關於開展進藏來拉人員健康登記報告的公告



<strong>ལྗོངས་ཕྱི་ནས་ལྷ་སར་ཡོང་མཁན་ལ་བདེ་ཐང་ཐོ་འགོད་སྙན་ཞུའི་ལས་དོན་སྤེལ་རྒྱུའི་སྐོར་གྱི་སྤྱི་བསྒྲགས།

關於開展進藏來拉人員健康登記報告的公告

<strong>ལྗོངས་ཕྱི་ནས་ལྷ་སར་ཡོང་མཁན་རྒྱ་ཆེའི་གྲོགས་པོ་ཚོ།

廣大進藏來拉朋友:


<strong>མིག་སྔར་རང་རེའི་གྲོང་ཁྱེར་གྱི་ཏོག་དབྱིབས་ནད་དུག་གསར་པ་འགོས་པའི་གློ་ཚད་ཀྱི་ནད་ཡམས་སྔོན་འགོག་ཚོད་འཛིན་ལས་དོན་དེ་འགག་རྩའི་དུས་རིམ་དུ་བསླེབས་ཡོད། ཞིབ་འཇུག་བྱས་པ་བརྒྱུད་གཏན་འབེབས་བྱས་དོན། སྤྱི་ལོ་2020ལོའི་ཟླ་2ཚེས་21ཉིན་ནས་འགོ་བཙུགས་ཏེ། གྲོང་ཁྱེར་ཡོངས་ཀྱི་ནད་ཡམས་སྔོན་འགོག་ཚོད་འཛིན་བྱེད་རིང་ལྗོངས་ཕྱི་ནས་ལྷ་སར་ཡོང་མཁན་ལ་བདེ་ཐང་ཐོ་འགོད་སྙན་ཞུའི་ལམ་ལུགས་འཛུགས་རྒྱུ་ཡིན། ད་ལྟ་འབྲེལ་ཡོད་གནད་དོན་བརྡ་ཁྱབ་གཏོང་རྒྱུ་གཤམ་གསལ།

當前,我市新冠肺炎疫情防控工作進入關鍵階段,經研究決定,自2020年2月21日開始,在全市疫情防控期間建立進藏來拉薩人員健康登記報告制度。現將有關事項通告如下:


<strong>གཅིག ལྗོངས་ཕྱི་ནས་ལྷ་སར་ཡོང་མཁན་གྱིས་རྩ་གཉིས་བཤེར་རྟགས་བཤར་ནས་བདེ་ཐང་ཐོ་འགོད་བྱེད་ཆོག འགྲོ་སྐྱོད་གེགས་མེད་སྟབས་བདེ་ཡོང་ཆེད་ཡག་ཤོས་བྱུང་ན་ཁྱེད་རང་ལྷ་སར་མ་འབྱོར་གོང་ནས་འབྲེལ་ཡོད་ཆ་འཕྲིན་བྲིས་ཟིན་པ་གནང་རོགས།

一、進藏來拉人員可通過識別二維碼進行健康登記,為實現便利通行,請您儘量在抵達拉薩前將相關信息填報完畢。


<strong>གཉིས། ཁྱེད་རང་ཁོངས་སུ་གཏོགས་སའི་ཚན་པ་དང་གྲོང་ཚོ(གྲོང་ལྷན)སྡེ་ཁུལ་གྱིས་ཁྱེད་ལ་ཁྱིམ་དུ་ལོགས་སུ་འབྱེད་པའི་རིང་གི་གཞི་རྩའི་འཚོ་བ་འགན་ལེན་ཞབས་ཞུ་སྒྲུབ་པར་སྟབས་བདེ་སྐྲུན་ཆེད། ཁྱེད་ཀྱིས་ལྷ་སར་འབྱོར་རྗེས་ཀྱི་སྡོད་གནས་དྲང་པོར་འབྲི་རོགས།

二、為便於您所屬單位和村(居)社區向您提供居家隔離期間的基本生活保障服務,請您如實填寫抵達拉薩的居住地址。


<strong>གསུམ། ལྗོངས་ཕྱི་ནས་ལྷ་སར་ཡོང་མཁན་གྱིས་ལག་ཐོགས་ཁ་པར་ཐོག་ནས་འབྲི་མི་ཐུབ་ན། རྡོག་ཐོན་མ་བྱས་གོང་ནང་མིའམ་གྲོགས་པོ། ཡང་ན་ལམ་རོགས་ལ་རང་གི་ལག་ཐོགས་ཁ་པར་ཐོག་ནས་འབྲི་རོགས་བྱ་རྒྱུའི་རེ་བ་ཞུས་ཀྱང་ཆོག ལག་ཐོགས་ཁ་པར་མེད་ན། མི་གཞན་གྱི་ལག་ཐོགས་ཁ་པར་ཐོག་ནས་ཚབ་འབྲི་བྱེད་ཆོག ཡང་ན་གོང་དཀར་གནམ་གྲུ་ཐང་ངམ་ལྷ་སའི་མེ་འཁོར་འབབ་ཚུགས། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་མ་ལམ་གྱི་ཞིབ་བཤེར་ས་ཚིགས་བཅས་སུ་འབྱོར་རྗེས་ཐོ་འགོད་རེའུ་མིག་ལག་པས་འབྲི་ནའང་ཆོག

三、進藏來拉人員不會使用手機填報的,可在出發前讓家人朋友或同行人員用您的手機填寫。沒有手機的,可使用別人的手機代為填寫,也可以在抵達貢嘎機場、拉薩火車站、國省幹道檢查站後手工填報紙質登記表。


<strong>བཞི། གལ་ཏེ་ཁྱེད་རང་ལྷ་སར་སྡོད་གནས་གཏན་འཇགས་ཡོད་ཚེ། ཉིན་14རིང་ཁྱིམ་དུ་ལོགས་སུ་ཡག་པོ་འབྱེད་དགོས་པ་མ་ཟད། གནས་སའི་ཚན་པ་དང་གྲོང་ཚོ(གྲོང་ལྷན)སྡེ་ཁུལ་གྱི་ཞབས་ཞུ་དང་དོ་དམ་དང་ལེན་བྱེད་དགོས་ལ་ཉིན་ལྟར་རང་གི་བདེ་ཐང་གནས་ཚུལ་སྙན་སེང་ཞུ་དགོས། གལ་ཏེ་ཁྱེད་རང་ལྷ་སར་གཏན་འཇགས་ཀྱི་སྡོད་གནས་མེད་ན། ཁྱེད་ཀྱིས་ལྷ་ས་གྲོང་ཁྱེར་རམ་འབྲེལ་ཡོད་ས་གནས་ཀྱིས་ཁྱེད་ལ་འོས་སྦྱོར་ཞུས་པའི་ལོགས་འབྱེད་ཞབས་ཞུའི་དམིགས་བཙུགས་མགྲོན་ཁང་གདམ་ག་བྱེད་ཆོག་ལ་ཡང་ན་རང་གིས་མགྲོན་ཁང་བདམས་ནས་ལོགས་སུ་འབྱེད་ཀྱང་ཆོག ལོགས་སུ་འབྱེད་རིང་དམིགས་བཙུགས་མགྲོན་ཁང་གི་ལས་དོན་ཚོགས་ཆུང་ངམ་དམིགས་བཙུགས་མ་ཡིན་པའི་མགྲོན་ཁང་གི་ལས་དོན་པས་ཞབས་ཞུ་སྒྲུབ་པ་དང་དོ་དམ་བྱེད་པར་དང་ལེན་བྱེད་དགོས།

四、若您在拉薩有固定居住場所,請您做好14天居家隔離,並接受所在單位或村(居)社區服務管理,每天報告個人健康狀況;若您在拉薩無固定場所,您可選擇拉薩市或相關地市向您推薦的隔離服務定點酒店,也可以自行選擇酒店進行隔離,隔離期間請接受定點酒店工作組或非定點酒店工作人員服務管理。


<strong>དེ་དོན་སྤྱི་བསྒྲགས་འདི་སྤེལ་བ་ཡིན།

特此公告。

<strong>ལྷ་ས་གྲོང་ཁྱེར་ཏོག་དབྱིབས་ནད་དུག་གསར་པ་འགོས་པའི་གློ་ཚད་ཀྱི་ནད་ཡམས་སྔོན་འགོག་ཚོད་འཛིན་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གིས།

拉薩市應對新冠肺炎疫情工作領導小組辦公室

སྤྱི་ལོ་2020ལོའི་ཟླ་2ཚེས་20ཉིན།

2020年2月20日

<strong>ལྗོངས་ཕྱི་ནས་ལྷ་སར་ཡོང་མཁན་ལ་བདེ་ཐང་ཐོ་འགོད་བྱེད་པའི་རེའུ་མིག་ཁ་སྐོང་གསལ་བཤད།

進藏來拉人員健康登記填報說明


<strong>གཅིག ཐོ་འགོད་སྙན་ཞུའི་ལས་རིམ།

一、填報流程


<strong>༡.འཕྲིན་ཕྲན་ནམ་ཡང་ན་དངུལ་སྤྲོད་འབོ་ཁ་ཕྱེ་ནས་གཤམ་འོག་གི་རྩ་གཉིས་བཤེར་རྟགས་གཤར་དགོས།

1.打開微信或支付寶掃描識別下方二維碼;


關於開展進藏來拉人員健康登記報告的公告


<strong>༢.ཤོག་ངོས་ཀྱི་རེ་བ་གཞིར་བཟུང་ཆ་འཕྲིན་ཁ་སྐོང་བྱས་ནས་གོང་འབུལ་ཞུས་ན་བདེ་ཐང་ཆ་འཕྲིན་གྰ་ཐོན་སྲིད་པས་ བདེ་ཐང་ཆ་འཕྲིན་གྰ་དེ་ལག་ཐོགས་ཁ་པར་ནང་ཉར་ཚགས་ཡག་པོ་བྱེད་དགོས།

2.按照頁面要求完成信息填寫提交生成電子健康信息卡,請在手機上保存好電子健康信息卡;


<strong>༣.ལྷ་སར་འཛུལ་སྐབས། གོང་འབུལ་ཞུས་ནས་ཐོན་པའི་བདེ་ཐང་ཆ་འཕྲིན་གྰ་དང་ཐོབ་ཐང་ལག་ཁྱེར་མཉམ་དུ་ལས་དོན་མི་སྣར་སྤྲད་ནས་ཞིབ་བཤེར་བྱེད་དགོས།

3.進入拉薩時,請將提交成功後形成的電子健康信息卡同身份證一併出示給工作人員查驗。


<strong>གཉིས། ཐོ་འགོད་སྙན་ཞུའི་སྐོར་གྱི་ཞར་བྱུང་གསལ་བཤད།

二、填報備註


<strong>༡.མཉམ་དུ་ལམ་རོགས་ཡོད་ཚེ་ཁག་སོ་སོར་ཐོ་འགོད་བྱེད་དགོས། གལ་ཏེ་དམིགས་བསལ་གནས་ཚུལ་ཡོད་ཚེ(དཔེར་ན་མཉམ་དུ་རྒན་རྒོན་དང་ཕྲུ་གུ་ཆུང་ཆུང་ཡོད་པ་སོགས )ལམ་རོགས་མི་སྣ་སྣོན་པ་ཞེས་པ་དེ་བརྒྱུད་ནས་ཐོ་འགོད་སྙན་ཞུ་བྱེད་ཆོག

1.同行人員要各自分別填報,如有特殊情況(同乘老人、年幼子女等),可通過“添加同行人員”填報。


<strong>༢.ཁྱེད་ཀྱི་ཆ་འཕྲིན་ཕྱིར་གྱར་ནས་སྤྱོད་སྒོ་གཞན་དུ་བཀོལ་སྤྱོད་བྱེད་མི་སྲིད་པས་དོན་དངོས་ལྟར་ཆ་འཕྲིན་ཇི་མ་ཇི་བཞིན་འབྲི་དགོས། ཇི་མ་ཇི་བཞིན་མ་བྲིས་ན་འཆར་ཅན་བཞིན་གོང་འབུལ་བྱེད་མི་ཐུབ།

2. 本人信息不會對外洩露作為他用,請您如實完整填寫信息,否則將無法正常提交。


<strong>༣.ལྷ་སར་མ་བསླེབ་གོང་། གང་སྔ་ཙམ་གྱིས་རྩ་གཉིས་བཤེར་རྟགས་བཤར་ནས་ཐོ་འགོད་སྙན་ཞུ་བྱས་ཏེ་འགྲོ་སྐྱོད་གེགས་མེད་སྟབས་བདེ་ཡོང་བ་བྱེད་དགོས།

3.抵達拉薩前請儘早完成掃碼填報,保證順利迅速通行。


來源:拉薩市應對新冠肺炎疫情工作領導小組辦公室


分享到:


相關文章: