朵森格路管網改造將於3月15日開工

ཟླ་བ་༣ཚེས་༡༥ཉིན་རྡོ་སེང་གེ་ལམ་གྱི་མདོང་ལམ་དྲ་བའི་སྒྱུར་བཀོད་ལས་གྲྭ་ལས་འགོ་ཚུགས་རྒྱུ།

朵森格路管網改造將於3月15日開工

朵森格路管網改造將於3月15日開工

ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་མདོང་ལམ་མ་ལག་འཐུས་ཚང་དུ་གཏོང་བ་དང་གྲོང་མིའི་སྤྱོད་ཆུའི་ཆ་རྐྱེན་ལེགས་སུ་བཏང་ནས་རིག་ལྡན་ཆུ་དོན་གྲོང་ཁྱེར་སྐྲུན་ཐུབ་ཆེད།འདི་ལོའི་འཆར་གཞི་ལྟར་ན།རྡོ་སེང་གེ་ལམ་དང་།སེ་ར་ལམ་གྱི་ལྷོ་རྒྱུད།གླིང་སྐོར་ཤར་ལམ་བཅས་ཚུད་པའི་ལམ་༦གི་མདོང་ལམ་སྒྱུར་བཀོད་དང་རིག་ལྡན་ཆུ་རྒྱུད་རྣམ་གྲངས་འཛུགས་སྐྲུན་བྱ་རྒྱུ་ཡིན་པ་རེད། དེའི་ནང་ནས་རྡོ་སེང་གེ་ལམ་གྱི་མདོང་ལམ་དྲ་བ་སྒྱུར་བཀོད་བྱ་རྒྱུ་དེ་འདི་ལོ་ལས་འགོ་ཚུགས་རྒྱུའི་ལམ་དང་པོ་ཡིན་པའི་ངོས་ནས་ཟླ་༣ཚེས་༡༥ཉིན་དངོས་སུ་ལས་འགོ་འཛུགས་རྒྱུ་ཡིན་པ་རེད།

為完善拉薩市城市管網系統,改善居民用水生活,建設智慧型水務城市。今年計劃對包括朵森格路、色拉路南段、林廓東路在內的6條道路進行管網改造和智慧水系項目建設其中,朵森格路管網改造作為今年開工的第一條道路,將於3月15日開始正式施工。

朵森格路管網改造將於3月15日開工

རྡོ་སེང་གེ་ལམ་(པེ་ཅིང་ཤར་ལམ་ནས་ཅང་སུའུ་ལམ་བར་)གྱི་རིང་ཚད་ཧྲིལ་པོར་སྨི་༦༨༠ཟིན་པ་དང་།གཞུང་ལམ་ཐོག་གི་རྒྱུ་འགྲུལ་བྱ་ཚད་དང་རླངས་འཁོར་འགྲོ་སྐྱོད་བྱེད་ཚད་ཀྱང་ཅུང་མང་།

朵森格路(北京東路—江蘇路)全長680米,道路上的人流量和車流量都比較大。

朵森格路管網改造將於3月15日開工

ཟླ་༣ཚེས་༡༢ཉིན་གྱི་ཕྱི་དྲོ།གསར་འགོད་པ་རྡོ་སེང་གེ་ལམ་དུ་སྐྱོད་སྐབས།རྡོ་སེང་གེ་ལམ་གྱི་དཀྱིལ་མཚམས་ནུབ་ངོས་ལམ་དུམ་བུའི་མཐའ་བསྐོར་ནས་བཀག་ཡོད་པ་དང་།ལས་གོས་གྱོན་ཞིང་།ཁ་རས་དང་ཉེན་སྲུང་ཞྭ་མོ་གྱོན་པའི་ལས་བཟོ་བ་ཁ་ཤས་ཀྱིས་གྱང་གི་མཐའ་བསྐོར་ནས་སྦྱར་ཡིག་སྦྱར་བཞིན་ཡོད་པ་མཐོང་ཡོད་ལ།ལས་ཡུལ་ཁུལ་དུ་བདེ་འཇགས་ལ་གཟབ་དགོས་ཅེས་དང་།འགྲོ་སྐྱོད་བྱེད་མི་ཆོག་ཅེས་པའི་བདེ་འཇགས་དྲན་སྐུལ་གྱི་བརྡ་ཁྱབ་སྦྱར་ཡོད་པ་རེད།

3月12日下午,記者來到朵森格路看到,朵森格路中段的西側道路段已經被圍擋起來,幾名身穿工作服,佩戴口罩和安全帽的工人正在圍擋牆上貼標語橫幅,現場隨處可見“施工地段,注意安全”“禁止通行”的安全提示。

朵森格路管網改造將於3月15日開工

ད་ལོའི་མདོང་ལམ་སྒྱུར་བཀོད་ནང་བཅིངས་འགྲོལ་དཀྱིལ་ལམ་(སྣེའུ་ཟམ་ཆེན་-དྲན་གསོའི་རྡོ་རིང་)དང་།བཅིངས་འགྲོལ་དཀྱིལ་ལམ།(དྲན་གསོའི་རྡོ་རིང་-མཁར་རྔ་གདོང་ལམ་མདོ།)ཅང་སུའུ་ལྷོ་ལམ།(མཁར་རྔ་གདོང་ལམ་-ནུབ་ཀྱི་ལམ་གསུམ།)གླིང་བསྐོར་ཤར་ལམ།(ཅང་སུའུ་ལམ་-གཙང་འགྲམ་ལམ།)རྡོ་སེང་གེ་ལམ།(པེ་ཅིན་ཤར་ལམ། -ཅང་སུའུ་ལམ།)སེ་ར་ལྷོ་ལམ།(བྱང་འདབས་ཆུ་བཟོ་གྲྭ། - གླིང་བསྐོར་བྱང་ལམ།)བཅས་ལམ་ཁག་དྲུག་ཚུད་ཡོད།

今年管網改造主要包括金珠中路(柳梧大橋-紀念碑)、金珠中路(紀念碑-康昂路口)、江蘇南路(康昂路口-西三路)、林廓東路(江蘇路-濱河路)、朵森格路(北京東路-江蘇路)、色拉南路(北郊水廠-林廓北路)這六段道路。


朵森格路管網改造將於3月15日開工

རྡོ་སེང་གེ་ལམ་གྱི་སྒྱུར་བཀོད་ལས་གྲྭ་ཟླ་༤ཚེས་༢༠ཉིན་བསྐྲུན་ཟིན་རྒྱུ་དང་འབྲེལ་གཞུང་ལམ་འགྲོ་རྒྱུག་སླར་གསོ་ཐུབ་རྒྱུ་རེད། ཨར་སྐྲུན་བྱེད་རིང་།རྡོ་སེང་གེ་ལམ་དུ་བྱང་ནས་ལྷོ་ངོས་སུ་རྐྱང་ལམ་དུ་སྐྱོད་དགོས།

朵森格路預計將於4月20日完成施工,並進行道路恢復。施工期間,朵森格路施行自北向南單行道通行


分享到:


相關文章: