྱའི་སྨྱན་སྦྱོར་ལས་དྲང་བདེན་མིན་པའི་ཆ་འཕྲིན་ཁྱབ་བསྒྲགས་མི་བྱེད་པ་དང་།གཞུང་ཕྱོགས་ཀྱིས་ར་སྤྲོད་བྱས་མེད་པའི་གློ་ཚད་གསར་བའི་སྐོར་གྱི་ནང་དོན་གང་རུང་ལ་རང་དགར་བརྒྱུད་འགྲེམ་མི་བྱེད་པ།དཀྲོག་གཏམ་བཟོ་བ་དང་དཀྲོག་གཏམ་ལ་ཡིད་མི་ཆེས་པ།དཀྲོག་གཏམ་བརྒྱུད་བསྒྲགས་མི་བྱེད་པ།སྤྱི་ཚོགས་ཀྱི་སྤྱི་ཡོངས་བརྟན་རླིང་ལ་ཐུན་མོང་གིས་སྲུང་སྐྱོང་དང་འགན་ལེན་བྱེད་དགོས།

【藏漢雙語】果洛州藏傳佛教界集體發聲


1

【藏漢雙語】果洛州藏傳佛教界集體發聲


【藏漢雙語】果洛州藏傳佛教界集體發聲


州佛教協會副會長、甘德縣佛教協會會長、甘德縣龍恩寺活佛紅格多傑:

去年年底以來,在我國各地陸續發生了新型冠狀病毒感染肺炎,此次疫情傳播面廣泛,涉及人員多,給人民的生命安全和身體健康造成嚴重影響,也引起公眾對病情的恐慌。疫情發生後黨中央、國務院高度重視,習近平總書記多次做出重要指示,並親自主持政治局常委會研究佈置防控措施。李克強總理出任中央應對新型冠狀病毒感染肺炎疫情工作領導小組組長,親赴武漢指導工作。全國各部門各地區在中央統一部署下積極應對,各地醫護人員忘我地投入到抗擊疫情的戰鬥中,全國各族人民通過捐款捐物給予支持。作為出家僧眾,在本次抗擊新型冠狀病毒感染肺炎工作中能夠做些什麼呢?我認為主要有如下幾點:一是認真做好本職工作,作為出家僧眾好好修行就是自己的本職工作,守持清淨戒律,做好自己每日的聞思修行,不添亂就是最大的支持。二是做好防止疫情擴散工作,嚴格執行中央及省、州上的相關規定,嚴控人員聚集的相關活動。做好外來人員及本寺院疫區迴歸人員的登記和監控制度。三是積極配合州、縣、鄉各級衛生防疫部門工作。四是積極倡導、大力宣傳疾病的防控知識。出家僧眾尤其是高僧大德,應該利用在信眾中的影響力倡導衛生防護知識及良好的衛生習慣。比如在牧區普遍存在的亂扔垃圾和隨地大小便等現象。五是利用本寺院藏醫藥資源為疾病預防和救治做力所能及的工作。藏醫和藏藥有著悠久的歷史和傳承,在對某些傳染病預防和治療方面也有自己獨特的優勢,在可能的情況下,可結合本次疫情做一些力所能及的工作。對於廣大群眾來說,當務之急是不要產生過激的恐慌情緒,要相信我們的政府完全有能力能夠帶領大家戰勝暫時的困難,要相信我們的科學和醫療技術很快會研發出抗擊病毒的特效藥物。在這個過程中大家一定要聽從政府衛生部門的統一安排,積極做好防護工作,儘量不去人多的公眾場所,外出要戴好醫用防護口罩,回家後要勤洗手,多開窗通風,保持家裡空氣新鮮,如果出現發熱等感冒症狀要戴口罩等防護措施到政府指定的發熱門診及時就疹,同時家人也應該注意防護避免傳染。對於商人來說,合法經商賺取利潤無可厚非,但值此國難之時切不可唯利是圖,囤積貨物哄抬物價,賺取不義之財。那些在武漢市、湖北省和全國各地抗擊病毒一線的醫務工作者,很多人都是不計報酬義務的趕赴前線,有的人還給家裡寫了遺書,這是抱著必死也要戰勝病毒的信心。我們在後方難道還好意思為了蠅頭小利幹傷天害理的事嗎?哄抬物價不僅於情於理不容,而且也將會受到國家法律的制裁。需要提出的一點是,我們必須要遵守國家的相關法律法規。目前防控疫情的工作中,有的地方為了防止疫情傳入,未經公安部門批准採取了封路斷路等極端方式,公安部已經發文指出這是一種違法行為,所以我們一定要聽從政府的統一安排,有序開展防控疫情工作。總之,在黨中央和各級政府的堅強領導下,在廣大醫護人員和醫療機構的英勇奮戰下,在全國各族人民的大力支持下,我相信,我們一定能夠迅速遏制住疫情,並獲得最終的勝利!

ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། དགའ་བདེ་རྫོང་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ། དགའ་བདེ་རྫོང་ལུང་སྔོན་དགོན་པའི་སྤྲུལ་སྐུ་ཧཱུཾ་ཀར་རྡོ་རྗེས་གསུང་རྒྱུར། ནད་ཡམས་འདི་འགོ་ཁྱབ་བྱུང་རྗེས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆེས་ཆེར་གཙིགས་འཛིན་བྱས་པ་དང་།ཀྲུའུ་ཞི་ཞི་ཅིན་ཕིན་གྱིས་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་འཚོགས་འདུ་བསྡུས་ཤིང་གལ་ཆེའི་མཛུབ་སྟོན་གནང་།འགོ་བའི་ནད་ཡམས་ལ་བྱ་བའི་རུ་ཁག་བཙུགས་ཤིང་ཙུང་ལི་ལིས་ཁི་ཆང་རུ་གཙོ་རུ་བསྐོས་པ་དང་ཙུང་ལི་སྐུ་དངོས་ཝུའུ་ཧན་དུ་ཕྱིན་ནས་བྱ་བར་མཛུབ་སྟོན་ཟབ་མོ་གནང་། རྒྱལ་ཡོངས་ཀྱི་ས་གནས་སོ་སོ་དང་།མི་རིགས་སོ་སོ་བཅས་ཐམས་ཅད་གཅིག་གྱུར་གྱིས་ཀྲུང་དབྱང་གི་གཅིག་གྱུར་གྱི་བཀོད་འདོམས་འོག་ནད་ཡམས་གཡུལ་འཐབ་ཀྱི་ལས་དོན་འདི་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བཞིན་ཡོད་པ་རེད།

ང་ཚོ་ཆོས་ལུགས་མི་སྣ་དག་གིས་བྱ་བ་འདི་ལ་དགོས་པ་ཇི་ཙམ་སྐོང་ཐུབ་བམ།

གཅིག ངས་བསམ་ན་ཆོས་ལུགས་མི་སྣ་རྣམས་རང་གི་ལས་རིགས་གཙོ་གནད་བཟུང་ཞིང་ཉམས་ལེན་སྨོན་ལམ་རྒྱབ་རྒྱུ་ནི་གལ་འགངས་ཆེ་བ་ཞིག་སྟེ།ནང་བསྟན་ཆོས་ལུགས་ཀྱི་ནུས་པ་ནི་རང་བྱུང་ཆོས་ཉིད་ཀྱི་འཁྲུགས་པ་གསོ་བ་ལ་ཕན་ནུས་ངེས་ཅན་ཡོད་པ་དང་།རང་བྱུང་ཁམས་ཀྱི་ཕོག་ཐུག་ལ་བཟོད་བཤགས་འཁྲུགས་སྐོང་གི་རང་བཞིན་ཆ་ཚང་བ་ཞིག་ཡིན།

གཉིས། ཏང་ཀྲུང་དབྱང་དང་ཞིང་ཆེན།ཁུལ།རྫོང་བཅས་རིམ་པ་སོ་སོའི་སྒྲིག་ལམ་དང་འཆར་འགོད་ལྟར་ནད་ཡམས་རྒྱ་ཁྱབ་ཀྱི་སྔོན་འགོག་བྱ་བ་ནན་ཏན་གྱིས་བསྒྲུབ་རྒྱུ་སྟེ།མི་མང་འདུ་འཛོམས་ཀྱི་བྱ་འགུལ་དག་མཐའ་གཅིག་ཏུ་ཚོད་འཛིན་བྱེད་རྒྱུ་དང་།ཕྱི་ནས་ཡོང་བའི་མི་སྣ་ནང་འཛུལ་མི་ཆོག་པ་དང་།དགོན་སྡེའི་རང་རྟོགས་སྒོས་གྲྭ་བཙུན་རྒྱལ་ནང་ནས་ཕྱིར་ལོག་བྱེད་པ་རྣམས་ལ་གཟབ་ནན་གྱིས་ཐོ་འགོད་ལམ་ལུགས་དང་།ཨང་དང་པོ་ནི་ཟི་ལིང་གྲོང་ཁྱེར་དུ་བདུན་ཕྲག་གཉིས་ཙམ་ལ་འཕྲལ་སྡོད་བྱེད་ཅིང་ནད་རྟགས་ཡོད་མེད་ལ་ལྟ་བ་དང་། དེ་མིན་དུས་ཚོད་ངེས་ཅན་གྱི་བར་དུ་མི་དང་ཐུག་འབྲེལ་མི་བྱེད་པའི་བྱ་ཐབས་ལག་བསྟར་འདེབས་རྒྱུའི་སྒྲིག་ལམ་ཡོད་དགོས།

གསུམ། ངེས་པར་དུ་རིམ་པ་སོ་སོའི་སྒྲིག་ལམ་དང་འཆར་འགོད་ལ་མཉམ་འབྲེལ་ཕུན་སུམ་ཚོགས་པ་ཞིག་བྱེད་དགོས།

བཞི། གྲྭ་བཙུན་རྣམ་པ་དང་ཁྱད་པར་དུ་བླ་སྤྲུལ་རྣམ་པས་རང་གི་ཤུགས་རྐྱེན་ལ་བརྟེན་ནས་རྒྱ་ཆེའི་མི་དམངས་ལ་ནད་ཡམས་སྔོན་འགོག་གི་ཤེས་བྱ་གསལ་བསྒྲགས་ཟབ་མོ་བྱེད་ཅིང་།འཕྲོད་བསྟེན་དང་བདེ་ཐང་གི་འདུ་ཤེས་དཀྱིལ་དཀྱིལ་སྙིང་དུ་བཟུང་ནས་གད་སྙིགས་གང་སར་མི་གཏོར་བ་དང་།སྣབ་དང་ཁ་ལུད་ཕྱི་རུ་མི་འདོར་བ་སོགས་ཀྱི་འདུ་ཤེས་དང་སྤྱོད་ལམ་ཇེ་མཐོར་གཏོང་དགོས།

ལྔ། དགོན་པ་སོ་སོས་དུས་ཚོད་ཡོལ་མེད་པའམ།ཡང་ན་གསར་སྤེལ་བོད་སྨན་མཁོ་འདོན་བྱེད་ཅི་ཐུབ་བྱ་དགོས་པ་སྟེ།བོད་སྨན་ལ་ནི་ནད་ཡམས་སྔོན་འགོག་དང་ནད་དུག་གསོད་པའི་ལོ་རྒྱུས་ཀྱི་རྒྱུན་རིང་བོ་ལྡན་པས་རང་རང་གི་ནུས་ཚོད་ཀྱིས་ནད་ཡམས་སྔོན་འགོག་གམ་རྒྱ་ཆེའི་མི་དམངས་ལ་ཞབས་ཕྱི་ཅི་ཐུབ་བསྒྲུབ་དགོས།

དྲུག མི་དམངས་ལ་སེམས་ཀྱི་གནོན་ཤུགས་སུ་འགྲོ་བའི་སྐད་ཆ་མི་བཤད་པར་གཞུང་ལུགས་སམ་གནད་ཁེལ་གྱི་སློབ་གསོ་སྤེལ་ཞོར་དུ། ང་ཚོ་ངེས་པར་ན་ནད་ཡམས་འཐབ་འཁྲུགས་ཀྱི་གཡུལ་ལས་རྒྱལ་བའི་ཡིད་ཆེས་ཡོད་པ་ཤེས་སུ་འཇུག་དགོས།རིམ་པ་འདིའི་ཁྲོད་དུ་ང་ཚོས་ངེས་པར་དུ་ཚན་རིག་དང་འབྲེལ་བའི་སྨན་བཅོས་ལག་རྩལ་ལ་ཡིད་ཆེས་དང་ནད་ཡམས་ཚོད་འཛིན་དང་རྩད་གཅོད་ཐུབ་པའི་བཅོས་སྨན་མྱུར་དུ་བཟོ་ཐུབ་པར་ཡིད་ཆེས་ཡོད་དགོས།

འཕྲོད་རྟེན་སྡེ་ཁག་གི་མཛུབ་སྟོན་དང་འཆར་གཞི་ལ་ལེགས་པར་བསྟུན་ཞིང་བདེ་ཐང་སྲུང་སྐྱོབ་ཀྱི་བྱ་བར་ཏན་ཏིག་ཡོད་དགོས།མི་མང་འདུ་འཛོམས་བྱེད་སར་ཅི་ནས་ཀྱང་མི་འགྲོ་བ་དང་།ཕྱི་ལ་འགྲོ་བ་དང་མི་ལ་ཐུག་པ་ན་སྤུས་ལེགས་ཅན་གྱི་ཁ་ཐུམ་གཙང་མ་གྱོན་པ།ཁྱིམ་དུ་གཙང་སྦྲ་དང་སྒེའུ་ཁུང་ཕྱེ་ནས་རླུང་རྒྱུ་བར་བྱེད་དུ་འཇུག་པ།ནམ་རྒྱུན་འདག་རྫས་ནུས་ལྡན་ཅན་གྱིས་ལག་པ་གཙང་མ་བཀྲུ་བར་བྱེད་དགོས།གལ་ཏེ་ཚ་བ་རྒྱག་པ་སོགས་མི་བདེ་བ་བྱུང་ན་དེ་འཕྲལ་ས་གནས་ཀྱི་སྨན་ཁང་དུ་སོང་ནས་མྱུར་དུ་བརྟག་དཔྱད་བྱེད་པ་དང་ཆབས་ཅིག ཁྱིམ་མི་ཚང་མའི་བདེ་ཐང་ལ་གཟབ་ནན་བྱེད་དགོས།

ཚོང་པ་ཚོས་གོ་སྐབས་འདི་དང་བསྟུན་ནས་ཅ་ལག་གི་རིན་གོང་མཐོ་རུ་གཏོང་བ་སོགས་བྱེད་མི་འོས་ཏེ།འདི་ལྟའི་གལ་འགངས་ཀྱི་དུས་སུ་ང་ཚོས་ལས་རྒྱུ་འབྲས་དང་མི་ཆོས་གཙང་མའི་ཆོས་ཉིད་ལ་འགལ་མི་འོས་པའི་ལྟ་སྤྱོད་ངེས་པར་དུ་སྟངས་འཛིན་ལེགས་པོ་བྱེད་དགོས།དེ་མིན་ཅ་ལག་གི་རིན་གོང་གང་འདོད་དུ་མཐོ་རུ་གཏོང་བ་སོགས་ལ་རྩ་ཁྲིམས་ཀྱིས་རྩད་གཅོད་ནན་མོ་ཡོད་པའང་ངེས་པར་དུ་ཤེས་དགོས།

ང་ཚོས་ངེས་པར་དུ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འཁེལ་བཅའ་ཁྲིམས་ལ་བརྩི་སྲུང་ནན་མོ་བྱས་ཏེ།ས་ཕྱོགས་སོ་སོ་ནས་ནད་ཡམས་སྔོན་འགོག་བྱ་ཆེད་འགྲུམ་འགྲིལ་འགྲོ་ལམ་བཀག་འགོག་བྱེད་པ་སོགས་ལ་རྒྱབ་སྐྱོར་དང་རོག་འདེགས་བྱེད་དགོས་པ་རེད།དེ་བས་ང་ཚོས་རྒྱལ་ཁབ་དང་སྤྱི་བདེ་པུའུ་ཡིས་འབྲེལ་ཡོད་བརྡ་ཁྱབ་ལ་ལེགས་པར་ཉན་ནས་ནད་ཡམས་སྔོན་འགོག་གི་བྱ་བ་ལེགས་པར་བསྒྲུབ་དགོས།

མདོར་ན་ཏང་ཀྲུང་དབྱང་དང་རིམ་པ་སོ་སོའི་ཏང་སྲིད་ཀྱི་ཡང་དག་པའི་དབུ་ཁྲིད་དང་།གཡུལ་ཞུགས་ཀྱི་ཆེད་མཁས་ལྷ་རྗེ་རྣམ་པ། སྨན་བཅོས་མ་ལག་གི་དཔའ་རྩལ་དང་རྒྱལ་ཡོངས་མི་དམངས་ཀྱི་རྒྱབ་སྐྱོར་འོག་ངེས་པར་དུ་གང་མགྱོགས་སྒོས་ནད་ཡམས་ལ་ཚོད་འཛིན་ཐུབ་པ་དང་།གཡུལ་རྒྱལ་གྱི་རྔ་ཆེན་མྱུར་དུ་རྡུང་བར་ཡིད་ཆེས་ཡོད་དགོས་སོ།།

【藏漢雙語】果洛州藏傳佛教界集體發聲


【藏漢雙語】果洛州藏傳佛教界集體發聲


【藏漢雙語】果洛州藏傳佛教界集體發聲


州佛教協會副會長、瑪沁縣人大副主任、拉加寺活佛貢西:

我們一定要全力配合黨和政府做好疫情防控工作,關鍵時候不要做對不起黨和國家的事情,要對國家充滿信心。雖然我不是防疫專家,但我通過新聞和網絡學習,認為大家需要做好以下幾個方面的防範措施,以便保護好個人和他人的生命安全:一是不得隨意出入公共場所。二是出門務必戴標準的醫用外科口罩。三是外出返家或接觸東西后,一定要洗淨雙手,注意日常衛生。四是疫情未解除前不得出入異地。五是如果身體有異樣,必須到指定醫院檢查,確認是否感染疫病,不能拖延。六是出租車司機注意接送外來人員時務必做好自我防護措施。七是所有信眾要做到不造謠,不信謠言,不傳謠。發生疫情後,我們寺院響應政府號召,第一時間停止舉辦各種宗教活動,對傳染病預防衛生常識,通過微信等途徑向信教群眾宣傳預防工作。現正在製作“流感丸”等各種預防傳染病的藥物,希望能對地區疫情防控起到一定的幫助。


ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། རྨ་ཆེན་རྫོང་དམངས་ཆེན་གྱི་ཀྲུའུ་རིན་གཞོན་པ། རྭ་རྒྱ་དགོན་པའི་ཁྲི་བ་མགོན་ཤུལ་གྱིས་གསུང་རྒྱུར། ང་ཚོས་ངེས་པར་དུ་ནུས་ཤུགས་གང་ཡོད་བཏོན་ནས་ཏང་དང་སྲིད་གཞུང་ལ་རོགས་འདེགས་བྱས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱ་བར་ལེགས་པོ་སྒྲུབ་དགོས་པ་དང་། གནད་འགག་གི་སྐབས་སུ་ཏང་དང་སྲིད་གཞུང་ལ་ལས་དོན་ཡག་པོ་བསྒྲུབ་ནས་ཡིད་ཆེས་ཀྱི་ཁེངས་པར་བྱེད་དགོས། ང་རང་ཆེད་མཁས་པ་མ་ཡིན་ཀྱང་གོང་རིམ་ཡིག་ཆ་དང་ཚད་ལྡན་དྲ་རྒྱའི་སྟེང་བཀོད་པའི་འབྲེལ་ཡོད་རྒྱུ་ཆ་ལ་སློབ་སྦྱོང་བྱས་རྗེས་ནང་དོན་ཕྱོགས་གཅིག་ཏུ་བསྡུས་ན་དོ་སྣང་བྱ་དགོས་པའི་ནང་དོན་དུ་མ་ཡོད་དེ། ༡.གང་བྱུང་དུ་མི་མང་འདུ་འཛོམས་བྱེད་སར་མི་འགྲོ་བ། ༢.སྒོ་ཕྱིར་འགྲོ་དགོས་བྱུང་ཚེ་ངེས་པར་དུ་ཚད་ལྡན་གྱི་ཁ་ཐུམ་གྱོན་དགོས། ༣.ཕྱི་ལ་སོང་ནས་ཁྱིམ་ལ་ལོག་པའམ་ཅ་ལག་སོགས་ལ་ཐུག་རེག་བྱས་ཚེ་ངེས་པར་དུ་ལག་པ་གཙང་མར་བཀྲུ་དགོས་པ་མ་ཟད། དུས་རྒྱུན་གྱི་གཙང་སྦྲ་ལ་དོ་སྣང་བྱེད་དགོས། ༤.ཛ་དྲག་གི་དུས་སྐབས་འདིར་ཡུལ་གཞན་ལ་འགྲོ་འོང་མི་བྱེད་པ། ༥.གལ་ཏེ་ལུས་པོ་རྒྱུན་ལྡན་མིན་པའི་དོགས་པ་ཡོད་ཚེ། ངེས་པར་དུ་ངེས་གཏན་སྨན་ཁང་དུ་སོང་ནས་ནད་ལ་བརྟག་དཔྱད་ལེགས་པོ་བྱས་ནས་རིམས་ནད་བྱུང་ཡོད་མེད་ངོས་འཛིན་བྱེད་དགོས་པ་ལས་དུས་འགྱངས་བྱ་མི་རུང་། ༦.གླ་གཏོང་ཁ་ལོ་བ་རྣམས་ཀྱིས་ཕྱི་འོང་མི་སྣ་སྐྱེལ་འདྲེན་བྱེད་སྐབས་རང་ཉིད་ཀྱི་བདེ་ཐང་གཟབ་དགོས། ༧.དཀྲོག་གཏམ་མི་བཟོ་བ་དང་དཀྲོག་གཏམ་ལ་ཡིད་མི་ཆེས་རྒྱུ།

རིམས་ནད་བྱུང་རྗེས། ངེད་རྭ་རྒྱ་དགོན་པས་སྲིད་གཞུང་གི་འབོད་སྐུལ་དང་བླངས་བྱས་ཏེ། འཕྲལ་མར་ཆོས་ལུགས་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་མཚམས་བཞག་པ་དང་། རིམས་ནད་སྔོན་འགོག་བྱེད་ཐབས་སྐོར་གྱི་རྒྱུན་ཤེས་སྐད་འཕྲིན་སོགས་བརྒྱུད་དེ་དད་ལྡན་མང་ཚོགས་རྣམས་ལ་རིམས་ནད་སྔོན་འགོག་གི་ཤེས་བྱ་དྲིལ་བསྒྲགས་བྱས་པ་ཡིན། ད་ལྟ་“ལོ་གྱོན་མ”སོགས་ཀྱི་འགོ་ནད་སྔོན་འགོག་ནུས་པའི་བོད་སྨན་སྣ་ཚོགས་བསྒྲུབ་བཞིན་ཡོད་པ་འདིས། རིམས་ནད་སྔོན་འགོག་ཐད་ལ་ཚོད་འཛིན་དང་རོགས་འདེགས་ཀྱི་ནུས་པ་ཅུང་ཙམ་རེའང་ལྡན་པར་སྨོན་ནོ།།

【藏漢雙語】果洛州藏傳佛教界集體發聲


【藏漢雙語】果洛州藏傳佛教界集體發聲


【藏漢雙語】果洛州藏傳佛教界集體發聲


州佛教協會副會長、久治縣門堂寺活佛德慶:

新型冠狀病毒感染肺炎是一種很嚴重的傳染病,群眾和各寺院僧人要嚴格關注並做好預防,一要緊緊圍繞黨和政府的統一思想,關注衛生宣傳教育,不聚會、不聚餐、不聚集。防控期間,儘量避免舉辦喬遷暖房、賀壽婚嫁等大規模聚餐活動,引導家人儘量不要參與社會聚集性活動以及各類宗教活動。二要及時向統戰、民宗、佛協部門彙報,力所能及的對傳染性疾病患者給予幫助和支持。三要經常打掃自己的住宅,同時本人也將盡己所能做好衛生清潔宣傳工作。

ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། གཅིག་སྒྲིལ་རྫོང་སྨིན་ཐང་དགོན་པའི་སྤྲུལ་སྐུ་བདེ་ཆེན་གྱིས་གསུང་རྒྱུར། ཉེ་བའི་ཆར་ཧོའུ་པཱེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་ནས་གསར་དུ་བྱུང་པའི་ཏོག་དབྱིབས་ནད་དུག་གསར་བའི་འགོས་ནད་འདི་ཧ་ཅང་ཚབ་ཆེ་བའི་འགོས་ནད་ཅིག་ཏུ་ངོས་འཛིན་བྱུང་ཡོད་རྐྱེན་ས་གནས་ཀྱི་མང་ཚོགས་རྣམས་དང་དགོན་སྡེ་སོ་སོའི་དགེ་འདུན་པ་རྣམས་ཀྱིས་དོ་སྣང་གཟབ་ནན་བྱས་ཏེ་འགོས་ནད་འདི་སྔོན་འགོག་བྱེད་རྒྱུ་ནི་ཧ་ཅང་གལ་ཆེན་ནང་གི་དོན་ཆེན་ཞིག་རེད།

དང་པོ། ཆོས་ལུགས་བྱེད་སྒོ་སྤེལ་བ་དང་མི་ཚོགས་མི་བསྡུ་བ།གཉིས་པ།ཁུལ་འཐབ་སྒྲིལ་པུའུ་དང་ནང་བསྟན་ལ་སྙན་གསེང་ཕུལ་ནས་རང་ནུས་གང་ཡོད་ཀྱི་འགོས་མཆེད་ཀྱི་རང་བཞིན་གྱི་ནད་པར་བྱམས་བརྩེས་རོགས་འདེགས་གང་ལེགས་ཞུ་རྒྱུ།གསུམ་པ། རྟག་པར་རང་གི་སྡོད་ཁང་སོགས་ལ་གཙང་སྦྲ་ལེགས་པོ་བྱེད་པ་དང་། ལྷ་སྡེ་མི་སྡེས་གཙོས་པའི་ནད་ཡམས་བྱུང་བའི་རང་རྒྱལ་གྱི་ས་གནས་ཁག་ལ་ནུས་པ་གང་ཡོད་བཏོན་ནས་འཕྲོད་བསྟེན་སློབ་གསོས་རྒྱུད་བསྒྲོག་གང་མང་བྱེད་དགོས།

【藏漢雙語】果洛州藏傳佛教界集體發聲


【藏漢雙語】果洛州藏傳佛教界集體發聲


【藏漢雙語】果洛州藏傳佛教界集體發聲


州佛教協會副會長、瑪沁縣龍幹寺活佛才讓拉加:

信教群眾都知道最近全國新型冠狀病毒的傳播十分嚴重,大家要嚴格按照中央、省、州、縣安排,注意個人身體健康和衛生清潔,儘量待在自己家中,外出時務必戴好口罩,不參與聚會,做好個人防護。

ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པའམ་རྨ་ཆེན་རྫོང་ལུང་སྐམ་དགོན་པའི་སྤྲུལ་སྐུ་ཚེ་རིང་ལྷ་རྒྱལ་གྱིས་གསུང་རྒྱུར། དད་ལྡན་མང་ཚོགས་ཡོངས་ཀྱིས་ཉེ་བའི་དུས་འདིར་རྒྱལ་ཡོངས་སུ་གློ་ཚད་རིམས་ནད་གསར་བ་ཏོག་དབྱིབས་ནད་དུག་གི་ཁྱབ་ཁོངས་ཧ་ཅང་ཚབས་ཆེ་བ་ཀུན་གྱིས་མཁྱེན་གསལ་ལྟར། ཀྲུང་དབྱང་དང་ཞིང་ཆེན། ཁུལ་དང་རྫོང་བཅས་རིམ་པ་སོ་སོའི་བཀོད་སྒྲིག་ལྟར་ཚང་མས་རང་ལུས་བདེ་ཐང་དང་འཕྲོད་བསྟེན་གཙང་སྦྲ་ལ་དོ་སྣང་ཟབ་མོ་བྱས་ནས་རང་རང་སོ་སོའི་ཁྱིམ་དུ་སྡོད་པ་དང་སྒོ་ཕྱིར་འགྲོ་དགོས་བྱུང་ཚེ་ཁ་ཐུམ་རྒྱག་པ། མི་ཚོགས་འདུ་སར་མི་འགྲོ་བ། ཁྱིམ་ལ་སླེབས་རྗེས་ལག་པ་གཙང་མར་བཀྲུས་ཏེ་རང་གཞན་ཚང་མས་འཕྲོད་བསྟེན་ལ་ནུས་ཤུགས་གང་ཡོད་འདོན་རྒྱུ་གལ་ཆེའོ།།

【藏漢雙語】果洛州藏傳佛教界集體發聲


【藏漢雙語】果洛州藏傳佛教界集體發聲


【藏漢雙語】果洛州藏傳佛教界集體發聲


州佛協副會長、班瑪縣白扎寺堪布改闊尕增:

近期出現的疫情傳播速度特別快,請大家嚴格貫徹中央及省州有關政策規定,堅決執行防疫措施,務必做到多洗手,戴好口罩,不要在寺內聚集,為眾生祈福!

ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། པདྨ་རྫོང་འབེ་ཚ་དགོན་པའི་མཁན་པོ་དགེ་སྐོར་དཀར་འཛུམ་གྱིས་གསུངས་རྒྱུར། མིག་སྔར་རིམས་ནད་ཀྱི་གནས་ཚུལ་ཅུང་ཛ་དྲག་ཆེ་ལ། འགོས་པའི་ཚད་ཀྱང་ཧ་ཅང་མྱུར་པས། ཚང་མས་ལག་པ་གཙང་མར་བཀྲུ་བ་དང་ཁ་ཐུམ་ལེགས་པོར་གྱོན་པ་དང་། དགོན་པའི་ནང་དུ་མི་ཚོགས་མི་བསྡུ་བར་སེམས་ཅན་གྱི་དོན་དུ་སྨོན་ལམ་འདེབས་པར་བྱོས།

【藏漢雙語】果洛州藏傳佛教界集體發聲


【藏漢雙語】果洛州藏傳佛教界集體發聲


【藏漢雙語】果洛州藏傳佛教界集體發聲


州佛協副會長、班瑪縣唐尕麻寺活佛恩達江知春:

廣大信教群眾要堅定黨和政府一定會在短時間內控制疫情蔓延的決心,要明白保護好自己,就是保護好家人,從自身做起戴好口罩,勤洗手,少外出,做好自己的防護工作,不給國家添麻煩。


ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། པདྨ་རྫོང་ཐང་དཀར་མ་དགོན་པའི་སྤྲུལ་སྐུ་དབང་མདའ་གྱང་སྤྲུལ་གྱིས་གསུང་རྒྱུར། རྒྱ་ཆེའི་དད་ལྡན་མང་ཚོགས་ཀྱིས་རིམས་ནད་སྔོན་འགོག་འདུ་ཤེས་ཇེ་ཟབ་ཏུ་བཏང་ནས་སྒོ་ཕྱིར་ཉུང་འགྲོ་དང་ལག་པ་གཙང་མར་བཀྲུ་བ། ཁ་ཐུམ་གྱོན་ནས་མི་སྒེར་དང་ཁྱིམ་མིའི་རིམས་ནད་སྔོན་འགོག་ལས་དོན་ལ་ཤུགས་སྣོན་རྒྱག་དགོས།

【藏漢雙語】果洛州藏傳佛教界集體發聲


【藏漢雙語】果洛州藏傳佛教界集體發聲


【藏漢雙語】果洛州藏傳佛教界集體發聲


州佛協副會長、瑪多縣政協副主席、曲那邁寺活佛利巴:

希望廣大僧尼和信教群眾能夠堅定信心,做好宗教場所和個人防護措施,減少外出活動,不給黨和人民添亂,不信謠、不傳謠、不造謠,力所能及為疫情防控做出應有的貢獻。

ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། རྨ་སྟོད་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཆུ་ནག་མེར་དགོན་པའི་སྤྲུལ་སྐུ་ཀླུ་བྷས་གསུང་རྒྱུར། མིག་སྔར་རྒྱལ་ཡོངས་ལ་གསར་བྱུང་གི་ཏོག་དབྱིབས་ནད་དུག་ཅན་གྱི་གློ་ཚད་རིམས་ནད་སྔོན་འགོག་གནད་འགག་གི་དུས་སུ་སླེབས་ཡོད་པས། རྫོང་ཡོངས་ཀྱི་རྒྱ་ཆེ་གྲྭ་བཙུན་དང་དད་ལྡན་མང་ཚོགས་རྣམ་པས་བློ་བརྟན་འགྱུར་མེད་སྒོས་ཏང་དང་སྲིད་གཞུང་གིས་རིམས་ནད་སྔོན་འགོག་ཐུབ་པའི་ཡིད་ཆེས་བརྟན་པོར་བཅིངས་ཏེ།རྒྱལ་ཁབ་དང་ཞིང་ཆེན། ཁུལ། རྫོང་གི་རིམས་ནད་སྔོན་འགོག་བཀོད་འདོམས་པུའུ་ཡི་བཀོད་སྒྲིག་ནང་ལྟར། ཆོས་ལུགས་བྱེད་སྒོ་སྤེལ་ས་དང་མི་སྒེར་གྱི་སྔོན་འགོག་བྱེད་ཐབས་ལེགས་པར་སྒྲུབ་པ། འདུ་འཛོམས་ཉུང་དུ་བཏང་ནས་ཆོས་ལུགས་བྱེད་སྒོ་སྤེལ་སར་འཆམ་མཐུན་དང་བརྟན་འཇགས་ཡོང་བར་ཁག་ཐེག་དང་། ཏང་དང་མི་དམངས་ལ་གནོད་ཡོད་པའི་རྙོག་དྲ་མི་བཟོ་བར་ཁག་ཐེག་བྱས་ཏེ། དཀྲོག་གཏམ་ལ་ཡིད་མི་ཆེས་པ་དང་། དཀྲོག་གཏམ་མི་བཤད་པ། དཀྲོག་གཏམ་མི་སྤེལ་བར་རང་ནུས་ཡོད་ཙམ་གྱིས་རིམས་ནད་སྔོན་འགོག་བྱ་བར་བྱས་རྗེས་འཇོག་དགོས།

【藏漢雙語】果洛州藏傳佛教界集體發聲


【藏漢雙語】果洛州藏傳佛教界集體發聲


【藏漢雙語】果洛州藏傳佛教界集體發聲


果洛州佛教協會副秘書長、達日縣佛教協會會長、年毛寺活佛昂欽多智:

近期,發生新型冠狀病毒感染的肺炎疫情,疫情防控形勢十分嚴峻,國家緊急防控部署,各級政府積極行動落實,各行各業的人們一直夜以繼日的堅守在防疫工作的第一線。有了他們的堅守和各族人民的齊心協力,一定會最終戰勝疫情。冠狀病毒感染疫情發生以來,果洛州佛教界堅決擁護黨和政府關於疫情防控工作的決策部署,堅定信心、響應號召、聽從指揮、積極配合,全力做好佛教領域疫情防控工作。疫情當前,我們佛教界要充分發揮愛國愛教、扶危濟困、服務社會、利益人群的優良傳統,切實履行社會責任,不造謠不傳謠,少走動少聚會,多修行多祈願,祈願疫情早熄,祈願眾生平安,祈願國家安康!提高防範意識,注重個人衛生。通過電視、廣播、微信等發佈公告的信息,積極掌握疫情防護知識,增強自我防護意識,做好個人防護措施。注意勤洗手、戴口罩;少外出、不聚集;為疫情防控工作貢獻佛教界的一份力量。

ཁུལ་ནང་བསྟན་མཐུན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པ། དར་ལག་རྫོང་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ། སྙན་མོ་དགོན་གྱི་དབང་ཆེན་མདོ་སྤྲུལ་གྱིས་གསུང་རྒྱུར། མིག་སྔར་རྒྱལ་ཡོངས་ལ་ཝུའུ་ཧན་གྲོང་ཁྱེར་ནས་གསར་བྱུང་གི་ཏོག་དབྱིབས་ནད་དུག་ཅན་གྱི་གློ་ཚད་རིམས་ནད་སྔོན་འགོག་གནད་འགག་གི་དུས་སུ་སླེབས་ཡོད་པས། ཏང་དང་སྲིད་གཞུང་གིས་ཐབས་བརྒྱ་ཆེས་སྟོང་གི་སྒོ་ནས་རིམས་ནད་སྔོན་འགོག་ཐབས་ལམ་ལག་བསྟར་བྱེད་ལུགས་དང་། ཞིང་ཆེན། ཁུལ། རྫོང་རིམས་པའི་རིམས་ནད་སྔོན་འགོག་བཀོད་འདོམས་པུའུ་ཡི་བཀོད་སྒྲིག་ནང་ལྟར། ཆོས་ལུགས་བྱེད་སྒོ་སྤེལ་ས་དང་མི་སྒེར་གྱི་སྔོན་འགོག་བྱེད་ཐབས་ལེགས་པར་སྒྲུབ་པ། ལྷག་པར་ཏུ་འཕྲོད་བསྟེན་ལ་དོ་སྣང་དེ་འདྲ་མེད་པའི་ང་ཚོའི་རོང་འབྲོག་མང་ཚོགས་རྣམས་རང་རང་སོ་སོའི་ཁྱིམ་དུ་སྡོད་པ་ལས་ཕྱི་ལོག་ཏུ་འགྲོ་རུ་མི་འཇུག་པའི་འབོད་བསྐུལ་ནན་མོ་དང་། ནད་ཡམས་སྔོན་འགོག་གི་ཤེས་བྱ་གསལ་བསྒྲགས་ཟབ་མོ་བྱེད་ཅིང་། གང་ལྟར་རང་ཉིད་བདག་སྲུང་ཡག་པོ་བྱས་ན་སྤྱི་ཚོགས་ལ་ཞབས་ཕྱི་ཡང་དག་ཡིན་པས་འདུ་ཤེས་རྣལ་མ་ཡོད་པ་ཤུན་ཏུ་གལ་ཆེ། གང་བྱུང་གི་དཀྲོག་གཏམ་མི་བཤད་པ། མི་ཉན་པ་དང་རྡོག་རྩ་གཅིག་སྒྲིལ་གྱི་སྒོ་ནས་ང་ཚོའི་རྒྱལ་ཁབས་ཀྱི་སྟོབས་ཤུགས་དང་། ཆེད་ལས་པའི་རིམས་ནད་སྔོན་འགོག་གི་ཐམས་ལམ། ད་དུང་ཆོས་ལུགས་པའི་དད་པ་བརྟན་པོས་སྒོ་ནས་ནད་ཡམས་མྱུར་དུ་ཞི་བའི་ཐུགས་བསྐྱེད་སྨོན་ལམ་སོགས་ལ་རྒྱབ་རྟེན་བཅོལ་ན་དུས་ཚོད་ཐུང་ངུའི་ནང་དུ་རིམས་ནད་ལས་གཡུལ་ལས་རྒྱལ་བར་ཡིད་ཆེས་བརྟན་པོ་བྱེད་ཆོག

【藏漢雙語】果洛州藏傳佛教界集體發聲


【藏漢雙語】果洛州藏傳佛教界集體發聲


【藏漢雙語】果洛州藏傳佛教界集體發聲


果洛州佛教協會副秘書長、達日縣政協副主席、德昂寺活佛達哇:

近期,武漢等地區出現的新型冠狀病毒感染的肺炎疫情持續蔓延,我省及我州周邊地區相繼出現確診病例,果洛州委統戰部《關於做好宗教活動場所新型冠狀病毒感染的肺炎疫情防控工作的緊急通知》要求,全州宗教活動場所取消舉辦的一切群眾性大型宗教活動,恢復時間另行通知。廣大僧侶,牧民群眾要做好自身防護,不傳播謠言,若出現發熱、咳嗽、氣促等急性呼吸道感染早期症狀,要及時到醫院進行就診。我們要相信,在全國各族人民的共同努力下,一定能儘快戰勝疫情。

དར་ལག་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། མགོ་ལོག་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་དྲུང་ཡིག་གཞོན་པ། དར་ལག་རྫོང་སྡེ་ནང་དགོན་སྤྲུལ་སྐུ་ཟླ་བས་གསུང་རྒྱུར། ཉེ་ཆར་ཝུའུ་ཧན་སོགས་ས་ཁུལ་དུ་ཐོན་པའི་ཏོག་དབྱིབས་འགོས་ནད་གློ་ཚད་ཀྱི་རིམས་ནད་རྒྱུན་མཐུད་ངང་མཆེད་བཞིན་ཡོད། རང་རེའི་ཞིང་ཆེན་དང་རང་རེའི་ཁུལ་གྱི་ཉེ་འཁོར་ས་ཁུལ་དུ་རྒྱུན་མི་ཆད་པར་ནད་རྟགས་གཏན་འཁེལ་བྱས་ཡོད་སྟབས། རང་རེའི་རྫོང་གི་དགོན་སྡེ་ཁག་གིས་མགོ་ལོག་ཁུལ་བསྐོས་འཐབ་ཕྱོགས་གཅིག་གྱུར་པུའུ《ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱི་གསར་དུ་ཐོན་པའི་ཏོག་དབྱིབས་འགོས་ནད་གློ་ཚད་འགོག་བཅོས་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་ཛ་དྲག་བརྡ་ཐོའི》བླང་བྱ་ལྟར་དགོན་པ་སོ་སོའི་ཆོས་ལུགས་བྱེད་སྒོ་གནས་སྐབས་སུ་མཚམས་འཇོག་བྱས་པའི་འབྲེལ་ཡོད་བྱ་བ་ལེགས་པོ་བསྒྲུབ་ནས། རྒྱ་ཆེའི་དགེ་འདུན་པ་དང་འབྲོག་པ་མང་ཚོགས་ཀྱིས་རང་ངོས་ཀྱི་འགོག་སྲུང་ཡག་པོ་བྱེད་པ་དང་། དཀྲོག་གཏམ་བརྒྱུད་བསྒྲགས་མི་བྱེད་པ། གལ་སྲིད་ཚ་རྒྱག་པ་དང་། གློ་རྒྱག་པ། དབུགས་འཚང་བ་སོགས་རང་བཞིན་གྱི་དབུགས་ལམ་གྱི་འགོས་ནད་ཕོག་སྐབས་དུས་ཐོག་ཏུ་སྨན་ཁང་དུ་སོང་ནས་སྨན་བཅོས་བྱེད་རྒྱུ་གལ་ཆེ། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་གཅིག་གྱུར་འབད་བརྩོན་འོགརིམས་ནད་ལས་རྒྱལ་ངེས་ཡིན།

【藏漢雙語】果洛州藏傳佛教界集體發聲


1

【藏漢雙語】果洛州藏傳佛教界集體發聲


甘德縣東吉多卡寺活佛華旦扎西:

湖北省武漢市等地區發生新型冠狀病毒感染的肺炎疫情後,中央、省、州、縣的防控部署讓所有民眾和佛教徒有了安全感,希望大家不要過度害怕,做好防範措施,搞好自身防護,不傳播謠言,不隨意出去,利用特殊時期的時間多聞思多實修, 將所有功德迴向“白衣天使”與“奮戰在一線的工作人員”及所有患者。

དགའ་བདེ་རྫོང་སྟོང་སྐྱབས་དགོན་པའི་སྤྲུལ་སྐུ་དཔལ་ལྡན་བཀྲ་ཤིས་ཀྱིས་གསུང་རྒྱུར། ཧུའུ་པའེ་ཞིང་ཆེན“ཝུའུ་ཧན་གྲོང་ཁྱེར”སོགས་ས་ཁུལ་དུ“ཏོག་དབྱིབས་ནད་དུག་གསར་པ”འགོ་བའི་གློ་ཚད་ཀྱི་རིམས་ནད་ཐོན་རྗེས་རང་རྒྱལ་གྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ་མཉམ་འགོག་མཉམ་སྡོམ་གྱི་ལས་ཀའི་ལམ་སྲོལ་མགྱོགས་མྱུར་ངང་ལག་ལེན་བསྟར་བ་དང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་སར་དུས་དང་པོར་བསྐྱོད་པ་རེད། དེས་ང་ཚོའི་མི་དམངས་ཡོངས་ཀྱི་ནད་དུག་ལ་དོགས་ཟོན་དང་སེམས་ཁམས་ལ་བདེ་འཇགས་ཀྱི་ཚོར་སྣང་ཆེན་པོ་བསྐྲུན་པ་རེད། ནད་དུག་ལ་ཚད་འདས་ཀྱི་འཇིགས་སྣང་སྐྱེ་མི་དགོས་ལ། ཚན་རིག་དང་མཐུན་པའི་སྔོན་འགོག་བྱེད་ཐབས་ཡག་པོ་སྤྱད་ནས། ཞིང་ཆེན་རིམ་པ་དང་རྫོང་ནང་བསྟན་སོགས་ཀྱི་དགོངས་དོན་ལྟར་ཚན་རིག་དང་མཐུན་པའི་སྒོ་ནས་བཅོས་སྐྱོང་དང་རང་ངོས་ཀྱི་འགོག་སྲུང་ཡག་པོ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། དཀྲོག་གཏམ་མི་བཤད་པ། གང་འདོད་ལྟར་སྒོ་ཕྱིར་མི་སྐྱོད་པ། དམིགས་བསལ་དུས་སྐབས་ཀྱི་དུས་ཚོད་འདི་བེད་སྤྱོད་ནས་དགེ་སྒྲུབ་སྡིག་སྤོང་གི་ལས་མང་ཙམ་འབད་པ་དང་། རང་གཞན་གྱི་རྒྱུད་ཀྱི་དུས་གསུམ་དུ་བསགས་པའི་ཟག་བཅས་ཟག་མེད་ཀྱི་དགེ་ཚོགས་མཐའ་དག་གཡུལ་ས་དང་པོར་འབད་འཐབ་བྱེད་པའི་ལས་དོན་མི་སྣར་དག་དང་། འགོས་ནད་ཕོག་པའི་ནད་པ་ཡོངས་བླ་ན་མེད་པའི་བྱང་ཆུབ་ཀྱི་རྒྱུ་རུ་གྱུར་ཅིག


分享到:


相關文章: