拉萨连续九天零疫情

<strong>ལྷ་སའི་ཏོག་དབྱིབས་ནད་དུག་གི་གནས་ཚུལ།

2020年2月20日拉萨市新型冠状病毒

<strong>སྤྱི་ལོ་༢༠༢༠ལོའི་ཟླ་༢ཚེས་༢༠ཉིན་གྱི་ཆུ་ཚོད་༢༤བར། ལྷ་ས་གྲོང་ཁྱེར་ལ་ཏོག་གསར་གློ་ཚད་ཕོག་མཁན་མེད་པ་དང་། དོས་དྲག་པའི་ནད་པ་མེད། ཚེ་སྲོག་ཤོར་བའི་ནད་པ་མེད། དོགས་ཡོད་ནད་དཔེ་མེད། དྲག་སྐྱེད་བྱུང་ནས་ཁྱིམ་དུ་ལོག་པ་གཅིག་ཡོད། ད་བར་ཁྱོན་བསྡོམས་ཏོག་གསར་གློ་ཚད་ཕོག་མཁན་གཅིག་རང་ལས་བྱུང་མེད། ཉིན་ཉེར་གཉིས་བསྟུད་མར་ནད་པ་གསར་པ་དང་དོགས་ཡོད་ནད་དཔེ་ཐོན་མེད།

截止2月20日24时,我市现有新冠肺炎确诊病例0例,重症病例0例,死亡病例0例,疑似病例0例,治愈出院病例1例,累计确诊新冠肺炎病例1例。连续22天无新增确诊或疑似病例。


<strong>ལྷ་ས་གྲོང་ཁྱེར་འཕྲོད་བསྟེན་དང་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཤ་ཚའི་དྲན་སྐུལ།རིམས་ནད་སྐབས་ཟ་ཁང་དུ་བདེ་འཇགས་ངང་ཁ་ལག་ཟ་སྐབས་ཕྱོགས་སྟོན་དོན་ཚན་དགུ་ཡིད་ལ་བརྟན་པོར་ངེས་དགོས།

拉萨市健康委员会温馨提示:疫情期间食堂安全就餐,九条指南要记牢!


<strong>༡ ཁ་གྲམ་པའམ་ཐུམ་བརྒྱབ་ནས་ལོགས་སུ་བཟའ་བ། རིམས་ནད་ཀྱི་སྐབས་སུ་སྡེ་ཚན་གྱི་ཟ་ཁང་དུ་ཁ་ལག་བཟའ་བར་གཅིག་སྡུད་མི་བྱེད་པའི་གྲོས་འགོ་འདོན་རྒྱུ་ཡིན། ངེས་པར་དུ་ཁ་ལག་བཟའ་དགོས་ཚེ་རེས་མོས་སམ་ཡང་ན་ཁ་གྲམ་ནས་ཁ་ལག་བཟའ་དགོས། གཅིག་སྡུད་ཁུལ་དུ་སྡོད་པའི་དུས་ཚོད་ཐུང་དུ་གཏོང་ཆེད་ཐུམ་སྒྲིལ་བརྒྱབ་ནས་རང་སོ་སོའི་གཞུང་དོན་སྒྲུབ་སར(སྡོད་ས)ལོགས་སུ་ཁ་ལག་བཟའ་རྒྱུར་ལྕག་སྐུལ་བྱེད་ཀྱི་ཡོད་པ་རེད།

1.分散或打包单独就餐。在疫情期间,建议不集中到单位食堂内就餐。若必须就餐,可采取轮流或者分散方式就餐。为了减少在集中场所的驻留时间,鼓励打包带回到各自办公地点(或住地)单独就餐。


<strong>༢ ཁ་ལག་མ་བཟའ་གོང་ལ་ཁ་རས་ཡག་པོ་རྒྱག་དགོས། གལ་ཏེ་ཟ་ཁང་དུ་ཁ་ལག་ཟ་བར་བསྐྱོད་ཚེ་རང་ཉིད་ཀྱི་བདེ་ཐང་འགན་ལེན་ཐུབ་པ་བྱེད་དགོས་པ་མ་ཟད།ཏོག་གསར་གློ་ཚད་ཀྱི་དོགས་ཡོད་ནད་རྟགས་ཐོན་མེད་ནའང་ཁ་རས་ཡག་པོ་བརྒྱབ་དགོས།

2.就餐前正确佩戴好口罩。如果去食堂就餐,要确保自身健康,没有出现新型冠状病毒肺炎可疑症状,并正确佩戴好口罩,就餐前再摘下。


<strong>༣ ལག་པ་གཙང་མ་བྱེད་དགོས། ཁ་ལག་གོང་ལག་པ་འཁྲུ་དགོས།

3.保持手部清洁。就餐前要洗手!洗手!洗手!


<strong>༤ ཟ་འཐུང་མང་བའི་དུས་ལས་གཡོལ་དགོས།

4.错时就餐。避开就餐高峰期。


<strong>༥ལུགས་མཐུན་གྱི་བཟའ་བཅའ། མི་སྒེར་གྱི་ཁྱད་ཆོས་ལ་བལྟོས་ནས་འཚོ་བཅུད་དོ་སྙོམས་ཡོང་ཐབས་བྱེད་དགོས་པ་དང་།འཇམ་རྩུབ་སྡེབ་སྒྲིག་ཡོང་བ།འབྲས་དང་སྲན་མ་མཉམ་བསྲེས།སྒོ་ང་དང་འོ་མ་མཉམ་བསྲེས།ཤིང་འབྲས་དང་སྔོ་ཚལ་འདང་ངེས།ཤ་ཚོན་པོ་དང་ཤ་བསྙལ་མའི་རིགས་ཉུང་ཙམ་བཟའ་བ།ཚྭ་མཐོ་བ་དང་སྣུམ་བཙོས་ཟས་རིགས་ཉུང་ཟ་བཅས་བྱས་ཏེ།ལུས་པོའི་རྙིང་ཚབ་གསར་བྱེད་ལ་སྐུལ་འདེད་དང་།ལུས་ཕུང་གི་ནད་འགོག་ནུས་པ་ཇེ་ཆེར་གཏོང་དགོས།

5.合理膳食。可根据个人特点,饮食要荤素搭配,粗细搭配,谷豆混吃,蛋奶兼并,果蔬充足,少吃肥肉、烟熏和腌制肉制品,少吃高盐和油炸食品,足量饮水,促进机体的新陈代谢,增强机体的免疫力和抵抗力。


<strong>༦ཁ་ལག་བཟའ་བའི་སྐབས་སུ་འབྲེལ་འདྲིས་ཉུང་བ་དང་།ཟ་དུས་སྤེལ་རེས་ཉུང་ཙམ་བྱས་ནས་བློ་རྩེ་གཅིག་སྒྲིམ་གྱིས་ཁ་ལག་བཟའ་དགོས།

6.吃饭时少交流。就餐时,少交流,专心吃饭。


<strong>༧བཟའ་བཏུང་ཡོ་བྱད་ལ་དུག་སེལ་ཇི་ལྟར་བྱ་དགོས། ཟ་སྣོད་འཐུང་ཆས་ལ་དུག་སེལ་བྱེད་ན་ཆེས་གོ་ཆོད་ཤོས་དང་ཆེས་བདེ་འཇགས་ཡིན་པའི་ཐབས་ནི་ཚ་ཤུགས་ཀྱིས་དུག་སེལ་བྱ་རྒྱུ་དེ་ཡིན།ཐོག་མར་ཟ་སྣོད་གཙང་མར་བཀྲུས་རྗེས་ཆུ་ཁོལ་ནང་སྐར་མ་༡༥-༣༠བཞག་ནས་དུག་སེལ་བྱ་དགོས། ཡང་ན་ཟས་སྣོད་གཙང་མར་བཀྲུས་རྗེས་ཚ་རླངས་འབྱུང་ཆས་ནང་སྐར་མ་༡༥-༣༠བཙོ་བ། ཟ་སྣོད་འཐུང་ཆས་ལ་དུག་སེལ་བྱེད་པར་འཚམ་པའི་རྫས་འགྱུར་དུག་སེལ་རྫས་ཀྱང་ཐོན་རྫས་ཀྱི་གསལ་བཤད་ཡི་གེ་ལྟར་སྤྱད་ཆོག

7.餐饮具如何消毒。餐具消毒最有效、最安全的方法是热力消毒,首选将餐具洗净后,置于沸水中煮沸15-30分钟消毒;或将餐具清洗干净后于热蒸汽发生器中蒸15-30分钟;也可用适宜于餐具消毒的化学消毒剂按产品说明书进行。


<strong>༨ཟ་ཁང་དུ་ཁ་ལག་ཟ་སྐབས་གཟུགས་པོའི་དྲོད་ཚད་བལྟ་དགོས། གལ་སྲིད་ཚན་པ་ནང་ཁུལ་གྱི་ཟ་ཁང་ཡིན་པ་མ་ཟད།ཁ་ལག་ཟ་མཁན་གྱིས་ལས་ཀའི་ཁུལ་དུ་མ་བསྐྱོད་གོང་གཟུགས་པོའི་དྲོད་ཚད་ལ་ལྟ་ཞིབ་ཚད་ལེན་བྱས་ཡོད་ན།ཟ་ཁང་དུ་ཁ་ལག་ཟ་བར་འགྲོ་སྐབས་གཟུགས་པོའི་དྲོད་ཚད་ལ་ལྟ་ཞིབ་བྱེད་དགོས་ཀྱི་མེད། གལ་ཏེ་ཟ་ཁང་ཕྱི་ཕྱོགས་སུ་ལས་གཉེར་བྱས་ཚེ་ཏོག་དབྱིབས་ནད་དུག་བརྒྱུད་སྤེལ་གྱི་ཁྱད་ཆོས་ལ་གཞིགས་ནས་གཅིག་སྡུད་རང་བཞིན་གྱི་འགོ་ནད་མི་ཐོན་པ་བྱས་ནས་ཁ་ལག་ཟ་མཁན་ཚང་མ་བདེ་ཐང་ཡོང་བའི་འགན་ལེན་བྱ་ཆེད།ཕྱི་ནས་ཡོང་སྟེ་ཁ་ལག་ཟ་མཁན་རྣམས་ཟ་ཁང་ནང་མ་ཡོང་གོང་གི་གཟུགས་པོའི་དྲོད་ཚད་འཇལ་དགོས་ཀྱི་ཡོད་པ་རེད།

8.食堂就餐测体温原则。如果是单位内部食堂,且就餐人员在进入工作区前已经进行了健康体温监测,去食堂吃饭不需要测量体温。如果食堂对外营业,根据新型冠状病毒的传播特点,为避免聚集性传播,保证全部就餐人员的健康,外来就餐者进入餐厅前则需要测量体温。


<strong>༩བར་ཐག་རིང་ཙམ་བྱས་ཏེ་མཆིལ་མ་མ་འཐོར་བ་བྱེད་དགོས། ཟ་ཁང་ནང་དུ་ཁ་ལག་ཟ་སྐབས་མི་དང་མིའི་དབར་བར་ཐག་ངེས་ཅན་ཞིག་རྒྱུན་འཁྱོངས་བྱས་ནས་ཁ་ཆུ་འཐོར་བའི་གནས་ཚུལ་མི་ཐོན་པ་བྱེད་དགོས།

9.保持距离,避免飞沫传播。食堂内就餐,人与人之间要保持一定距离,避免飞沫传播。



分享到:


相關文章: