致全市奋战在疫情防控一线全体人员的慰问信

<strong>གྲོང་ཁྱེར་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོར་འབད་འབུངས་བྱེད་བཞིན་པའི་མི་སྣ་ཡོངས་ལ་བཏང་བའི་འཚམས་འདྲིའི་ཡི་གེ།

致全市奋战在疫情防控一线全体人员的慰问信


<strong>༄༅།། གྲོང་ཁྱེར་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོའི་ལས་མི་རྣམས།

全市奋战在疫情防控第一线的全体人员:


<strong>ཁྱེད་ཚོ་སྐུ་ལས་ཁག་སོང་།

你们辛苦了!


<strong>ཏོག་གསར་གློ་ཚད་ཀྱི་རིམས་ནད་གསར་པ་བྱུང་བ་ནས་བཟུང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་བཀོད་འདོམས་དང་བཀོད་སྒྲིག་གནང་བ་དང་། ཚོགས་འདུ་ཐེངས་མང་འཚོགས་པ། སྙན་ཞུ་གསན་པ། མཛུབ་སྟོན་གལ་ཆེན་གནང་བ་བཅས་ཀྱི་ཐོག་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཕྱོགས་ཡོངས་ནས་སྒྲིག་འཛུགས་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་རྒྱུན་གཏན་སྒྲིག་ལམ་སྲུང་སྐྱོང་ནུས་ལྡན་བྱས་ཡོད། ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་བཅས་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་རིམ་པ་བཞིན་ཕྱོགས་བཞིའི་འགན་འཁྲི་ནན་དུ་བཏང་བ་དང་། གུང་ཁྲན་ཏང་ཡོན་གྱིས་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ། རྒྱ་ཆེའི་སྨན་དོན་ལས་དོན་པ་དང་། སྤྱི་བདེ་ལས་བྱེད་ཉེན་རྟོག་པ། གཞི་རིམ་ལས་བྱེད་པ་སོགས་འཐབ་ས་དང་པོའི་ལས་དོན་མི་སྣས་ཁྱིམ་ཚང་ཆུང་ངུ་བློས་བཏང་ནས་ལས་གནས་བརྟན་སྲུང་དང་རང་སྲོག་བློས་གཏོང་རྒྱུར་མི་སྐྲག་པ་བཅས་བྱས་ཏེ་ཉིན་མཚན་མེད་པར་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོར་འབད་འཐབ་བྱས་པས་རང་རེའི་གྲོང་ཁྱེར་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་སྐུལ་འདེད་བཏང་བར་དགེ་མཚན་ལྡན་པའི་ཕན་འབྲས་ཐོབ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་དགོངས་ནི་རྒྱལ་ཡོངས་ཀྱི་རིམས་འགོག་འཐབ་སའི་ཐོག་འབད་འབུངས་བྱེད་བཞིན་པའི་ལས་དོན་པ་རྣམས་དང་དམ་པོར་སྦྲེལ་ནས་ཡོད། བོད་ཀྱི་ལོ་གསར་ཤར་བའི་མཚམས་འདིར་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་བྱམས་བརྩེའི་འཚམས་འདྲི་བརྒྱུད་བསྒྲགས་དང་། གྲོང་ཁྱེར་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོར་འབད་འཐབ་བྱེད་མཁན་བློ་མཐུན་ཚོར་བླ་ན་མེད་པའི་གུས་འདུད་ཞུ་རྒྱུ་མ་ཟད། སྔར་ནས་ད་བར་རྒྱབ་ཏུ་ཁེ་གྲགས་དོར་ནས་རྒྱབ་སྐྱོར་གནང་བཞིན་པའི་ཁྱེད་ཚོའི་ནང་མི་དང་གཉེན་ཉེ་ཚོར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

新冠肺炎疫情发生以来,以习近平同志为核心的党中央始终坚持把人民群众生命安全和身体健康放在第一位,习近平总书记亲自指挥、亲自部署,多次召开会议、听取汇报、作出重要指示,全面组织开展疫情防控工作,有力维护经济社会正常秩序。在党中央、国务院和自治区党委、政府的坚强领导下,按照市委、市政府的统一部署,全市各级党组织层层压实四方责任,共产党员充分发挥先锋模范作用,广大医务工作者、公安干警、基层干部等一线工作人员舍小家为大家,坚守岗位、不怕牺牲,夜以继日奋战在疫情防控的第一线,推动我市疫情防控工作取得了积极成效。习近平总书记一直心系全国奋战在疫情防控一线的医务工作者和广大干部职工,在藏历新年来临之际,按照自治区党委、政府的统一部署,市委、市政府在此转达习近平总书记的亲切问候!向全市奋战在疫情防控一线的同志们致以崇高的敬意!向一直以来在背后默默支持你们的家人亲友表示衷心的感谢!


<strong>ཉེན་ཁ་ཆེ་བའི་སྐབས་སུ་ལས་གནས་བརྟན་སྲུང་བྱེད་མཁན་ཚང་མ་དཔའ་བོ་རེད། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་བབ་ཛ་དྲག་གི་མདུན་དུ་ཁྱེད་ཚོས་འདུ་ཤེས་བཞི་ཟབ་ཏུ་གཏོང་བ་དང་། གདེང་ཚོད་བཞི་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ཐུབ་པ་བཅས་བྱས་ནས། དཀའ་ཚེགས་དང་ཉེན་ཁ་ཇི་ཙམ་ཆེ་ན་དེ་ཙམ་མདུན་སྐྱོད་བྱེད་པའི་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་སྟེ་ཏོག་གསར་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུ་སྨུག་མེད་པའི་གཡུལ་སར་སེམས་ནུས་ཡོད་རྒུ་བཏོན་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཉེན་ཟོན་ཐིག་དང་། སྲོག་རྩ། འགན་སྲུང་ཐིག་བཅས་སྲུང་སྐྱོང་བྱས་ནས་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཚ་རྒྱས་སྒོ་བསྟེན་སྨན་བཅོས་ཀྱི་འཐབ་ས་དང་པོར་རྒྱ་ཆེའི་སྨན་དོན་མི་སྣས་ངང་རྒྱུད་རིང་པོས་སྲུང་སྐྱོང་དང་བདག་སྐྱོང་ཞིབ་ཚགས་བྱས་ཏེ་འཕྲལ་མ་ཉིད་དུ་ནད་གཞི་ཞིབ་འབྱེད་དང་ཉེན་ཁ་སེལ་བ། གནམ་ཐང་དང་། མེ་འཁོར་འབབ་ཚུགས། ཞིབ་བཤེར་ས་ཚིགས་སོགས་འགག་སྒོ་ཁག་ཏུ་རྒྱ་ཆེའི་སྤྱི་བདེ་མི་དམངས་ཉེན་རྟོག་པ་དང་གཞི་རིམ་ལས་བྱེད་པས་གྲ་སྒྲིག་ཨང་གསར་དང་དོགས་ཟོན་ནན་པོ་བྱས་ཏེ་གྲོང་མི་ཡོངས་ལ་བདེ་ཐང་གི་འགག་སྒོ་དང་པོ་དེ་དམ་པོར་སྲུང་བ་དང་། གནས་གཏན་འཁེལ་གྱི་ལོགས་དབྱེའེ་གསོ་རིག་ལྟ་ཞིབ་མགྲོན་ཁང་དུ་བཅའ་སྡོད་ལས་དོན་ཚོགས་ཆུང་ཁག་གིས་དོ་དམ་ལ་ཤུགས་སྣོན་དང་ཞབས་ཞུ་གང་ལེགས་བྱས་ནས་གཅིག་སྡུད་གསོ་རིག་ལྟ་ཞིབ་ཀྱི་བདེ་འཇགས་ཞི་མཐུན་འགན་ལེན་བྱས་པ་དང་། སྡེ་ཁུལ་གྱི་གྲོང་ཚོ་དང་། སྡོད་ཁང་ཁུལ་ཆུང་། ལས་ཁུངས་ཀྱི་སྒོ་ར་ཆེན་མོ། ཚོང་ཁང་དང་སྒོ་རྩིས་ཚོང་ཁང་སོགས་གཙོ་གནད་ཁུལ་དུ་རྒྱ་ཆེའི་གཞི་རིམ་ཏང་ཡོན་ལས་བྱེད་པ་དང་། མཉམ་འགོག་མཉམ་བཅོས་ཀྱི་སྟོབས་ཤུགས། ལས་བྱེད་པ་གཞི་རིམ་དུ་འབྱོར་ཐོ་བཀོད་ནས་ལས་དོན་ཏན་ཏིག་སྒྲུབ་པ་དང་བརྩེ་སེམས་བཅངས་ནས་ཞབས་འདེགས་ཞུ་བ་དང་། ཁྱིམ་སྡོད་ལོགས་བགར་ཞབས་ཞུའི་དོ་དམ་ལ་ཤུགས་སྣོན་རྒྱག་པ། བློ་གཅིག་སེམས་གཅིག་གིས་ཁྱིམ་གཞིས་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པ། ཆུ་དང་། གློག སྣུམ། སོལ་རླངས། འགྲིམ་འགྲུལ། རྣམ་གྲངས་འཛུགས་སྐྲུན། ཁེ་ལས་ཀྱི་ཐོན་སྐྱེད། འཚོ་བའི་མཁོ་ཆས་བཅས་མཁོ་སྤྲོད་འགན་ལེན་གྱི་འཐབ་ས་དང་པོར་ལས་རིགས་ཁག་གི་ལས་དོན་པས་བློ་གཅིག་སེམས་གཅིག་གིས་དམངས་ཆེད་དང་འབད་འབུངས་ཧུར་ལེན་གྱིས་ཁྲོམ་རའི་མཁོ་སྤྲོད་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་ཏེ་དྲོ་སྐྱིད་ལྡན་པའི་ཞབས་ཞུ་རྒྱ་ཆེའི་གྲོང་མི་མང་ཚོགས་ཀྱི་སྒོ་འགྲམ་དུ་བསྐྱལ་བ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོར་རྒྱ་ཆེའི་ལྷ་སའི་སྨྱན་སྦྱོར་མི་སྣས་མང་ཚོགས་དང་འབྲེལ་འདྲིས་བྱས་ནས་མི་སེམས་ལ་དྲོ་སྐྱིད་སྦྱིན་པའི་གསར་འགྱུར་གཏོང་སྤེལ་བྱས་ནས་སྤྱི་ཚོགས་ཡོངས་ལ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དྲང་ནུས་ཆེན་པོ་དར་སྤེལ་བཏང་བ་རེད། ཁྱེད་ཚོའི་དཀའ་སྤྱད་འབད་བརྩོན་དང་དྲང་ཕྱོགས་ཀྱི་བྱ་སྤྱོད་ནི་མི་དམངས་མང་ཚོགས་ཀྱི་ཆེས་སྲ་ཞིང་བརྟན་པའི་བདེ་འཇགས་སྲུང་ཡོལ་དང་ཆེས་བློས་འགེལ་ཆོག་པའི་ལྕགས་རི་རིང་པོ་དེ་ཡིན། ཁྱེད་ཚོ་ནི་ཐོག་མའི་བསམ་འདུན་མ་བརྗེད་པ་དང་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི་ལག་ལེན་པ་དང་། དཔའ་ངར་ཞུམ་མེད་དང་ཁེ་གྲགས་སྤངས་བའི་བྱ་སྤྱོད་དང་། དུས་རབས་གསར་པའི་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས། ལམ་གཉིས་ཀྱི་སྙིང་སྟོབས་བཅས་ཀྱི་དར་སྤེལ་བ་ཞིག་ཡིན་པས་གྲོང་ཁྱེར་ཡོངས་ཀྱི་མི་དམངས་ཀྱི་ཡིད་ཆེས་དང་འཐབ་སེམས་ལ་སྐུལ་མ་ཐེབས་ཡོད།

危急关头,每一个坚守岗位的人都是英雄。面对严峻的疫情防控形势,你们增强“四个意识”、坚定“四个自信”、做到“两个维护”,大力弘扬“越是艰险越向前”的斗争精神,全身心投入到新冠肺炎疫情防控这个没有硝烟的战场,守护着疫情防控的警戒线、生命线和保障线,作出了重要贡献。在发热门诊第一线,广大医护人员耐心守护、精心护理,第一时间甄别病情、化解风险;在机场、火车站、检查站等卡口,广大公安民警和基层干部严阵以待、严密防范,为全体市民牢牢把住了第一道健康关口;在定点隔离医学观察宾馆,各驻点工作组加强管理、周到服务,确保了集中隔离医学观察安全和谐;在社区村庄、住宅小区、单位大院和商场超市等重要场所,广大基层党员干部、群防群治力量和下沉报到干部扎实工作、倾情服务,强化居家隔离服务管理,一心一意守护家园安全;在水、电、油、气、交通、项目建设、企业生产和生活必需品供应保障第一线,各行各业工作者一心为民、兢兢业业,全力保障市场供应,把温馨服务送到了广大市民群众的“家门口”;在疫情防控的第一线,广大拉萨媒体人通过一篇篇“接地气、暖人心”的新闻报道,向全社会弘扬了疫情防控的强大正能量……。你们的辛勤付出和逆行而上,就是人民群众最为坚强的安全屏障、最为可靠的钢铁长城!你们是不忘初心、牢记使命的“践行者”,是英勇无畏、默默无闻的“逆行者”,是新时代“老西藏精神”“两路精神”的“弘扬者”,激励着全市人民的信心和斗志!


<strong>མི་སེམས་གཅིག་ཏུ་སྒྲིལ་ན་བརྒལ་མ་ཐུབ་པའི་ལ་མོ་མེད། ཕྱར་བ་གྲུ་འདེགས་བྱས་ན་སེལ་མི་ཐུབ་པའི་དཀའ་གནད་མེད། གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་དང་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་ནི་ཁྱེད་ཚོའི་ཆེས་སྲ་ཞིང་བརྟན་པའི་རྒྱབ་རྟེན་ཡིན། མིག་སྔར། རྒྱལ་ཡོངས་ཀྱི་རིམས་ནད་འཕེལ་རྒྱས་ཀྱི་དཀྱོག་མཚམས་ད་དུང་སླེབས་མེད་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་དེ་དཀའ་ཚེགས་ཆེ་ཤོས་ཀྱི་འགག་རྩའི་དུས་མཚམས་སུ་སླེབས་ཡོད་པས། རང་རྒྱལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་ལས་འགན་དེ་བས་དཀའ་ཚེགས་ཆེ་བ་དང་ལས་འགན་ལྕི་པོ་ཡོད། དོན་ཆེན་དང་སྒྲུབ་དཀའ་བའི་བྱ་བ་ནི་ཐེག་ཁུར་ལ་བལྟ་དགོས། ང་ཚོས་འགན་འཁྲི་མང་ཙམ་འཁུར་ན་མི་དམངས་རྣམས་བདེ་སྐྱིད་ཡོང་རྒྱུ་རེད། ཚང་མས་མུ་མཐུད་ནས་དོགས་ཟོན་ཆེན་པོ་བྱས་ཏེ་སྟེས་དབང་གི་བསམ་པ་དང་དམག་འཐབ་ལ་ཞེན་པ་ལོག་པའི་བསམ་ཚུལ་སྔོན་འགོག་དང་། ཞུམ་མེད་འཐབ་འཛིང་གི་སྙིང་སྟོབས་དང་བསྟུད་མར་དམག་འཐབ་བྱེད་པའི་སྤྱོད་ཚུལ་དར་སྤེལ། ས་སྲུང་གི་འགན་འཁྲི་ཡོད་པ་དང་། ས་སྲུང་གི་འགན་འཁྲི་འཁུར་བ། ས་སྲུང་གི་འགན་འཁྲི་མི་དོར་བ་བཅས་མཐའ་འཁྱོངས་བཅས་བྱས་ཏེ་མྱུར་ཚད་མགྱོགས་ཤོས་དང་། བྱེད་ཐབས་ནན་ཤོས། སྤྱོད་ཚུལ་བཟང་ཤོས་བཅས་ཀྱི་ཐོག་ནས་ལས་དོན་རེ་རེ་བཞིན་ཡག་པོ་བསྒྲུབ་རྒྱུའི་རེ་བ་ཡོད། དེ་དང་ཆབས་ཅིག་ཚང་མས་རིམས་ནད་སྔོན་འགོག་ཚོད་འཛིན་ཡག་པོ་བྱེད་པ་དང་དུས་མཚུངས་མི་སྒེར་གྱི་འགོག་སྲུང་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་རང་ངོས་ཀྱི་བདེ་འཇགས་ལ་འཕྱུགས་པ་གཏན་ནས་མི་ཡོང་བའི་འགན་ལེན་བྱེད་དགོས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད། གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་མང་ཚོགས་ཀྱི་སེམས་ནུས་གཅིག་སྒྲིལ་བཅས་ཡོད་པས་ང་ཚོས་ངེས་པར་དུ་དམག་འཐབ་དྲག་པོ་དེར་རྒྱལ་ཁ་ཐོབ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་ངེས་ཡིན་པར་ཡིད་ཆེས་བརྟན་པོ་ཡོད།

万众一心,就没有翻不过去的山;众志成城,就没有跨不过去的坎。全市各族人民和市委、市政府是你们最坚强的后盾!当前,全国疫情发展拐点尚未到来,疫情防控工作正处于最吃劲的关键阶段,我市疫情防控工作的任务将更加艰巨繁重。大事难事看担当!我们多一份担当,百姓就多一分康乐。希望大家继续保持高度警惕,防止侥幸心理和厌战情绪,发扬顽强斗争精神和连续作战作风,坚持守土有责、守土负责、守土尽责,以最快速度、最严措施、最硬作风做好每一项工作。同时,请大家在做好疫情防控的同时,切实加强个人防护,确保自身安全万无一失。我们坚信,有习近平同志为核心的党中央亲切关怀,有自治区党委、政府的坚强领导,有全市各族人民群众的凝心聚力,我们一定能够打赢这场硬仗,夺取疫情防控阻击战的全面胜利!


<strong>དགུ་ཐུག་གི་མཚན་མོ་ནི་མཉམ་འཛོམས་ཀྱི་མཚན་མོ་ཡིན་ཞིང་། སྐབས་འདིར་ཁྱེད་ཚོས་སྔར་བཞིན་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོར་བརྟན་སྲུང་བྱས་ནས་ནང་མི་དང་མཉམ་འཛོམས་བྱེད་མི་ཐུབ། བོད་ཀྱི་ལོ་གསར་འཆར་ཉེར་ཡོད་པའི་སྐབས་འདིར་ལྷན་རྒྱས་ལོ་གསར་སྤྲོ་པོ་ཡོང་བ་དང་། བྱ་བ་ལམ་ལྷོངས་ཡོང་བ། ཁྱིམ་ཚང་འཆམ་མཐུན་ཡོང་བ། བཀྲ་ཤིས་བདེ་ལེགས་བཅས་ཡོང་བའི་སྨོན་འདུན་སྙིང་ཐག་པ་ནས་ཞུ་རྒྱུ་ཡིན།།།།

“古突”之夜是团圆之夜,此时此刻你们仍然坚守在疫情防控一线,不能与家人团聚。值此藏历新年来临之际,衷心祝愿大家新年快乐、工作顺利、阖家幸福、扎西德勒!


<strong>ཀྲུང་གུང་ལྷ་ས་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་།

中共拉萨市委员会

<strong>ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་།

拉萨市人民政府

<strong>སྤྱི་ལོ་༢༠༢༠ལོའི་ཟླ་༢ཚེས་༢༢ཉིན།

2020年2月22日

来源:中共拉萨市委员会 拉萨市人民政府


分享到:


相關文章: