留觀期間擅自離藏,拉薩市一名幹部被通報

<strong>ལྷ་ས་གྲོང་ཁྱེར་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་ཀྱིས་ལྷ་ས་གྲོང་ཁྱེར་སྒྲིག་ཨུད་ལྟ་སྐུལ་ཨུ་ཡོན་ལྷན་ཁང་དང་ཟུང་སྦྲེལ་བྱས་ཏེ། ལྷ་ས་གྲོང་ཁྱེར་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་ཁྲོམ་ར་ཚད་ལྡན་དོ་དམ་ཚན་ཁག་གཉིས་པའི་ཁོའོ་རིམ་པ་གཉིས་པའི་ལས་བྱེད་པ་ཡང་ལུའེ་ཧྭ་ཡིས་ཁྱིམ་དུ་གསོ་རིག་ལྟ་ཞིབ་བྱེད་རིང་རང་མཚམས་ཀྱིས་བོད་ལྗོངས་ནས་ཁ་བྲལ་ནས་ཐོན་པའི་གནས་ཚུལ་ལ་ཉེ་ཆར་ཐག་གཅོད་ནན་པོ་བྱས་པ་རེད།

近期,拉薩市市場監督管理局會同拉薩市紀委監委,對拉薩市市場監督管理局市場規範管理科二級主任科員楊綠化居家留觀期間擅自離藏問題進行嚴肅處理。


<strong>ཡང་ལུའེ་ཧྭ་ཡིས་ཁྱིམ་དུ་གསོ་རིག་ལྟ་ཞིབ་བྱེད་རིང་། སྤྱི་ལོ་༢༠༢༠ལོའི་ཟླ་༢ཚེས་༣ཉིན། སྒྲིག་འཛུགས་ལ་སྙན་ཞུ་མ་བྱས་པར་རང་མཚམས་ཀྱིས་ཧོ་ནན་ཞིང་ཆེན་ཀྲུའུ་མྰ་ཏེན་གྲོང་ཁྱེར་ཧྲང་ཚའེ་རྫོང་ལ་ལོག་པ་དང་། དེའི་རིང་། ཡང་ལུའེ་ཧྭ་ཡིས་བོད་ལྗོངས་ནས་ཁ་བྲལ་ཏེ་ཕྱིན་པའི་དོན་དངོས་གསང་བ་བྱས་ནས་ཉིན་ལྟར་འཕྲིན་ཕྲན་ཐོག་ནས་དོ་དམ་ཚོད་འཛིན་བྱེད་མཁན་ལ་གཟུགས་པོའི་དྲོད་ཚད་དུས་ཐོག་ལ་སྙན་ཞུ་བྱས་ཤིང་། ཟླ་༢ཚེས་༡༡ཉིན་ལྷ་ས་གྲོང་ཁྱེར་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་ཀྱིས་ཁྱིམ་དུ་གསོ་རིག་ལྟ་ཞིབ་བྱེད་བཞིན་པའི་མི་སྣར་ཡུལ་དངོས་སུ་བརྟག་དཔྱད་བྱེད་དུ་འགྲོ་སྐབས། ཡང་ལུའེ་ཧྭ་རང་མཚམས་ཀྱིས་བོད་ལྗོངས་ནས་ཁ་བྲལ་བའི་སྒྲིག་བརྒལ་གནས་ཚུལ་ཧ་གོ་བ་རེད།

2020 年2月3日,楊綠化在居家留觀期間,未向組織報備,私自返回河南省駐馬店市上蔡縣。在此期間,楊綠化隱瞞其離藏事實,每日繼續通過微信向管控人員報備其體溫數據,直至2月11日,拉薩市市場監督管理局對居家留觀人員開展實地抽査,發現其違規脫管且已離藏。


<strong>ཡང་ལུའེ་ཧྭ་ཀྲུང་གོ་གུང་ཁྲན་ཏང་ཡོན་ཞིག་དང་རྒྱལ་ཁབ་ཀྱི་ལས་བྱེད་པ་ཞིག་ཡིན་རུང་། ཆབ་སྲིད་ཀྱི་འདུ་ཤེས་བརྟན་པོ་མེད་པ་དང་། སྒྲིག་ཁྲིམས་ཀྱི་འདུ་ཤེས་ཞན་པ། ཁྱོན་ཡོངས་ཀྱི་འདུ་ཤེས་མ་འདང་བར་ལྗོངས་ཡོངས་སུ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཐོལ་བྱུང་ཛ་དྲག་དོན་རྐྱེན་གྱི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་གྱི་འབོད་སྐུལ་རིམ་པ་དང་པོའི་འགག་རྩའི་དུས་སུ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྒྲིག་ཁྲིམས་ལས་བརྒལ་བ་དང་། རྩ་འཛུགས་དང་དོ་དམ་མི་སྣར་སྙན་ཞུ་མ་བྱས་པར་བོད་ལྗོངས་ནས་ཁ་བྲལ་བའི་དོན་རྩད་མ་ཆོད་བར་དུ་གང་ལ་ཕྱིན་པ་གསང་བ་བྱས་ཏེ་རྩ་འཛུགས་ཀྱི་སྒྲིག་ཁྲིམས་དང་ལས་ཀའི་སྒྲིག་ཁྲིམས་ལས་བརྒལ་བར་བརྟེན། ལྷ་ས་གྲོང་ཁྱེར་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་ཀྱིས་སྤྱི་ལོ་༢༠༢༠ལོའི་ཟླ་༢ཚེས་༡༨ཉིན་ཏང་ཙུའུ་ཡི་ཆེད་དོན་ཚོགས་འདུར་ཞིབ་འཇུག་བྱས་ཏེ། ཡང་ལུའེ་ཧྭ་ལ་ཏང་ནང་གི་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་བཅད་པ་རེད།

楊綠化身為中共黨員和國家公職人員,政治意識不強、規矩意識淡薄、大局意識欠缺,在全區疫情防控已啟動重大突發公共衛生事件I級響應的關鍵時期, 違反疫情防控紀律,未向組織和管控人員請示報告,擅自離藏且直至案發仍向組織隱瞞實際去向,違反組織紀律和工作紀律。經拉薩市市場監督管理局2020 年2月18日黨組專題會議研究,決定給予楊綠化黨內嚴重警告處分。



分享到:


相關文章: