西藏自治区农贸市场新型冠状病毒感染的肺炎

​一、保持工作场所清洁卫生及空气流通,每日进行清洁、消毒,尤其是活禽畜类相关场所,垃圾、粪便集中进行无害化处理。消毒时,对于人体接触较多的物体表面,可500mg/L的含氯消毒剂进行喷洒或擦拭消毒,作用30分钟后再用清水洗净。对不耐腐蚀的物品,可以用75%酒精或者0.1%苯扎溴铵(新洁尔灭)擦拭消毒,使用时应注意安全。大面积的地面和墙面,可用有效氯为500-1000mg/L的含氯消毒剂溶液进行喷洒,喷洒量以表面湿润且无滴流现象为准,作用时间应不少于30分钟。

二、佩戴口罩,尽量佩戴医用口罩或者医用外科口罩。佩戴时,避免手接触到口罩内侧面,每隔4小时或者发现潮湿时更换;保持手卫生,咳嗽或打喷嚏后、饭前便后、接触或处理动物排泄物后、手脏时,应使用肥皂和流水洗手;咳嗽、打喷嚏时,应当尽量避开人群,用手肘内侧或纸巾将口罩完全遮住。用过的纸巾立即丢弃到垃圾桶内,并及时洗手;不随地吐痰。痰液应当纸巾包裹,随后将纸巾丢弃至垃圾桶内,并及时洗手;保持安全距离。在市场中,与他人交流时保持1米以上的安全距离;远离野生动物。不接触,购买和使用野生动物,尽量避免前往售卖活禽、野生动物等的摊位。

三、不乱扔口罩。一次性口罩用完即抛弃(最好剪坏),不能反复使用,不能两面轮流戴。用过的口罩单独装在塑料袋等密封袋中扔进垃圾桶里。摘除口罩后及时洗手。

四、加强病媒生物防制。落实“三防”设施的使用,发现有明显鼠迹应开展灭鼠工作。

五、出现病死禽畜时,要及时向畜牧兽医部门报告,并按照要求妥善处理病死禽畜。如果发现有禽畜类大量生病或死亡等异常情况,立即关闭工作场所,并及时向当地畜牧兽医部门报告。


ཟུར་འགོད་བཞི།

བོད་རང་སྐྱོང་ལྗོངས་ཞིང་ཟོག་ཁྲོམ་རའི་ཏོག་གསར་ནད་དུག་

གློ་ཚད་སྔོན་འགོག་ཕྱོགས་སྟོན།


གཅིག ལས་ཀ་བྱེད་སའི་གཙང་སྦྲ་འཕྲོད་བསྟེན་དང་། མཁའ་རླུང་འགྲོ་རྒྱུག་རྒྱུན་འཁྱོངས་བྱེད་དགོས་པ་དང་། ཉིན་ལྟར་གཙང་སྦྲ་དང་དུག་སེལ་བྱེད་དགོས། ལྷག་པར་དུ་སྲོག་ཆགས་གསོན་པོ་འཇོག་གནས་ཀྱི་གད་སྙིགས་དང་གཙོག་གཅིན་གཅིག་སྡུད་ཐོག་གནོད་མེད་གཙང་སེལ་བྱེད་དགོས། དུག་སེལ་བྱེད་སྐབས་མིའི་གཟུགས་པོ་དང་རེག་ཐུག་མང་བའི་ངོས་སུ་ཁིལ་ལྡན་དུག་སེལ་སྨན་རྫས་འདུས་ཚད་500mg/L གཏོར་བའམ་ཡང་ན་ཕྱིས་བརྡར་རྣམ་པའི་དུག་སེལ་བྱེད་དགོས།ནུས་ཐོན་དུས་ཚོད་སྐར་མ་30སོང་རྗེས་ཆུ་གཙང་མས་འཁྲུ་དགོས།རུལ་བསླད་མི་ཐེབས་པའི་དངོས་རྫས་ལ་གར་ཚད་75%ཨ་རག་ཉིང་ཁུའམ་པུན་བྲག་པོར་ཨན(ཨན་ཅེར་མན་གསར་པ)གྱིས་འཕྱིར་བརྡར་རང་བཞིན་གྱི་དུག་སེལ་བྱེད་དགོས་པ་དང་བེད་སྤྱོད་བྱེད་སྐབས་བདེ་འཇགས་ལ་ཡིད་གཟབ་བྱེད་དགོས། གཞི་ཁྱོན་ཆེ་བའི་ས་ངོས་དང་གྱང་ངོས་ལ་ནུས་ལྡན་གྱི་ཁིལ་རྒྱུ་འདུས་ཚད་250-1000mg/Lབར་གཏོར་ཏེ་དུག་སེལ་བྱེད་དགོས་པ་དང་། གཏོར་བའི་ཚད་གཞི་དེ་ངོས་བརློན་པ་ཆགས་པ་མ་ཟད་ཐིག་པ་མ་རྒྱག་བར་གྱི་ཚད་འཛིན་དགོས་པ་དང་དེའི་ནུས་ཐོན་དུས་ཚོད་སྐར་མ་30ཡིན།

གཉིས། ཁ་རས་བརྒྱབ་ཚེ་སྨན་སྤྱོད་ཁ་རས་སམ་ཡང་ན་ཕྱི་ནད་ཚན་ཁག་གི་ཆེད་སྤྱོད་ཁ་རས་རྒྱག་དགོས། ཁ་རས་རྒྱག་སྐབས་ལག་པས་ཁ་རས་ནང་ངོས་ལ་མི་རེགས་པ་བྱེད་དགོས་པ་དང་། ཆུ་ཚོད་བཞི་སོང་བའམ་ཡང་ན་བརློན་པ་ཆགས་ཚེ་བརྗེ་དགོས། ལག་པ་གཙང་མ་རྒྱུན་འཁྱོངས་དང་། གློ་རྒྱག་པ། ཧབ་སྦྲིད་རྒྱག་པ། ཁ་ལག་མ་ཟས་གོང་དང་། གཙོག་གཅིན་བཏང་རྗེས། ལག་པ་བཙོག་པ་ཆགས་རྗེས་བཅས་ཀྱི་སྐབས་ཡི་ཙི་དང་རྒྱུགས་ཆུས་གཙང་མ་འཁྲུ་དགོས། གློ་དང་ཧབ་ཆི་བརྒྱབ་ཚེ་མི་ཚོགས་ལས་གང་ཐུབ་ཀྱིས་གཡོལ་དགོས་པ་དང་ལག་པའི་ནང་ངོས་སམ་ཤོག་བུས་ཁ་སྣ་ཡོངས་སུ་བཀབ་དགོས། བེད་སྤྱོད་བྱས་པའི་ཤོག་བུ་ལམ་སེང་གད་སྣོད་ནང་གཡུག་དགོས་པ་མ་ཟད་དུས་ཐོག་ཏུ་ལག་པ་འཁྲུ་དགོས། ཁ་ལུད་གང་བྱུང་དུ་མི་གཡུག་པ་དང་། ལུད་པ་ཤོག་བུའི་ནང་སྒྲིལ་ནས་གད་སྣོད་ནང་གཡུག་དགོས་པ་མ་ཟད་ལམ་སེང་ལག་པ་འཁྲུ་དགོས། བདེ་འཇགས་ཀྱི་བར་ཐག་འཇོག་དགོས། ཁྲོམ་རྭར་མི་གཞན་དང་སྐད་ཆ་བཤོད་སྐབས་བར་ཐག་རྨིད་གཅིག་ཡན་འཇོག་དགོས། བདག་མེད་སྲོག་ཆགས་དང་རྒྱང་ཐག་རིང་ཐག་རིང་ཙམ་བྱེད་དགོས། རི་དྭགས་ལ་ལག་པ་རེག་པ་དང་། ཉོ་འཚོང་། བཟས་སྤྱོད་བཅས་མི་བྱེད་པ་དང་། བྱ་རིགས་དང་ རི་དྭགས་སོགས་གསོས་པ་འཚོང་སར་གང་ཐུབ་ཀྱིས་གཡོལ་དགོས།

གསུམ། ཁ་རས་གང་བྱུང་དུ་གཡུག་མི་རུང་། ཐེངས་གཅིག་རང་བཞིན་གྱི་ཁ་རས་བེད་སྤྱོད་ཚར་རྗེས་གཡུག་དགོས།(ཡག་ཤོས་བྱུང་ན་དབྲལ་དགོས)ཡང་སྐོར་བསྐྱར་སྐོར་དུ་བེད་སྤྱོད་གཏོང་མི་རུང་ལ་ཕྱི་ནང་གཉིས་རེས་མོས་ཀྱིས་བེད་སྤྱོད་གཏོང་མི་རུང་། བེད་སྤྱོད་བཏང་ཟིན་པའི་ཁ་རས་ལོགས་བཀར་དུ་འགྱིག་ཤོག་སོགས་ཀྱི་ནང་དུ་བླུགས་ནས་གད་སྣོད་ནང་གཡུག་དགོས། ཁ་རས་བཤུས་རྗེས་ལམ་སེང་ལག་པ་འཁྲུ་དགོས།

བཞི། ནད་སྦྱོར་སྐྱེ་དངོས་འགོག་བཅོས་ཐད་ཤུགས་སྣོན་རྒྱག་དགོས། སྔོན་འགོག་གསུམ་གྱི་སྒྲིག་བཀོད་བེད་སྤྱོད་དོན་འཁྱོལ་བྱེད་དགོས་པ་དང་། མངོན་གསལ་དོད་པའི་བྱི་བ་འགྲོ་ཤུལ་ཡོད་ཚེ་བྱི་བ་གསོད་དགོས།

ལྔ། ནད་ཕོག་ནས་སྲོག་ཆགས་ཤི་བ་མཐོང་ཚེ་དུས་ཐོག་ཏུ་ཕྱུགས་རིགས་སྨན་བཅོས་སྡེ་ཚན་ལ་སྙན་སེང་ཞུ་དགོས་པ་མ་ཟད། འབྲེལ་ཡོད་ཀྱི་བླང་བྱ་གཞིར་བཟུང་སྲོག་ཆགས་ཀྱི་ཤི་རོ་ཐག་གཅོད་འོས་འཚམ་བྱེད་དགོས།གལ་སྲིད་སྲོག་ཆགས་མང་པོ་ན་བའམ་ཤི་བ་སོགས་ཀྱི་གནས་ཚུལ་ཐོན་ཚེ་ལམ་སེང་ལས་གཉེར་བྱེད་གནས་སྒོ་རྒྱག་དགོས་པ་མ་ཟད། དུས་ཐོག་ཏུ་ས་གནས་དེ་གའི་ཕྱུགས་རིགས་སྨན་བཅོས་སྡེ་ཚན་ལ་སྙན་སེང་ཞུ་དགོས།



西藏自治区农贸市场新型冠状病毒感染的肺炎


分享到:


相關文章: