02.17 省佛教协会常务理事、玉树州佛协副会长改吾寺公却旦巴江才活佛对新冠肺炎预防积极呼吁

青海省佛教协会常务理事、玉树州佛协副会长、称多县佛协副会长、称多县改吾寺活佛公却旦巴江才对新冠肺炎预防的呼吁

省佛教协会常务理事、玉树州佛协副会长改吾寺公却旦巴江才活佛对新冠肺炎预防积极呼吁

རྒྱ་ཆེའི་དད་ལྡན་མང་ཚོགས་རྣམས་པ།

མིག་སྔར། ཏོག་གསར་གློ་ཚད་རིམས་ནད་དེ་རྒྱལ་ཡོངས་ཀྱི་ས་ཆ་མང་པོར་མཆེད་བཞིན་ཡོད་པས། ཀྲུང་དབྱང་ནས་ས་གནས་ཀྱི་རིམ་པ་སོ་སོའི་སྲིད་གཞུང་ཚང་མས་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་རྒྱུ་དེ་དོན་ཆེན་ནང་གི་གལ་ཆེན་དུ་བརྩིས་ནས་དམ་འཛིན་བྱེད་བཞིན་ཡོད། རྒྱལ་ཡོངས་གོང་འོག་ཚང་མས་བློ་སེམས་གཅིག་མཐུན་བྱས་པ། ལྷག་པར་དུ་གཡུལ་ས་དང་པོ་ནས་འབད་འཐབ་བྱེད་མཁན་གྱི་སྨན་པ་དང་ལས་དོན་མི་སྣས་རང་གི་ཚེ་སྲོག་གི་ཉེན་ཁར་མ་འཛེམས་པར་ནད་པ་མྱུར་སྐྱོབ་བྱེད་པ་དང་ལས་རིགས་ཁག་གི་མི་རྣམས་ཀྱིས་བྱེད་ཐབས་མི་འདྲ་བའི་ཐོག་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ལ་རྒྱབ་སྐྱོར་བྱས་པ་དང་ནད་དུག་མཆེད་རྒྱུ་བཀག་འགོག་བྱེད་བཞིན་ཡོད་པ་རེད། རིམས་ནད་སྔོན་འགོག་ཚོད་འཛིན་བྱ་རྒྱུ་དེ་ང་ཚོ་ཚང་མའི་ལུས་པོའི་བདེ་ཐང་དང་ཚེ་སྲོག་གི་བདེ་འཇགས་དང་འབྲེལ་བ་ཡོད། ནད་དུག་ལ་འགོག་རྒོལ་བྱེད་པའི་ཛ་དྲག་གི་དུས་སྐབས་འདིར་ང་ཚོ་ཚང་མར་རང་ཉིད་ཀྱི་བྱ་སྤྱོད་ལ་བརྟེན་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དམག་འཐབ་ནང་མཐའ་གཅིག་ཏུ་ཞུགས་པ་དང་རྒྱལ་ཁ་ལེན་ཐུབ་པར་བྱ་བའི་འོས་པ་དང་འགན་འཁྲི་ཡོད། དེའི་ཕྱིར། ང་ཚོས་རྒྱ་ཆེའི་དད་ལྡན་མང་ཚོགས་ལ་གཤམ་ལྟར་འབོད་སྐུལ་བྱེད་རྒྱུར།

གཅིག། རྡོག་རྩ་གཅིག་སྒྲིལ་གྱིས་ཏང་དང་སྲིད་གཞུང་གི་བཀོད་སྒྲིག་དང་ལེན་བྱེད་པ།

ང་ཚོས་ངེས་པར་དུ་ཏང་དང་སྲིད་གཞུང་གིས་ཉེན་ཁ་དང་དཀའ་ངལ་སེལ་ཐུབ་པའི་ནུས་པ་ཡོད་པ་ཡིད་ཆེས་ལྡན་པ་དང་། རྒྱལ་ཡོངས་མི་དམངས་ཡོངས་རྫོགས་དེར་རིམས་ནད་ཚོད་འཛིན་ཐུབ་ཤིང་རིམས་ནད་ལས་རྣམ་པར་རྒྱལ་བར་སྣེ་ཁྲིད་ཐུབ་ངེས་དང་། བྱ་བ་ཡོད་ཚད་ལེགས་པར་འགྲུབ་ཐུབ་ངེས་ཡིན་པ་བཅས་ལ་ཡིད་ཆེས་བྱེད་དགོས། ཏང་དང་སྲིད་གཞུང་གི་འབོད་སྐུལ་དང་བཀོད་འདོམས་དང་ལེན་བྱེད་ཤིང་། རྡོག་རྩ་གཅིག་སྒྲིལ་གྱིས་མཉམ་དུ་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་དགོས། རིམས་ནད་ཀྱི་གནས་ཚུལ་གྱི་ལ་དངངས་སྐྲག་མི་འབྱུང་ཤིང་། ཏང་དང་སྲིད་གཞུང་གིས་ཁ་གཏད་བྱེད་ཐབས་ནི་ཡང་དག་པ་ཡིན་པའི་ཡིད་ཆེས་ཡོད་དགོས། གཞུང་ཕྱོགས་མིན་པའམ་ཡང་ན་གཏན་འཁེལ་བྱས་མེད་པའི་ཆ་འཕྲིན་ལ་ཧུར་ཐག་གི་རྣམ་འགྱུར་དང་སེམས་རྣལ་དུ་ཕབ་དགོས། ཡིད་ཆེས་བརྟན་པོ། ཚུལ་མཐུན་གྱི་ལྟ་བ། བརྡར་ཤ་ཡང་དག་གཅོད་པར་བྱེད་ནས། དཀྲོག་གཏམ་ལ་ཡིད་མི་ཆེས། དཀྲོག་གཏམ་བརྒྱུད་བསྒྲགས་མི་བྱེད་པར་བྱེད་དགོས།

གཉིས། རང་ཉིད་ཀྱི་འགོག་སྲུང་ལེགས་པོ་བྱས་ཏེ་ཕྱི་རུ་འགྲོ་བ་ཇེ་ཉུང་དུ་གཏོང་དགོས།

སྔོན་འགོག་ཚོད་འཛིན་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་གློ་ནད་འགོག་ཟོན་གྱི་ཤེས་བྱ་ཤེས་རྟོགས་བྱས་ནས་རང་ངོས་ཀྱི་དོགས་ཟོན་ཡག་པོ་བྱེད་དགོས། དུས་རྒྱུན་དུ་རླུང་རྒྱུ་རུ་འཇུག་པ་དང་ལག་པ་ཡང་ཡང་བཀྲུ་བ། ཧབ་སྦྲིད་རྒྱག་སྐབས་ཁ་སྣ་བཀབ་པ། ཁ་ལུད་གང་བྱུང་དུ་མི་འཕེན་པ། གང་ཐུབ་ཀྱིས་ཕྱི་ལ་མི་འགྲོ་བ་དང་། འདུ་ཚོགས་མི་བྱེད་པ། མི་གཞན་དང་འབྲེལ་གཏུག་བྱེད་ཉུང་དུ་གཏོང་བ། མི་ཚོགས་མང་པོ་འདུ་སར་མི་འགྲོ་བ་བཅས་བྱ་དགོས། ངེས་པར་དུ་ཕྱི་རུ་འགྲོ་དགོས་བྱུང་ཚེ་ཁ་བཏུམ་རྒྱག་དགོས་པ་དང་། ཡར་ཁྱིམ་དུ་སླེབས་སྐབས་ལག་པ་བཀྲུས་ནས་དུག་སེལ་བྱ་དགོས། རིམས་ནད་ལ་མཐོང་ཆུང་མི་བྱེད་པ། ཉེ་ཆར་རིམས་ནད་ཕོག་ཁུལ་དུ་སླེབས་མྱོང་བའམ་རིམས་ནད་ཕོག་ཁུལ་ནས་ཕྱིར་ལོག་མཁན་དང་ཐུག་འཕྲད་བྱེད་པ་ལ་སྦས་གསང་མི་བྱེད་པ་དང་་ནད་རྟགས་འདྲ་བ་མཐོང་སྐབས་དངངས་སྐྲག་མི་བྱེད་བར་དུས་ཐོག་ཏུ་དམིགས་འཛུགས་སྨན་ཁང་དུ་བརྟག་དཔྱད་བྱེད་པར་འགྲོ་དགོས།

གསུམ། སེམས་ཁམས་ལེགས་པོར་སྲུང་འཛིན་བྱེད་པ་དང་བློ་རྩེ་གཅིག་སྒྲིམ་གྱིས་གསོལ་བ་སྨོན་ལམ་འདེབས་པ།

ཏང་དང་སྲིད་གཞུང་ལ་གཞོགས་འདེགས་ཀྱིས་ཁྱིམ་དུ་སྡོད་པར་བཀོད་སྒྲིག་བྱེད་པ་དེར། འཕྲོ་བརླག་མི་བྱེད་པར་སྒོམ་སྒྲུབ་ལེགས་པོར་བྱེད་པ། “ལྗང་མདོག་གིས་དྲིན་ཚོར་དང་། སྐྱེ་ཁམས་ཀྱིས་དྲིན་འཇལ་”གྱི་འདུ་ཤེས་ལེགས་པོར་འཛིན་པ་དང་། ངང་རྒྱུད་རིང་པོ་དང་བྱམས་བརྩེའི་བསམ་པ་ཟབ་མོ་རྒྱུན་འཁྱོངས་བྱེད་དགོས། མིག་སྔར་མགུའི་དགོན་པས་ཕྱི་ཕྱོགས་སུ་ཆོས་བྱེད་པའི་བྱེད་སྒོ་ཚང་མ་སྤེལ་མཚམས་བཞག་པ་དང་དགེ་འདུན་པ་ཚང་མས་སྒོ་རྒྱག་ནས་སྒོམ་སྒྲུབ་བྱས་བཞིན་ཡོད། ང་ཚོའི་དགེ་འདུན་པ་རྣམས་དང་དེ་བཞིན་རྒྱ་ཆེའི་དད་ལྡན་མང་ཚོགས་ཚོས་2010ལོའི་ཟླ་4ཚེས་14ཉིན་ས་ཡོམ་རིམ་པ་7.1གཡུག་རྗེས་ཏང་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་མཚོ་སྔོན་ཡུལ་ཤུལ་ལ་སྒེར་སེམས་མེད་པའི་བརྩེ་སེམས་དང་རོགས་སྐྱོར་གནང་བ་དེ་ནམ་ཡང་བརྗེད་མི་སྲིད། ང་ཚོས་བཀའ་དྲིན་ཚོར་ཞིང་དྲིན་ལན་འཇལ་དགོས། ལྷག་བསམ་རྣམ་དག་གིས་མ་ཎི་བཛྲ་དང་། སངས་རྒྱས་སྨན་ལྷའི་གཟུང་སྔགས་དང་། སྒྲོལ་མའི་གཟུང་སྔགས་སོགས་གྲངས་མང་ཙམ་འདོན་པ། ཉིན་རེ་བཞིན་མཆོད་མེ་སྒྲོན་པ། ཕྱག་འཚལ་བ་། ཆོས་འདོན་པ་སོགས་རྒྱུན་འཁྱོངས་ལེགས་པོར་བྱེད་ནས་མདུན་ཕྱོགས་ཀྱི་ནད་དུག་ཕོག་མཁན་དང་། སྨན་དོན་མི་སྣ། དང་བླངས་པ་བཅས་དང་དེ་བཞིན་ལས་རིགས་ཁག་གིས་གཡུལ་ས་དང་པོ་ནས་འབད་འཐབ་བྱེད་པའི་ལས་དོན་མི་སྣར་སྨོན་ལམ་འདེབས་པ། ནད་ཡམས་གང་མགྱོགས་ཀྱིས་འཇོམ་པ་དང་། གེགས་སེལ་ཐུབ་པ། ནད་པ་སྔ་ཙམ་ནད་ལས་སྒྲོལ་ཐུབ་པ། རྒྱ་ཆེའི་སྨན་དོན་མི་སྣ་དང་། དང་བླངས་པ། ལས་དོན་མི་སྣ་བཅས་བདེ་ཐང་དང་རླབས་ཆེན་མེས་རྒྱལ་སྟོབས་འབྱོར་མངའ་ཐང་རྒྱས་པ་བཅས་ཡོང་བའི་སྨོན་ལམ་འདེབས་པ།

广大信众:

当前,新冠肺炎疫情在全国多地肆虐蔓延,从中央到地 方各级政府,都已经将疫情防控当作头等大事来抓。举国上下,众志成城,奋战在一线的医护人员和工作人员不顾生命 危险抢救病患,各行各业的人们用不同的方式支援疫病防控, 阻断病毒传播。疫情防控关系到我们每个人的身体健康和生 命安全,在这样一个抗击病毒的严峻时刻,我们每个人都有 责任、有义务用自己的行动,坚决参与和打赢这场疫情防控 的阻击战。为此,我们向广大信教群众呼吁:

一、团结一心,听从党和政府指挥

我们一定要相信党和政府有能力解决危困,一定能够带 领全国人民控制疫情,战胜疫情,能够把一切事情做好。积极响应党和政府的号召,听从指挥,团结一心,共同防控疫情。面对疫情,不要惊慌,要相信党和政府采取的应对措施 是正确的。对于非官方报道或未经确认的信息,要保持积极心态和头脑冷静,坚定信心,理性看待,正确判断,不信谣, 不传谣。

二、做好自身防护,尽量减少外出

增强防控意识,了解新冠肺炎的防控知识,做好自身防范。在家常通风,勤洗手,打喷嚏时要捂住口鼻,不随地吐痰。尽量不出门,不聚集,减少与他人接触,不去人群密集场所。确实需要出门的,要戴口罩,外出返回时要洗手消毒。不轻视疫情,近期到过疫区或与疫区返回人员有接触的不隐瞒,发现疑似症状时不要恐慌,要及时到指定医院检测就医。

三、保持良好心态,专心修行祈福

配合党和政府安排在家期间,不要荒废修行。要秉乘“绿 色感恩,生态报国”的理念,保持足够耐心与慈悲善念。目前,改吾寺已经停止了一切对外法事活动,所有的僧人都在闭关修行。我们所有的僧人以及广大信教群众不会忘记2010 年4月14日7.1级大地震发生后,党和全国各族人民给予青 海玉树的无私大爱与援助。我们要感恩,要发心观修,多念观音心咒、药师心咒、度母心等,每天坚持供灯、持咒、念经、磕头,为前方的病毒感染者、医护人员、志愿者以及各行各业奋战有一线的工作人员祈福,祈愿疫情尽快平息,灾障消除,感染者早日脱离病苦,广大医护人员、志愿者和工作人员平安健康,伟大祖国繁荣富强。


分享到:


相關文章: