碌曲縣人民法院 碌曲縣人民檢察院 碌曲縣公安局關於依法嚴厲打擊疫情防控期間違法犯罪行為的通告

ཀླུ་ཆུ་རྫོང་མི་དམངས་ཁྲིམས་ཁང་།

ཀླུ་ཆུ་རྫོང་མི་དམངས་ཞིབ་དཔྱོད་ཁང་།

ཀླུ་ཆུ་རྫོང་སྤྱི་བདེ་ཅུས་བཅས་ཀྱིས་

རིམས་ནད་སྔོན་འགོག་བྱེད་སྐབས་ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་ནན་མོ་གཏོང་རྒྱུའི་སྐོར་གྱི་བརྡ་ཁྱབ།


ཁྲིམས་ལྟར་རྫོང་ཡོངས་ཀྱི་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་ཀྱི་རིམས་ནད་སྔོན་འགོག་གི་བྱ་བ་གོ་རིམ་ལྡན་པའི་ངང་སྤེལ་བར་འགན་སྲུང་དང་། རིམས་ནད་སྔོན་འགོག་བྱེད་པར་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པ། རྫོང་ཡོངས་ཀྱི་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ཡོང་བར་སྲུང་སྐྱོང་ནན་ཏན་བྱེད་པ། སྤྱི་ཚོགས་བརྟན་འཇགས་ཡོང་བར་སྲུང་སྐྱོང་བྱེད་པ་བཅས་ཀྱི་ཆེད་དུ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》དང་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགོས་ནད་འགོག་བཅོས་བཅའ་ཁྲིམས》《ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་གློ་བུར་དུ་ཐོན་པའི་འགོས་ནད་ཀྱི་རིམས་ནད་སོགས་ཚོད་འཛིན་བྱ་རྒྱུའི་སྐོར་གྱི་ཉེས་དོན་གྱོད་གཞིའི་ཞིབ་ཕྲའི་ཉེར་སྤྱོད་བཅའ་ཁྲིམས་ཀྱི་གནད་དོན་འགའ་ཞིག་གི་འགྲེལ་བཤད》སོགས་འབྲེལ་ཡོད་བཅའ་ཁྲིམས་ཀྱི་ཁྲིམས་སྲོལ་དང་ཁྲིམས་འཛིན་འགྲེལ་བཤད་ཀྱི་གཏན་འབེབས་གཞིར་བཟུང་ནས། ད་ལྟ་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་རིམས་ནད་སྔོན་འགོག་བྱེད་སྐབས་འབྲེལ་ཡོད་ཉེས་གསོག་བྱ་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་ནན་མོ་གཏོང་རྒྱུ་གཤམ་གསལ་ལྟར།

གཅིག རྫོང་རིམ་པ་དང་ཞང་རིམ་པའི་མི་དམངས་སྲིད་གཞུང་གི་རིམས་ནད་སྔོན་འགོག་བཀོད་འདོམས་སྡེ་ཁག་གིས་ཁྲིམས་ལྟར་ཁྱབ་བསྒྲགས་བྱས་པའི་འབྲེལ་ཡོད་རིམས་ནད་སྔོན་འགོག་གི་གཏན་འབེབས་དང་། བཀའ་རྒྱ། བྱ་ཐབས་བཅས་ལ་བརྩི་སྲུང་མི་ཞུ་བའམ་ཡང་ན་ལག་བསྟར་གཏན་ནས་མི་བྱེད་པ་ཁྲིམས་འགལ་གྱི་ནག་ཉེས་སུ་གྲུབ།

གཉིས། རྒྱལ་ཁབ་ཀྱི་ལས་བྱེད་མི་སྣས་ཁྲིམས་ལྟར་ལས་འགན་སྒྲུབ་པར་འགོག་རྐྱེན་བཟོ་བ་དང་རིམས་ནད་སྔོན་འགོག་གི་སྒྲིག་ལམ་དང་། སྨན་བཅོས་ཀྱི་སྒྲིག་ལམ། སྤྱི་ཚོགས་ཀྱི་སྒྲིག་ལམ་བཅས་ལ་གཏོར་བརླག་བཟོ་བ་དང་ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་གཞན་དག་སྟེ་རྒྱལ་ཁབ་ཀྱི་ལས་དོན་མི་སྣ་དང་། འཕྲོད་བསྟེན་སྨན་བཅོས་ལས་ཁུངས་ཀྱི་ལས་དོན་མི་སྣ། རིམས་ནད་སྔོན་འགོག་གི་ལས་དོན་མི་སྣ་བཅས་ལ་སྡིག་དམོད་དང་དམའ་འབེབས། འཇིགས་སྐུལ། གནོད་འཚེ་བཅས་བྱས་ན་ཁྲིམས་འགལ་གྱི་ནག་ཉེས་སུ་གྲུབ།

གསུམ། དྲ་རྒྱའི་ཞབས་ཞུ་མཁོ་འདོན་བྱེད་མཁན་གྱིས་བཅའ་ཁྲིམས་སུ་གཏན་འཁེལ་བྱས་པའི་ཆ་འཕྲིན་དྲ་རྒྱའི་བདེ་འཇགས་དོ་དམ་གྱི་འོས་འགན་ལག་བསྟར་མི་བྱེད་པ་དང་། ལྟ་སྐུལ་དོ་དམ་སྡེ་ཁག་གིས་ཡོ་བསྲང་བྱ་ཐབས་སྤྱོད་དགོས་པའི་བཀའ་བཏང་ཡང་ཡོ་བསྲང་མ་བྱས་པར་རིམས་ནད་ཀྱི་ཆ་འཕྲིན་རྫུན་མ་དང་དེ་བཞིན་འབྲེལ་ཡོད་ཀྱི་གནོད་ཡོད་ཆ་འཕྲིན་གཞན་དག་བརྒྱུད་སྤེལ་བྱས་པ་ཁྲིམས་འགལ་གྱི་ནག་ཉེས་སུ་གྲུབ།

བཞི། རིམས་ནད་འགོག་བཅོས་ཀྱི་འགོག་སྲུང་དངོས་རྫས་སམ་སྨན་རྫས་བཙན་ཤེད་ཀྱིས་བཙན་ལེན་བྱས་པའམ་གང་བྱུང་དུ་གཏོར་བརླག་གཏོང་བ་དང་། སྒེར་སྤྱོད་བྱེད་པ། ཡང་ན་མི་མང་འདུ་འཛོམས་བྱ་ཡུལ་དུ་འུར་བརྒྱབ་ནས་ཟིང་ཆ་བསླངས་ཏེ་སྤྱི་པའི་སྒྲིག་ལམ་དཀྲུགས་ན་ཁྲིམས་འགལ་གྱི་ནག་ཉེས་སུ་གྲུབ།

ལྔ། ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའམ་ཡང་ན་འགོས་པའི་དོགས་པ་ཡོད་པ་ཤེས་བཞིན་དུ་མི་མང་འདུ་འཛོམས་བྱ་ཡུལ་དུ་འཛུལ་བའམ་ཡང་ན་གནས་ཚུལ་སྦ་གསང་བྱས་ཏེ་མཆིལ་མ་དང་ཁ་ལུད་འཕེན་པའམ་ཡང་ན་ཐག་ཉེ་ས་ནས་ཁ་བརྡ་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་བསམ་གཟས་ནས་མི་གཞན་པར་ཁྱབ་བསྒྲགས་བྱས་ཏེ་སྤྱི་པའི་བདེ་འཇགས་ལ་གནོད་འཚེ་བཏང་པ་ཁྲིམས་འགལ་གྱི་ནག་ཉེས་སུ་གྲུབ།

དྲུག ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའམ་ཡང་ན་འགོས་པའི་དོགས་པ་ཡོད་པ་ཤེས་བཞིན་དུ་འཕྲོད་བསྟེན་རིམས་འགོག་ལས་ཁུངས་ཀྱིས་རིམས་ནད་བརྟག་དཔྱད་དང་བཙན་ཤེད་ལོགས་བཀར་རམ་ཡང་ན་སྨན་བཅོས་བྱེད་པ་དང་ལེན་མི་བྱེད་པ་དང་། ལས་འཛོལ་གྱིས་རིམས་ནད་མཆེད་པ་དང་རྒྱ་ཆེར་སོང་བ་སོགས་ཀྱི་མཇུག་འབྲས་ཚབས་ཆེན་བཟོས་ནས་སྤྱི་བའི་བདེ་འཇགས་ལ་གནོད་འཚེ་བཏང་བ་ཁྲིམས་འགལ་གྱི་ནག་ཉེས་སུ་གྲུབ།

བདུན། འབྲེལ་ཡོད་སྡེ་ཁག་དང་རོལ་རྩེད་ཁང་། ཁྲོམ་ར། ཆང་ཁང་། འཛུགས་སྐྲུན་ལས་རིགས། ཁང་པ་གླ་གཏོང་སོགས་རིམས་ནད་སྔོན་འགོག་གི་གཏན་འབེབས་ལས་འགལ་ཏེ་བཟོ་ལས་གཉེར་བ་དང་རིམས་ནད་སྔོན་འགོག་གི་འོས་འགན་མ་ཁུར་བར་འགོས་ནད་ཀྱི་ནད་གཞི་འགོས་ཁྱབ་བྱེད་པ་བཅས་བཅའ་ཁྲིམས་ཀྱི་གཏན་འབེབས་ལས་འགལ་ཏེ་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་སྔོན་འགོག་བྱེད་པའི་མིང་ཐོག་ནས་མཚམས་སྦྱོར་བརྡ་ཁྱབ་སྤེལ་ནས་བྲིན་ཚོང་བྱས་པའི་ཚོང་ཟོག་གམ་ཡང་ན་ཞབས་ཞུའི་ཐད་དྲིལ་བསྒྲགས་རྫུན་མ་བྱས་ན་ཁྲིམས་འགལ་གྱི་ནག་ཉེས་སུ་གྲུབ།

བརྒྱད། འབྲེལ་ཡོད་ཁྲོམ་རའི་གཉེར་སྐྱོང་དང་རིན་གོང་དོ་དམ་སོགས་ཀྱི་གཏན་འབེབས་ལས་འགལ་ཏེ་སྨན་བཅོས་ཐད་སྤྱོད་པའི་ཁ་ཐུམ་དང་འགོག་སྲུང་གྱོན་ཆས་སོགས་སྔོན་འགོག་མཁོ་ཆས། དེ་བཞིན་ནད་དུག་འགོག་བཅོས་ཀྱི་འབྲེལ་ཡོད་སྨན་རྫས་དང་སྨན་བཅོས་ཡོ་བྱད་སོགས་ཉོ་འཚོང་དང་། དངོས་གོང་ཧམ་སྤར། ཁེ་བཟང་ཆེན་པོ་ཧམ་ལེན་བཅས་བྱས་ནས་ཁྲོམ་རའི་སྒྲིག་ལམ་ལ་གཏོར་བརླག་བཟོས་ན་ཁྲིམས་འགལ་གྱི་ནག་ཉེས་སུ་གྲུབ།

དགུ། རིམས་ནད་བྱུང་སྐབས་སྤྱོད་ཆས་རྫུན་མ་བཟོའམ་ཡང་ན་མ་དངུལ་གསོག་འཇོག་བྱས་ནས་རིམས་ནད་འགོག་པར་རོགས་སྐྱོར་བྱ་རྒྱུའི་མིང་ཐོག་ནས་མི་གཞན་ལ་མགོ་སྐོར་བཏང་ནས་གཞུང་སྒེར་གྱི་རྒྱུ་ནོར་གཡོ་ལེན་བྱས་ན་ཁྲིམས་འགལ་གྱི་ནག་ཉེས་སུ་གྲུབ།

བཅུ། རིམས་ནད་དང་འབྲེལ་བ་ཡོད་པའི་འགོག་བཅོས་རོགས་སྐྱོབ་དངོས་རྫས་དང་། སྒྲིག་ཆས། ཡོ་བྱད་བཅས་རྐུ་ཁྱེར་དང་། ཧམ་འཕྲོག གཏོར་བརླག ཧམ་བཟུང་། སྒེར་སྤྱོད་བཅས་བྱས་ན་ཁྲིམས་འགལ་གྱི་ནག་ཉེས་སུ་གྲུབ།

བཅུ་གཅིག ལྐོག་འབྲེལ་དང་། ངན་སྐུལ། སྒྲིག་འཛུགས་བཅས་བྱས་ནས་ཁྲིམས་འགལ་གྱིས་ཁྲོམ་སྐོར་དང་། འདུ་ཚོགས། མཉམ་འཛོམས་བྱས་ཏེ་དོན་རྐྱེན་སློང་བ། བསྙད་འདོགས་བྱས་སྟེ་ཟིང་ཆ་སློང་བ་སོགས་རིམས་ནད་སྔོན་འགོག་ལ་འགོག་རྐྱེན་བཟོ་བ་སོགས་ཁྲིམས་འགལ་གྱི་ནག་ཉེས་སུ་གྲུབ།

བཅུ་གཉིས། ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་ནད་ཡམས་གནས་ཚུལ་དང་འབྲེལ་བའི་འཇིགས་སྐུལ་གནས་ཚུལ་རྫུན་བཟོ་བྱེད་པ་དང་། ཡང་ན་གནས་ཚུལ་འདིའི་རིགས་དཀྲོགས་གཏམ་ཡིན་པ་ཤེས་བཞིན་དུ་འཕྲིན་ཐུང་དང་སྐད་འཕྲིན། པོད་འཕྲིན།མགྱོགས་འཕྲིན། འདར་དབྱངས་སོགས་དྲ་བའི་འཕྲིན་སྟེགས་ལས་བརྒྱུད་སྤེལ་བྱས་ཏེ། སྤྱི་ཚོགས་ཀྱི་སྒྲིལ་སྲོལ་ལ་གཏོར་བརླག་ཚབས་ཆེན་བཟོས་ཚེ། ཁྲིམས་འགལ་གྱི་ནག་ཉེས་སུ་གྲུབ།

བཅུ་གསུམ། རིམས་ནད་སྔོན་འགོག་བྱེད་པའི་སྐབས་སུ་མི་གཞན་པ་རྩ་འཛུགས་བྱས་ནས་ཕྱི་རོལ་དུ་སོང་སྟེ་གསོལ་སྟོན་སྒྲིག་པ་དང་སྤྲོ་རྩེད་བྱེད་པ། འཕྲོད་བསྟེན་རིམས་འགོག་སྡེ་ཁག་གིས་འགོས་ནད་འགོག་སྲུང་བཅའ་ཁྲིམས་ལས་བཏོན་པའི་འགོག་སྲུང་བྱེད་ཐབས་ལག་བསྟར་མི་བྱེད་པར་ཏོག་དབྱིབས་ནད་དུག་གསར་བ་གློ་ཚད་འགོས་ཁྱབ་བྱེད་དུ་བཅུག་པའམ་ཡང་ན་འགོས་ཁྱབ་གཏོང་བར་ཉེན་ཚབས་ཆེན་པོ་བཟོས་ཚེ། ཁྲིམས་འགལ་གྱི་ནག་ཉེས་སུ་གྲུབ།

བཅུ་བཞི། འགོས་ནད་འགོག་སྲུང་བཅའ་ཁྲིམས་སོགས་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྒྲིག་སྲོལ་དང་འགལ་ཏེ། ཏོག་དབྱིབས་ནད་དུག་གསར་བ་འགོས་པའི་ནད་པས་བཀོལ་བའི་ཁ་ཐུམ་དང་འཚོ་བའི་སྨན་བཅོས་ཀྱི་གད་སྙིགས་སོགས་ནད་དུག་ཡོད་པའི་དངོས་རྫས་དང་དུག་ཡོད་དངོས་པོའམ་ཡང་ན་ཉེན་ཚབས་ཆེ་བའི་དངོས་པོ་སོགས་གང་སར་གཡུག་པ་དང་དེ་དག་ཐག་གཅོད་བྱས་པ་ཚད་ལྡན་མ་ཡིན་པར་མཇུག་འབྲས་ཚབས་ཆེན་བཟོས་ཚེ་ཁྲིམས་འགལ་གྱི་ནག་ཉེས་སུ་གྲུབ།

བཅོ་ལྔ། བཙན་ཤུགས་དང་འཇིགས་སྐུལ་གྱི་བྱེད་ཐབས་སྤྱད་དེ་རྒྱལ་ཁབ་ཀྱི་ལས་བྱེད་མི་སྣ་དང་འཕྲོད་བསྟེན་རིམས་འགོག་མི་སྣ་སོགས་ཀྱིས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ལ་འགོག་སྲུང་དང་རིམས་ནད་ཞིབ་བཤེར། བཙན་ཤུགས་ཀྱིས་ལོག་བཀར་བྱེད་པ། སྨན་བཅོས་བྱེད་པ་སོགས་འགོག་སྲུང་བྱེད་ཐབས་སྤྱོད་པར་གཏོར་བརླག་བྱས་ཚེ་ཁྲིམས་འགལ་གྱི་ནག་ཉེས་སུ་གྲུབ།

བཅུ་དྲུག བསམ་བཞིན་དུ་སྨན་བཅོས་མི་སྣའི་མི་ལུས་བདེ་འཇགས་ལ་གནོད་སྐྱོན་བཟོས་པ་དང་ཡང་ན་བྱེད་ཐབས་གཞན་པ་སྤྱད་ནས་མངོན་སུམ་འཛེམ་མེད་ཀྱིས་སྨན་བཅོས་མི་སྣར་མཐོང་ཆུང་བྱས་ཚེ། ཁྲིམས་འགལ་གྱི་ནག་ཉེས་སུ་གྲུབ།

བཅུ་བདུན། སྨན་པའི་ལས་གཉེར་ཐོབ་ཐང་མེད་པར་ཁྲིམས་འགལ་གྱིས་སྨན་པའི་ལས་རིགས་གཉེར་བ་དང་། རིགས་འདྲའི་ཏོག་དབྱིབས་ནད་དུག་གསར་བའི་སྨན་བཅོས་ཀྱི་ལས་རིགས་གཉེར་ནས། ནད་འགོས་པ་དང་ཡང་ན་ཕན་ཚུན་ལ་འགོས་པ། དེར་མ་ཟད་དོགས་ཡོད་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ནད་པར་འཁྲུལ་བཅོས་ཡང་ན་ཕན་ཚུན་ལ་འགོས་པ་སོགས་མཇུག་འབྲས་ཚབས་ཆེན་བཟོས་ཚེ།ཁྲིམས་འགལ་གྱི་ནག་ཉེས་སུ་གྲུབ།

བཅོ་བརྒྱད། རི་སྐྱེས་སྲོག་ཆགས་དང་དེའི་གྲུབ་ཆས་བཟོས་པའི་དངོས་པོ་དག་ཁྲིམས་འགལ་གྱིས་ཉོ་སྒྲུབ་དང་སྐྱེལ་འདྲེན། ཕྱིར་འཚོང་སོགས་བྱས་ནས་མཇུག་འབྲས་ངན་པ་བཟོས་ཚེ། ཁྲིམས་འགལ་གྱི་ནག་ཉེས་སུ་གྲུབ།

བཅུ་དགུ། རིམས་ནད་འབྱུང་བའི་སྐབས་སུ། རྒྱལ་ཁབ་གྱི་ལས་བྱེད་མི་སྣས་རང་ཉིད་ཀྱི་ཐོབ་ཐང་བེད་སྤྱད་ནས།ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་སྔོན་འགོག་བྱེད་པའི་རྒྱུ་དངུལ་ཧམ་ཟ་དང་ཧམ་བཟུང་བྱེད་པའམ་རྒྱུ་དངོས་སོགས་སྒེར་སྤྱོད་བྱས་ཚེ། ཁྲིམས་འགལ་ནག་ཉེས་སུ་གྲུབ།

ཉི་ཤུ། ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་སྔོན་འགོག་གི་བྱ་བའི་ཁྲོད།རྩ་འཛུགས་དང་སྙོམ་སྒྲིག མཛུབ་སྟོན། གནོད་སྐྱོན་བརྟག་ཞིབ།ཚོད་འཛིན། སྨན་བཅོས་སྲོག་སྐྱོབ། བརྡ་འཕྲིན་བརྒྱུད་སྤྲོད། འགྲུམ་འགྲུལ་སྐྱེལ་འདྲེན། དངོས་རྫས་ཁག་ཐེག་སོགས་འགན་འཁུར་མཁན་གྱི་རྒྱལ་ཁབ་ཀྱི་ལས་བྱེད་མི་སྣས་དབང་ཆ་གང་བྱུང་དུ་སྤྱོད་པའམ་ལས་འགན་སྣང་མེད་ཏུ་བཞག་ནས་སྤྱི་པའི་རྒྱུ་ནོར་དང་རྒྱལ་ཁབ། མི་དམངས་ཀྱི་ཁེ་ཕན་སོགས་ལ་གནོད་སྐྱོན་ཚབས་ཆེན་བཟོས་པའམ། རིམས་ནད་ཀྱི་གནས་ཚུལ་སྦས་གསང་དང་འགོར་འགྱང་།རྫུན་ཞུ་བྱེད་པ། ཡང་ན་རིམས་ནད་སྔོན་འགོག་གི་ཐག་གཅོད་དང་བཀའ་རྒྱ་ལག་བསྟར་མི་བྱེད་པར་རིམས་ནད་འགོས་པའི་ཁྱབ་ཁོངས་ཆེ་རུ་སོང་ནས་གནས་ཚུལ་ཚབས་ཆེར་སོང་ཚེ་ཁྲིམས་འགལ་གྱི་ནག་ཉེས་སུ་གྲུབ།

ཉེར་གཅིག རིམས་ནད་སྔོན་འགོག་གི་སྒྲིག་ལམ་དང་སྨན་བཅོས་ཀྱི་སྒྲིག་ལམ། སྤྱི་ཚོགས་ཀྱི་སྒྲིག་ལམ་སོགས་ལ་གཏོར་བརླག་བྱེད་པའི་ཉེས་གསོག་གི་བྱ་སྤྱོད་གཞན་དག

གོང་གི་བྱ་སྤྱོད་གང་རུང་དང་འགལ་ཚེ། སྤྱི་བདེ་ཅུས་དང་ཞིབ་དཔྱོད་ཁང་། མི་དམངས་ཁྲིམས་ཁང་བཅས་ཀྱིས་ཁྲིམས་ལྟར་ཞིབ་བཤེར་ནན་མོ་དང་རྡུང་རྡེག་དྲག་པོ་གཏོང་རྒྱུ་ཡིན་པས། སྤྱི་བདེ་ཅུས་དང་མི་དམངས་ཞིབ་དཔྱོད་ཁང་། མི་དམངས་ཁྲིམས་ཁང་བཅས་ཀྱི་གཞུང་ཞབས་མི་སྣས་ཁྲིམས་ལྟར་ལས་འགན་འཁུར་བ་དང་། ཡ་རབས་ཁྲིམས་འཛིན་བྱེད་པ། རང་འགན་ནན་སྒྲུབ་བྱེད་པ་བཅས་བྱས་ནས། རྫོང་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཀྱང་རང་རྟོགས་སྒོས་བཅའ་ཁྲིམས་དང་ཁྲིམ་སྲོལ་བརྩི་སྲུང་བྱས་ཏེ། ཧུར་ཐག་གིས་ཏང་ཨུ་དང་སྲིད་གཞུང་ལ་གཞོགས་འདེགས་ཅི་ཐུབ་བྱས་ཏེ་རིམས་ནད་སྔོན་འགོག་བྱེད་པ་དང་། ཁྲིམས་འགལ་ནག་ཉེས་བཟོ་བར་རྡུང་རྡེག་གཏོང་བར་རོགས་འདེགས་བྱས་ཏེ་རིམས་ནད་སྔོན་འགོག་སྐབས་ཀྱི་སྤྱི་ཚོགས་སྒྲིག་སྲོལ་ལ་མཉམ་དུ་སྲུང་སྐྱོང་བྱེད་དགོས་པའི་རེ་བ་བཏོན་པ་ཡིན།

བརྡ་ཁྱབ་འདི་སྤེལ་ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན།


ཀླུ་ཆུ་རྫོང་མི་དམངས་ཁྲིམས་ཁང་།

ཀླུ་ཆུ་རྫོང་མི་དམངས་ཞིབ་དཔྱོད་ཁང་།

ཀླུ་ཆུ་རྫོང་སྤྱི་བདེ་ཅུས།

༢༠༢༠ལོའི་ཟླ༢པའི་ཚེས་༡༠ཉིན།


碌曲縣人民法院 碌曲縣人民檢察院 碌曲縣公安局關於依法嚴厲打擊疫情防控期間違法犯罪行為的通告


碌曲縣人民法院 碌曲縣人民檢察院

碌曲縣公安局關於依法嚴厲打擊疫情防控期間違法犯罪行為的通告


為依法保障全縣新型冠狀病毒感染肺炎疫情防控工作有序開展,堅決打贏疫情防控阻擊戰,切實維護全縣人民群眾生命安全和身體健康,維護社會穩定,根據《中華人民共和國刑法》、《中華人民共和國傳染病防治法》和《最高人民法院、最高人民檢察院關於辦理妨害預防、控制突發傳染病疫情等災害的刑事案件具體應用法律若干問題的解釋》等相關法律法規及司法解釋的規定,現就依法嚴厲打擊新型冠狀病毒感染肺炎疫情防控期間相關犯罪行為通告如下:

一、不服從、不配合或者拒不執行縣級鄉級人民政府及其疫情防控指揮部門依法發佈的有關疫情防控決定、命令、措施,構成違法、犯罪的;

二、阻礙國家工作人員依法執行職務,擾亂疫情防控秩序、醫療秩序和社會秩序的其他違法犯罪行為;謾罵、侮辱、威脅、傷害國家工作人員、衛生醫療機構工作人員和其他從事疫情防控工作人員,構成違法、犯罪的;

三、 網絡服務提供者不履行法定信息網絡安全管理義務,經監管部門責令採取改正措施而拒不改正,導致疫情虛假信息及其他相關有害信息傳播,構成犯罪的;

四、強拿硬要或者任意損毀、佔用疫情防治的防護物資或藥品的,或者在公共場所起鬨鬧事,擾亂公共秩序,構成違法、犯罪的;

五、明知已感染或疑似感染新型冠狀病毒肺炎的人員,仍進入公共場所或者隱瞞情況,以唾液、飛沫或近距離接觸等方式,故意向他人傳播,危害公共安全,構成犯罪的;

六、明知已感染或疑似感染新型冠狀病毒肺炎的人員,拒絕接受衛生防疫機構檢疫、強制隔離或治療,過失造成疫情蔓延、擴大等嚴重後果,危害公共安全,構成犯罪的;

七、用工單位、娛樂場所、商場酒店、建築工地、出租房屋等違反疫情防控決定、命令開(復)工、未履行防疫義務引起傳染病病源傳播的。違反法律規定,假借防控新型冠狀病毒感染肺炎的名義,利用廣告對所推銷的商品或者服務作虛假宣傳,構成犯罪的;

八、違反有關市場經營、價格管理等規定,對醫用口罩、防護服等預防用品以及防治病毒的相關藥品、醫療器械等囤積居奇、哄抬物價、牟取暴利,嚴重擾亂市場秩序,構成犯罪的;

九、在疫情發生期間,假借研製、生產或者銷售用於防控疫情用品或籌資援助抗疫的名義,詐騙公私財物,構成犯罪的;

十、盜竊、哄搶、破壞、侵佔、挪用涉疫情防治救援物資、設備、器械,構成犯罪的;

十一、串聯、煽動、組織非法遊行、集會、聚集鬧事、尋釁滋事等擾亂疫情防控工作,構成犯罪的;

十二、編造與新型冠狀病毒感染的肺炎疫情有關的虛假恐怖信息,或者明知是編造的此類信息而故意通過短信、微信、微博、快手、抖音等網絡平臺進行傳播,嚴重擾亂社會秩序,構成犯罪的;

十三、在疫情防控期間,組織他人外出聚餐、娛樂,拒絕執行衛生防疫機構依照傳染病防治法提出的防控措施,引起新型冠狀病毒傳播或者有傳播嚴重危險,構成犯罪的;

十四、違反傳染病防治法等國家有關規定,隨意傾倒或者處置新型冠狀病毒感染者使用過的口罩、生活醫療垃圾等含有病原體的廢物、有毒物質或者其他危險廢物,造成嚴重後果,構成犯罪的;

十五、以暴力、威脅方法阻礙國家工作人員、衛生防疫人員等為防治新型冠狀病毒感染的肺炎採取的防疫、檢疫、強制隔離及治療等防控措施,構成犯罪的;

十六、故意傷害醫務人員、侵害醫務人員人身安全或者採取其他方式公然侮辱醫務人員,構成犯罪的;

十七、未取得醫師執業資格非法行醫,從事與新型冠狀病毒有關診療活動,造成感染、交叉感染或者疑似新型冠狀病毒感染的肺炎病人貽誤診治或者造成交叉感染等嚴重情節,構成犯罪的;

十八、非法收購、運輸、出售野生動物及其製品等行為,後果嚴重,構成犯罪的;

十九、在疫情發生期間,國家工作人員利用職務便利,貪汙、侵佔用於防控新型冠狀病毒感染肺炎疫情的款物,或者挪用上述款物歸個人使用,構成犯罪的;

二十、在新型冠狀病毒感染肺炎疫情的防控工作中,負有組織、協調、指揮、災害調查、控制、醫療救治、信息傳遞、交通運輸、物資保障等職責的國家機關工作人員,濫用職權或者翫忽職守,致使公共財產、國家和人民利益遭受重大損失,或者隱瞞、緩報、謊報疫情,或者拒不執行防控疫情的決定、命令,造成傳染範圍擴大、疫情加重,構成犯罪的;

二十一、其他擾亂疫情防控秩序、醫療秩序和社會秩序的犯罪行為。

凡實施上述行為之一的,公檢法機關將視情節依法從嚴從重從快查處打擊。希望全體公檢法公務人員依法履行法定職責,文明執法、恪盡職守;希望全縣廣大幹部群眾自覺遵守法律法規,積極配合黨委政府開展疫情防控,協助打擊違法犯罪,共同維護疫情防控期間社會秩序。

該通告自發布之日起實施。


碌曲縣人民法院

碌曲縣人民檢察院

碌曲縣公安局

二0二0年二月十日


分享到:


相關文章: