林周县公安局关于依法严厉打击新冠肺炎疫情防控期间违法犯罪行为的通告

ལྷུན་གྲུབ་རྫོང་སྤྱི་བདེ་ཅུད་ཀྱི་ཏོག་དབྱིབས་ནད་དུག་གསར་པ་འགོ་བའི་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་གི་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་ཚ་ནན་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ།

ནུས་ཤུགས་ཡོད་རྒུས་རྫོང་ཡོངས་ཀྱི་ཏོག་དབྱིབས་ནད་དུག་གསར་པ་འགོ་བའི་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཡག་པོ་བསྒྲུབས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ལ་འགོག་རྐྱེན་བཟོ་བའི་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་ལ་ཁྲིམས་ལྟར་ཆད་པ་བཅད་དེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་དང་བདེ་འཇགས་འགན་ལེན། དེ་བཞིན་སྤྱི་ཚོགས་ཀྱི་སྒྲིག་ལམ་སྲུང་སྐྱོང་ནུས་ལྡན་བཅས་བྱ་ཆེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》དང་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགོས་ནད་འགོག་བཅོས་བཅའ་ཁྲིམས》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཐོལ་བྱུང་དོན་རྐྱེན་ལ་ཁ་གཏད་གཅོག་པའི་བཅའ་ཁྲིམས》《ཏོག་དབྱིབས་ནད་དུག་གསར་པ་འགོ་བའི་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ཁྲོད་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་ཚན་ནན་གཏོང་རྒྱུའི་སྐོར་གྱི་ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་། ཁྲིམས་འཛིན་པུའུ་བཅས་ཀྱི་བསམ་འཆར་》སོགས་བཅའ་ཁྲིམས་ཁྲིམས་སྲོལ་དང་དེ་བཞིན་འབྲེལ་ཡོད་ཁྲིམས་འཛིན་འགྲེལ་བཤད་ལ་གཞིགས་ནས་ལྷུན་གྲུབ་རྫོང་སྤྱི་བདེ་ཅུད་ཀྱིས《ཏོག་དབྱིབས་ནད་དུག་གསར་པ་འགོ་བའི་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ཁྲོད་ཀྱི་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་ཚ་ནན་གཏོང་རྒྱུའི་སྐོར་གྱི་ལྷ་ས་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱི་བརྡ་ཁྱབ་ 》ཀྱི་བླང་བྱ་གཞིར་བཟུང་། ཏོག་དབྱིབས་ནད་དུག་གསར་པ་འགོ་བའི་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་གཤམ་གསལ་གྱི་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་ཚན་ནན་གཏོང་རྒྱུ་ཡིན།

དང་པོ། སྔོན་འགོག་ཚོད་འཛིན་བྱེད་ཐབས་ལ་གཞོགས་འདེགས་མི་བྱེད་པའི་བྱ་སྤྱོད། སྲིད་གཞུང་དང་དེའི་འབྲེལ་ཡོད་ཚན་ཁག་གིས་ཁྲིམས་ལྟར་ཁྱབ་བསྒྲགས་བྱས་པའི་སྔོན་འགོག་ཚོད་འཛིན་བྱེད་ཐབས་ལག་བསྟར་མི་བྱེད་པ། མི་མང་འདུ་འཛོམས་ཁུལ་དུ་ཁ་རས་མི་རྒྱག་པ་དང་བཀག་སྡོམ་བསླབ་བྱར་མི་ཉན་པ། རིམས་འགོག་འཕྲོད་བསྟེན་དང་། སྨན་བཅོས་འཕྲོད་བསྟེན་ལས་ཁུངས། སྡེ་ཁུལ། ཤང་གྲོང་རྡལ། གྲོང་མིའི་ཨུ་ཡོན་ལྷན་ཁང་སོགས་གཞི་རིམ་རྩ་འཛུགས་ཀྱིས་ལུས་དྲོད་ཞིབ་དཔྱད་ཚད་ལེན་དང་། འགོས་ནད་བརྟག་དཔྱད། མ་དཔེ་འཚོལ་བསྡུ་ཞིབ་དཔྱད་ཚད་ལེན། ཁོར་ཡུག་འཕྲོད་བསྟེན་ལེགས་བཅོས་དང་དུག་སེལ་སོགས་སྔོན་འགོག་ཚོད་འཛིན་བྱེད་ཐབས་ལ་གཞོགས་འདེགས་གཏན་ནས་མི་བྱེད་པའི་རིགས།

གཉིས་པ། ལྟ་ཞིབ་(ལོགས་སུ་འཇོག་)ཐབས་ལ་གཞོགས་འདེགས་མི་བྱེད་པའི་བྱ་སྤྱོད། རིམས་ནད་ཀྱི་གཙོ་གནད་ས་ཁུལ་ལམ་ཡང་ན་ནང་ས་ནས་རྫོང་དུ་ཕྱིར་ལོག་པའི་མི་སྣ་དང་དེ་བཞིན་གོང་གསལ་མི་སྣ་དང་ནད་གཞི་གཏན་འཁེལ་བྱས་པའམ་ཡང་ན་གློ་ཚད་གསར་པ་ཕོག་པའི་ནད་པ་དང་འབྲེལ་བ་དམ་ཟབ་ཡོད་པའི་མི་སྣས་གཏན་འབེབས་ལྟར་རང་འགུལ་ངང་ཐོ་འགོད་སྙན་སེང་མི་ཞུ་བ་དང་། ལས་དོན་མི་སྣས་འདྲི་རྩད་བྱེད་སྐབས་ཇི་མ་ཇི་བཞིན་མི་ཤོད་པ། འབྲེལ་ཡོད་ཞིབ་དཔྱད་ཚད་ལེན་དང་། ཁྱིམ་ལ་སྡད་ནས་ལྟ་ཞིབ། གཅིག་བསྡུས་ལྟ་ཞིབ། ཟུར་འཇོག་སྨན་བཅོས་བྱེད་ཐབས་བཅས་ལག་བསྟར་མི་བྱེད་པའི་རིགས།

གསུམ་པ། སྨན་བཅོས་ཀྱི་སྒྲིག་ལམ་དཀྲུགས་པའི་བྱ་སྤྱོད། སྨན་བཅོས་མི་སྣར་དམའ་འབེབས་དང་། འཇིགས་སྐུལ། ཉེས་རྡུང་གཏོང་བ། རྐང་བཙུགས་ནས་གནོད་འཚེ་གཏོང་བ་བཅས་བྱས་རིགས། སྨན་དོན་མི་སྣའི་འགོག་སྲུང་གྱོན་ཆས་དང་། མིག་སྲུང་མིག་ཤེལ། ཁ་རས་བཅས་འབྲེལ་ཡོད་འགོག་སྲུང་སྒྲིག་ཆས་སོགས་སྨན་དོན་མི་སྣའི་མི་ལུས་བདེ་འཇགས་ལ་གནོད་འཚེ་བཟོ་རིགས། སྨན་བཅོས་ལས་ཁུངས་སུ་མི་མང་འདུ་འཛོམས་ཀྱིས་ཟིང་ཆ་སློང་བ་དང་། དོན་མེད་རྐྱེན་སློང་སོགས་བྱས་ནས་སྨན་བཅོས་ཀྱི་སྒྲིག་ལམ་དཀྲུགས་རིགས།

བཞི་པ། རྐང་བཙུགས་ནས་ནད་རིགས་མཆེད་དུ་འཇུག་པའི་བྱ་སྤྱོད། གློ་ཚད་གསར་པ་འགོས་པའམ་ཚ་བ་རྒྱས་པ་དང་གློ་རྒྱག་པ་སོགས་རིམས་ནད་ཀྱི་དོག་པ་ཡོད་པ་ཤེས་བཞིན་དུ་ད་དུང་རྐང་བཙུགས་ནས་མི་མང་འདུ་འཛོམས་བྱ་ཡུལ་དུ་འགྲོ་བ་དང་། རིམས་ནད་བྱུང་ཁུལ་གཙོ་གནད་ས་ཁུལ་དུ་འགྲོ་མྱོང་བ་དང་རིམས་ནད་ཕོག་ཚུལ་སྦས་གསང་བྱས་ཏེ་སྔར་བཞིན་མི་གཞན་དང་འབྲེལ་གཏུག་བྱས་ནས་སྤྱི་པའི་བདེ་འཇགས་ལ་གནོད་འཚེ་བཏང་རིགས།

ལྔ་པ། ཟོག་གོང་ཧམ་སྤར་བྱེད་པའི་བྱ་སྤྱོད། རིམས་འགོག་སྨན་རྫས་དང་དེ་བཞིན་ཁ་རས། འགོག་སྲུང་གྱོན་ཆས། མིག་སྲུང་མིག་ཤེལ། དུག་སེལ་ཆུ་སོགས་རིམས་འགོག་སྤྱོད་ཆས་ཀྱི་རིན་གོང་ཧམ་སྤར་བྱས་རིགས། འབྲུ་རིགས་དང་། སྣུམ། ཤ སྔོ་ཚལ་སོགས་དམངས་འཚོའི་ཚོང་ཟོག་གི་རིན་གོང་ཧམ་སྤར་བྱེད་རིགས། ཚོང་ཟོག་འབོར་ཆེན་བཀར་འཇུག་བྱས་པ་དང་། རིན་གོང་མཐོ་པོ་བླངས་ནས་ཁེ་བཟང་ཆེན་པོ་རག་ཐབས་བྱས་ཏེ་ཚོང་རའི་སྒྲིག་ལམ་དཀྲུགས་པའི་རིགས།

དྲུག་པ། རྫུན་བཟོ་རྫུན་འཚོང་གི་བྱ་སྤྱོད། རྫུན་ལྷད་ཞན་གསུམ་གྱི་རིམས་འགོག་སྨན་རྫས་བཟོ་བ་དང་ཕྱིར་འཚོང་བྱེད་པ། རྫུན་ལྷད་ཞན་གསུམ་གྱི་ཁ་རས་དང་། འགོག་སྲུང་གྱོན་ཆས། མིག་སྲུང་མིག་ཤེལ། དུག་སེལ་ཆུ་སོགས་སྔོན་འགོག་ཚོད་འཛིན་ཐོན་རྫས་བཟོ་བ་དང་ཕྱིར་ཚོང་བྱེད་པ། འདྲ་མ་འདྲེས་པའམ་རྫུན་མ་བསྲེས་པ་དང་། རྫུན་མས་ངོ་མར་བརྫུས་པ། སྤུས་ཞན་སྤུས་ལེགས་སུ་བརྫུས་པ་བཅས་ཀྱི་སྔོན་འགོག་དང་ཚོད་འཛིན་ཐོན་རྫས་ཐོན་སྐྱེད་དང་ཕྱིར་འཚོང་བྱས་རིགས།

བདུན་པ། དཀྲོག་གཏམ་བཟོ་བ་དང་དཀྲོག་གཏམ་སྤེལ་བའི་བྱ་སྤྱོད། རིམས་ནད་བྱུང་ཚུལ་གྱི་ཆ་འཕྲིན་རྫུན་མ་བཟོ་བ་དང་། རིམས་ནད་ཀྱི་དཀྲོག་གཏམ་སྒྲོག་པ། རིམས་ནད་བྱུང་ཚུལ་རྫུན་ཞུ་བཅས་བྱས་རིགས། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་ཐབས་རྫུན་མ་བཟོས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྒྲིག་ལམ་དཀྲུག་རིགས། ཆ་འཕྲིན་རྫུན་མ་ཡིན་པ་ཤེས་བཞིན་དུ་སྔར་བཞིན་སྐད་འཕྲིན་དང་། འཕྲིན་ཐུང་། དྲ་བ་སོགས་ཀྱི་ཐབས་ལམ་བརྒྱུད་དེ་རྐང་བཙུགས་ནས་ཁྱབ་སྤེལ་བྱས་རིགས།

བརྒྱད་པ། ནད་ཡམས་བེད་སྤྱད་དེ་ཁ་བསླུས་རྒྱག་པའི་བྱ་སྤྱོད། ཁ་པར་དང་། འཕྲིན་ཐུང་། སྐད་འཕྲིན། དཔོད་ཆུང་། དྲ་རྒྱ་སོགས་གློག་འཕྲིན་དྲ་རྒྱའི་ཐབས་ལམ་བརྒྱུད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཐོན་རྫས་ཕྱིར་ཚོང་དང་། ཞལ་འདེབས་དངོས་ཟོག་བསྡུ་རུབ། དྲ་ཐོག་ནས་ནད་གཞི་བརྟག་དཔྱད་སོགས་ཀྱི་བྱ་ཐབས་ལ་བརྟེན་ནས་ཁ་བསླུས་རྒྱག་པའི་རིགས།

དགུ་པ། རི་སྐྱེས་སྲོག་ཆགས་བཙོངས་པའི་བྱ་སྤྱོད། རྒྱལ་ཁབ་ཀྱིས་གཙོ་གནད་སྲུང་སྐྱོང་བྱ་རྒྱུའི་རི་སྐྱེས་སྲོག་ཆགས་ཁྲིམས་འགལ་གྱིས་རྔོན་འཛིན་གསོད་གསུམ་བྱས་པའམ་ཡང་ན་རྒྱལ་ཁབ་ཀྱིས་གཙོ་གནད་སྲུང་སྐྱོང་བྱ་རྒྱུའི་རི་སྐྱེས་སྲོག་ཆགས་དང་དེའི་ཐོན་རྫས་ཁྲིམས་འགལ་གྱིས་ཉོ་སྒྲུབ་དང་། སྐྱེལ་འདྲེན། ཕྱིར་འཚོང་བཅས་བྱས་རིགས།

བཅུ་པ། རིམས་ནད་ཀྱི་གནས་ཚུལ་ལ་བརྟེན་ནས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད། རིམས་ནད་ཀྱི་གནས་ཚུལ་ལ་བརྟེན་ནས་ཆབ་སྲིད་ཀྱི་དཀྲོག་གཏམ་སྒྲོག་སྤེལ་བྱས་རིགས། རིམས་ནད་ཀྱི་གནད་དོན་ལ་བརྟེན་ནས་དྲིལ་བསྒྲགས་སིམ་འཛུལ་དང་ཁ་ཕྲལ་གཏོར་བཤིག་གི་བྱེད་སྤྱོད་སྤེལ་བ། རིམས་ནད་བྱུང་ཚུལ་ལ་བརྟེན་ནས་མི་རིགས་ཀྱི་འགལ་བ་བཟོ་བ་དང་མི་རིགས་ལ་མཐོང་ཆུང་བྱེད་པའི་ངན་སྐུལ་བྱས་རིགས། རིམས་ནད་བྱུང་ཚུལ་ལ་ཁ་གཡར་ནས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་གནད་དོན་གཞན་དག་བཅས།

བཅུ་གཅིག་པ། རིམས་ནད་སྔོན་འགོག་ཚོད་འཛིན་ལ་གཏོར་བཤིག་གཏོང་བའི་ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་གཞན་དག་བཅས་ཡིན།


《བརྡ་ཁྱབ་》ཁྱབ་བསྒྲགས་བྱས་ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན།

ལྷུན་གྲུབ་རྫོང་སྤྱི་བདེ་ཅུད་ནས།

2020ལོའི་ཟླ་2ཚེས་17ཉིན།


林周县公安局关于依法严厉打击新冠肺炎疫情防控期间违法犯罪行为的通告


为全力做好全县新冠肺炎疫情防控工作,依法惩处破坏疫情防控的违法犯罪行为,切实保障人民群众生命健康安全,有效维护社会秩序。根据《中华人民共和国刑法》《中华人民共和国治安管理处罚法》《中华人民共和国传染病防治法》《中华人民共和国突发事件应对法》《最高人民法院 最高人民检察院 公安部 司法部关于依法惩治妨害新型冠状病毒感染肺炎疫情防控违法犯罪的意见》等法律法规及相关司法解释,林周县公安局按照《拉萨市公安机关关于依法严厉打击新冠肺炎疫情防控期间违法犯罪行为的通告》要求,将依法严厉打击新冠肺炎疫情防控期间以下违法犯罪行为:

一、拒不配合防控措施的行为。拒不执行政府及其有关部门依法发布的防控措施的;在公共场所不佩戴口罩,不听劝阻的;拒不配合卫生防疫、医疗卫生机构、小区、乡镇、村委会等基层组织采取的体温检测、传染病调查、样本采集检测、环境卫生整治和病菌消毒等防控措施的。

二、拒不配合留观(隔离)措施的行为。从疫情重点地区或者内地返县的人员,以及与上述人员、确诊或疑似新冠肺炎患者有密切接触的人员,不按规定主动登记报告,在工作人员询问时不如实告知的;拒绝执行相关检测、居家留观、集中留观、隔离治疗措施的。

三、扰乱医疗秩序的行为。侮辱、威胁、恐吓、殴打、故意伤害医务人员的;故意毁坏医务人员防护服、护目镜、口罩相关防护装备等危害医务人员人身安全的;在医疗机构聚众滋事、起哄闹事、无事生非等扰乱医疗秩序的。

四、

故意传播疾病的行为。明知已经感染新冠肺炎,或者已有发热、咳嗽等疑似症状,仍故意出入公共场所的;隐瞒疫情重点地区旅居史、患病情况,仍与他人接触,危害公共安全的。

五、哄抬物价的行为。哄抬防疫药品以及口罩、防护服、护目镜、消毒液等防疫用品价格的;哄抬粮、油、肉、蔬等民生商品价格的;大量囤货,高价销售以牟取暴利,严重扰乱市场秩序的。

六、制假售假的行为。制造、销售假冒伪劣防疫药品的;制造、销售假冒伪劣口罩、防护服、护目镜、消毒液等防控产品的;生产、销售掺杂掺假、以假充真、以次充好的疫情防控产品的。

七、造谣传谣的行为。编造虚假疫情信息,散布疫情谣言,谎报疫情的;编造虚假疫情防控措施,扰乱疫情防控秩序的;明知是虚假信息,仍通过微信、短信、网络等途径故意传播的。

八、利用疫情诈骗的行为。通过电话、短信、微信、微博、网络平台等电信网络途径,以销售疫情防控产品、募集捐赠物资、在线诊断等方式进行诈骗的。

九、出售贩卖野生动物的行为。非法猎捕、杀害国家重点保护野生动物的,或者非法收购、运输、出售国家重点保护野生动物及其制品的。

十、利用疫情危害国家安全的行为。利用疫情制造传播政治谣言的;利用疫情问题从事反宣渗透、分裂破坏活动的;利用疫情制造、煽动民族矛盾、民族歧视的;其他借疫情问题危害国家安全的。

十一、其它破坏疫情防控的违法犯罪行为。


《通告》自发布之日起实施。

林周县公安局

2020年2月17日