中國關閉珠穆朗瑪峰通道

ཀྲུང་གོས་ཇོ་མོ་གླང་མའི་འགྲོ་ལམ་བཀག་པ།

中國關閉珠穆朗瑪峰通道

ཟླ༣ཚེས༡༡ཉིན།ཀྲུང་གོ་བོད་ལྗོངས་རི་འཛེག་མཐུན་ཚོགས་ཀྱིས་ཇོ་མོ་གླང་མའི་བྱང་འདབས་(ཀྲུང་གོའི་བོད་ལྗོངས་ངོས་)ཀྱི་འགྲོ་ལམ་བཀག་པའི་ཁྱབ་བསྒྲགས་བྱས་ཡོད་ཅིང་། དེ་ནི་ཇོ་མོ་གླང་མའི་སྒར་ས་ཆེན་མོར་ཏོག་གསར་གློ་ཚད་ནད་དུག་མི་འགོ་བའི་འགོག་ཟོན་དང་ཁུལ་དེར་སྨན་བཅོས་རོགས་སྐྱོབ་ཀྱི་དཀའ་གནད་ཆེ་བར་དམིགས་པ་ཞིག་རེད།གནས་ཚུལ་སྤེལ་བ་ལྟར་ན་ཉེན་དཔྱད་རུ་ཁག་སུ་འདྲ་ཞིག་ཡིན་རུང་དབུ་རྩེའི་བྱང་འདབས་སུ་འཛེག་མི་ཆོག་པའི་ཐོག་དཔྱིད་ཀ་ཤར་རྗེས་ཀྱི་རི་འཛེག་བྱེད་སྒོ་ཆ་ཚང་སྤེལ་མི་ཆོག་པ་བསྟན་ཡོད།

3月11日,中國西藏登山協會宣佈,關閉珠峰北坡(中國西藏一側)的通道,防止珠穆朗瑪峰大本營爆發新冠病毒,且治療和救援難度大。消息稱,不允許任何探險隊在山峰北側攀登,開春後的一系列登山活動被取消。


ཚེས༡༢ཉིན།བོད་རང་སྐྱོང་ལྗོངས་རི་འཛེག་ལུས་རྩལ་དོ་དམ་ལྟེ་གནས་ཀྱིས་ཏོག་གསར་གློ་ཚད་ནད་དུག་འགོག་ཟོན་གྱི་དགོས་མཁོར་དམིགས་ཏེ་༢༠༢༠ལོའི་དཔྱིད་དུས་ཀྱི་ཕྱི་རྒྱལ་རི་འཛེག་ཚོགས་པའི་སྣེ་ལེན་ལས་དོན་སྤེལ་མཚམས་བཞག་པའི་གསལ་བསྒྲགས་སྤེལ་ཡོད།

12日,西藏自治區登山運動管理中心發佈公告稱,因新冠肺炎疫情防控需要,暫緩開展2020年春季外國登山團隊接待工作。

中國關閉珠穆朗瑪峰通道

資料圖。

མིག་སྔར་རང་རྒྱལ་གྱི་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་བབ་རྒྱུན་མཐུད་ལེགས་སུ་ཕྱིན་མོད།འོན་ཀྱང་སྔོན་འགོག་ཚོད་འཛིན་གྱི་ལས་འགན་སྔར་བཞིན་དཀའ་ཚེགས་ཆེན་པོ་ཡོད་ཅིང་།ཕྱིའི་རྒྱལ་ཁབ་ཏུ་རིམས་ནད་མཆེད་ཚད་མགྱོགས་པས་གཏན་འཁེལ་མིན་པའི་རང་བཞིན་དང་།ཕྱི་འགོས་ནད་པ། གཅིག་སྡུད་རང་བཞིན་བཅས་ཀྱི་ཉེན་ཁར་སྣང་ཆུང་བྱེད་མི་རུང་། གོ་ལ་ཧྲིལ་པོའི་ཏོག་གསར་གློ་ཚད་ནད་དུག་གི་གནས་ཚུལ་ཛ་དྲག་ལ་རྙོག་འཛིང་ཆེ་བའི་ཁར་བོད་ལྗོངས་འདི་ཉིད་ས་མཐོ་ལ་གསོ་རླུང་དཀོན་ པས་སྨན་བཅོས་སྲོག་སྐྱོབ་ཀྱི་ཆ་རྐྱེན་དང་ཐོན་ཁུངས་ལ་ཚད་གཞི་ཡོད་ཅིང་།དབུགས་ལམ་གྱི་ནད་གཞི་སྨན་བཅོས་བྱེད་ཁག་པོ་ཡོད། རི་འཛེག་བྱ་མཁན་གྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞིའི་བདེ་ཐང་ལ་འགན་ལེན་དང་ཚོགས་པ་སྒྲིག་འཛུགས་བྱེད་མཁན་ཚོང་པ་དང་རི་འཛེག་ལ་དགའ་པོ་བྱེད་མཁན་གྱི་ཁེ་ཕན་སྲུང་སྐྱོང་བྱ་ཆེད།༢༠༢༠ལོའི་དཔྱིད་དུས་ཀྱི་ཕྱི་རྒྱལ་རི་འཛེག་ཚོགས་པའི་སྣེ་ལེན་ལས་དོན་གནས་སྐབས་ནར་འགྱངས་བྱ་རྒྱུའི་གཏན་འབེབས་བྱས་པ་རེད།

目前我國新冠肺炎疫情防控形勢雖然持續向好,但是防控任務依然艱鉅繁重,國外疫情快速發展帶來較多不確定性,輸入性、聚集性風險不容輕視。鑑於全球新冠肺炎疫情形勢嚴峻複雜,加之西藏地處高原、高寒缺氧,醫療救治條件及資源有限,呼吸道疾病治療難度大。為確保登山人員生命安全和身體健康,維護組團商和登山愛好者的利益,決定暫緩開展2020年春季外國登山團隊接待工作。


སྤྱི་བསྒྲགས་ནང་གོ་ལ་ཧྲིལ་པོའི་རིམས་ནད་འགོག་འཛིན་གྱི་དུས་བབ་ལ་གཞིགས་ཏེ་དུས་ཚོད་འོས་འཚམས་སུ་ཕྱི་རྒྱལ་རི་འཛེག་ཚོགས་པའི་སྣེ་ལེན་ལས་དོན་སླར་གསོ་བྱ་རྒྱུ་ཡིན་པ་བསྟན་ཡོད།

公告稱將視全球疫情防控形勢,適時恢復外國登山團隊接待工作。


中國關閉珠穆朗瑪峰通道

資料圖

བོད་དུ་ས་བབ་མཐོ་ཚད་རྒྱ་མཚོའི་ངོས་ལས་སྨི་༨༠༠༠ཡན་གྱི་རི་བོ་༥དང་སྨི་༧༠༠༠ཡན་གྱི་རི་བོ་༧༠ལྷག་ཟིན་ཡོད། འཛམ་གླིང་གི་རི་བོ་མཐོ་ཤོས་ཇོ་མོ་གླང་མ་ནི་ཀྲུང་གོ་དང་ནེ་པ་ལའི་མཐའ་མཚམས་སུ་གནས་པ་དང་ལོ་ལྟར་དཔྱིད་དུས་སུ་ཇོ་མོ་གླང་མའི་རི་འཛེག་བྱེད་སྒོ་རྒྱལ་ཁབ་གཉིས་སུ་དུས་གཅིག་ཏུ་སྤེལ་གྱི་ཡོད་ཅིང་།བྱང་འདབས་རི་འཛེག་བྱེད་སྒོ་དེ་བོད་རང་སྐྱོང་ལྗོངས་རི་འཛེག་དོ་དམ་སྡེ་ཚན་གྱིས་སྒྲིག་འཛུགས་བྱས་ནས་སྤེལ་གྱི་ཡོད།དེ་མིན་ཇོ་བོ་དབུ་ཡག་སོགས་རི་བོ་ལའང་སྔར་ནས་བཟུང་འཛམ་གླིང་ས་གནས་ཁག་གི་རི་འཛེག་ལ་དགའ་པོ་བྱེད་མཁན་ཚོས་ཡིད་དབང་འཕྲོག་ཡོད།

西藏擁有海拔8000米以上高峰5座、海拔7000米以上高峰70餘座。世界最高峰珠穆朗瑪峰位於中國和尼泊爾邊境線上,每年春季的珠峰登山活動同時在兩國開展,北坡登山活動由西藏自治區登山管理部門組織進行。此外,卓奧友峰等山峰一直以來也頗受世界各地登山愛好者的青睞。


分享到:


相關文章: