西藏檢察機關依法批准逮捕涉嫌妨害疫情防控犯罪的嫌疑人

<strong>ཉེ་ཆར་བོད་ལྗོངས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཞིབ་དཔྱོད་ཁང་གིས་སྔ་སྣུར་དུ་ཐེ་ཞུགས་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་ལ་འགོག་རྐྱེན་བཟོ་བའི་ཉེས་གསོག་དོགས་ཅན་ཞིག་ཁྲིམས་ལྟར་འཛིན་བཟུང་བྱེད་རྒྱུའི་ཆོག་མཆན་སྤྲད་པ་རེད། དེ་ནི་བོད་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་སྐབས་སྒྲུབ་གཉེར་བྱས་པའི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་གནོད་འཚེ་གཏོང་བའི་དོགས་གཞི་ཡོད་པའི་འཛིན་བཟུང་ཆོག་མཆན་གྱི་གྱོད་གཞི་ཐོག་མ་དེ་ཡིན་པ་རེད།

近日,西藏拉薩市城關區檢察院經提前介入,依法批准逮捕一名涉嫌妨害疫情防控犯罪的嫌疑人。這是西藏檢察機關在疫情防控時期辦理的首例涉嫌妨害疫情防控工作的批捕案件。


<strong>ཟླ་༢ཚེས་༨ཉིན་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གྲྭ་བཞི་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པར་ལས་འཁྱུར་ངལ་གསོའི་རྟེན་གཞི་ཞིག་གི་བདེ་སྲུང་བའི་ཉེན་བརྡ་འབྱོར་ནས་སྡེ་ཁུལ་ནང་ཁང་གླར་སྡོད་མཁན་ཀྲུའུ་ཆེ་གེ་མོ་སོགས་མི་༣གྱིས་ཁྱིམ་དུ་ལོགས་སུ་བཀར་རིང་ཁ་ཏ་བསླབ་བྱར་མི་ཉན་པར་ཁ་རས་ཕུད་ནས་འགྲོ་གི་འདུག་ཅེས་བཤད། ཉིན་གཉིས་པར་མི་དམངས་ཉེན་རྟོག་པས་བདེ་སྲུང་བ་དང་མཉམ་དུ་རྒན་ཡོལ་ཞུས་པའི་རྟེན་གཞིར་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དྲིལ་བསྒྲགས་བྱས་པ་དང་འབྲེལ་ཀྲུའུ་ཆེ་གེ་མོ་སོགས་ཀྱིས་ངེས་པར་དུ་སྡེ་ཁུལ་གྱི་རིམས་ནད་སྔོན་འགོག་ལས་དོན་ལ་གཞོགས་འདེགས་བྱེད་དགོས་པ་དང་། ཕྱིར་སྐྱོད་སྐབས་ངེས་པར་དུ་ཁ་རས་འདོགས་དགོས་པའི་ཁ་ཏ་བསླབ་བྱ་བྱས་པ་རེད། འོན་ཀྱང་ཁོང་ཚོས་ཁ་ཏ་ལ་མི་ཉན་པ་མ་ཟད། དེ་ལས་ལྡོག་སྟེ་མི་དམངས་ཉེན་རྟོག་པར་འཇིགས་སྐུལ་བྱས་པ་དང་། མི་དམངས་ཉེན་རྟོག་པ་གསོད་ཀྱི་ཡིན་ཞེས་འུད་ཤོབ་བཤད་པ་རེད། མི་དམངས་ཉེན་རྟོག་པས་རོགས་སྐྱོར་རེ་ཞུ་བྱས་པ་དང་ཆབས་ཅིག་སྡེ་ཁུལ་གྱི་རྒྱལ་སྒོའི་མདུན་དུ་ཕྱིར་འཐེན་བྱས་ཀྱང་། ཀྲུའུ་ཆེ་གེ་མོ་སོགས་ཀྱིས་ད་དུང་ཚོད་དང་མཚམས་མ་བྱས་པར་སྒོ་འགྲམ་དུ་འདེད་ནས་སྡེ་ཁུལ་གྱི་སྤྱི་པའི་རྒྱུ་ནོར་ལ་གཏོར་སྐྱོན་བཏང་བ་དང་མུ་མཐུད་མི་དམངས་ཉེན་རྟོག་པར་འཇིགས་སྐུལ་བྱས་ཏེ་ཁྲིམས་ལྟར་གཞུང་དོན་སྒྲུབ་པར་འགོག་རྐྱེན་བཟོས་པ་རེད།

2月8日, 拉薩市城關區扎細派出所民警接到某退休基地保安報警稱:“在小區內租住的朱某等3人不聽告誡,在居家隔離期間多次不戴口罩出入小區”。次日,民警聯同保安來到該退休基地進行疫情防控宣傳, 並告誡朱某等人務必配合社區防疫工作,出門一定要佩戴口罩。但朱某等人不僅不聽勸告,反而情緒激動威脅民警並揚言要弄死民警。民警在請求警力支援的同時退至小區大門口,朱某等人卻不依不饒追至小區門口,毀壞小區公共財物、繼續威脅民警,阻礙民警依法執行公務。


<strong>ཟླ་༢ཚེས་༡༠ཉིན་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཞིབ་དཔྱོད་ཁང་གིས་གྱོད་གཞི་དེར་སྔ་སྣུར་གྱིས་བདག་སྤྲོད་བྱས་པ་དང་འབྲེལ་ཟླ་༢ཚེས་༡༤ཉིན་གྱོད་གཞིའི་གནས་ཚུལ་དབྱེ་ཞིབ་ཚོགས་འདུ་འཚོགས་ནས་མྱུལ་ཞིབ་ལས་ཁུངས་ལ་གཏན་འཇགས་ཀྱི་དཔང་རྟགས་འཚོལ་བསྡུ་བྱ་རྒྱུའི་ཁྲིད་སྟོན་བྱས་པ་རེད།

2月10日,拉薩市城關區檢察院提前介入此案,並於2月14日組織召開案件情況分析會,引導偵查機關收集固定證據。


<strong>ཟླ་༢ཚེས་༢༡ཉིན་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཁྲེང་ཀོན་ཡན་ལག་ཅུས་ཀྱིས་ཀྲུའུ་ཆེ་གེ་མོས་གཞུང་དོན་སྒྲུབ་པར་འགོག་རྐྱེན་བཟོས་པའི་ཉེས་པ་བསགས་པའི་དོན་དེ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཞིབ་དཔྱོད་ཁང་ལ་བསྐྱལ་ནས་འཛིན་བཟུང་རེ་ཞུ་བྱས་པ་རེད།

2月21日,拉薩市公安局城關公安分局對朱某以涉嫌妨害公務犯罪提請拉薩市城關區檢察院批准逮捕。


<strong>ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཞིབ་དཔྱོད་ཁང་གིས་ཞིབ་བཤེར་བྱས་རྗེས་ཉེས་གསོག་དོགས་ཅན་ཀྲུའུ་ཆེ་གེ་མོས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་འགོག་རྒོལ་བྱས་ཏེ་ཁྲིམས་འཛིན་མི་དམངས་ཉེན་རྟོག་པར་དམའ་འབེབས་དང་འཇིགས་སྐུལ་བྱས་པ་ར་འཕྲོད་བྱུང་བ་རེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས་》ཀྱི་དོན་ཚན་༢༧༧པའི་གཏན་འབེབས་ལྟར་ན། ཁོང་ཚོས་གཞུང་དོན་སྒྲུབ་པར་འགོག་རྐྱེན་བཟོ་བའི་ཉེས་པ་བསགས་ཤིང་། ཟླ་༢ཚེས་༢༢ཉིན་ཉེས་གསོག་དོགས་ཅན་ཀྲུའུ་ཆེ་གེ་མོ་ཁྲིམས་ལྟར་འཛིན་བཟུང་བྱ་རྒྱུའི་ཆོག་མཆན་སྤྲད་པ་རེད། མིག་སྔར་གྱོད་གཞི་དེ་མུ་མཐུད་སྒྲུབ་བཞིན་ཡོད།

拉薩市城關區檢察院審查後認為,犯罪嫌疑人朱某在疫情防控期間對抗疫情防控工作,辱罵、威脅執法民警。根據《中華人民共和國刑法》第二百七十七條之規定,其行為涉嫌妨害公務犯罪。2月22日,該院依法對犯罪嫌疑人朱某批准逮捕。目前該案正在進一步辦理中。



分享到:


相關文章: