碌曲縣新型冠狀病毒感染的肺炎疫情 聯防聯控工作領導小組辦公室告知書

བརྡ་ ཁྱབ།

རྒྱ་ཆེའི་ལས་བྱེད་མང་ཚོགས་ཡོངས་ལ།

མིག་སྔར་གསར་བྱུང་གློ་ཚའི་རིམས་ནད་ཐོལ་གྱིས་བྱུང་སྟེ་རིམས་ནད་ལ་སྔོན་འགོག་དང་ཚོད་འཛིན་བྱེད་པའི་བྱ་བ་དེ་ཛ་དྲག་གི་དུས་བབས་སུ་འཁེལ་ཡོད། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་བ་དེ་འགག་རྩར་སླེབས་པའི་སྐབས་འདིར། གསར་བྱུང་གློ་ཚའི་རིམས་ནད་རྒྱ་ཁྱབ་ཏུ་མཆེད་པར་དོགས་ཟོན་བྱས་ནས་རིམས་ནད་ཕན་ཚུན་འགོ་བའི་གནས་ཚུལ་ལ་བཀག་འགོག་བྱ་ཆེད། དམངས་ཡོངས་ཀྱིས་འགུལ་བསྐྱོད་བྱེད་པའམ་མི་ཚང་མ་ནང་ཞུགས་བྱས་ཏེ། དཀའ་སྡུག་མཉམ་འཁུར་གྱིས་རིམས་ནད་ལས་རྣམ་པར་རྒྱལ་བར་འབོད་སྐུལ་བཏང་བ་ཡིན།

ཁྱིམ་སྡོད་ལོགས་བཀར་ལ་གསོ་རིག་ཐད་ནས་ལྟ་ཞིབ་དང་དོ་སྣང་བྱ་དགོས་པའི་དོན་ཚན་ཁག་ནི་གཤམ་གསལ་ལྟར།

1.ཁྱིམ་སྡོད་ལོགས་བཀར་བྱས་པའི་མིས་གཏན་འབེབས་ལྟར་རང་ཁྱིམ་དུ་བསྡད་དེ་ཉིན16གི་རིང་ལ་གསོ་རིག་ཐད་ནས་ལྟ་ཞིབ་བྱ་དགོས་པ་དང་། ངེས་པར་དུ་རང་གཅིག་པུར་སྡོད་དགོས་ཤིང་མི་གཞན(བཟའ་མི)དང་འབྲེལ་འདྲིས་བྱེད་མི་ཆོག གལ་ཏེ་དགོས་དབང་གིས་འབྲེལ་འདྲིས་བྱ་དགོས་ཚེ་གང་ཐུབ་ཀྱིས་བར་ཐག་རིང་ཙམ་བྱེད་པ་དང་། ཁ་ཐུམ་གྱོན་པའམ་ཡང་ན་རླུང་བུའི་ལྡང་ཕྱོགས་སོགས་ལ་དོ་སྣང་བྱ་དགོས།

2.ཁྱིམ་སྡོད་ལོགས་བཀར་བྱས་པའི་མིའམ་དེ་དང་མཉམ་གཅིག་ཏུ་སྡོད་པའི་མི(བཟའ་མི)དེ་ལོགས་སུ་བཀར་ཡུལ་དང་ཁ་འབྲལ་མི་ཆོག་ལ། གཉེན་ཉེ་དང་གྲོགས་པོ། ཉེ་འཁོར་གྱི་སྡོད་དམངས་སོགས་དང་འབྲེལ་འདྲིས་བྱ་མི་ཆོག

3.འབྲེལ་འདྲིས་ཆེ་བའི་མི་ཚང་མར“གཅིག་ཅན་ལྔ”(ལུས་དྲོད་འཇལ་ཆས་གཅིག་དང་དུག་སེལ་སྨན་ཤེལ་དམ་གཅིག དྲིལ་བསྒྲགས་ལག་དེབ་གཅིག ཁ་ཐུམ་གཅིག རེའུ་མིག་གཅིག)བཀོད་སྒྲིག་བྱ་དགོས་པར་མ་ཟད། ལོགས་སུ་བཀར་བའི་མི་ལ་ལུས་དྲོད་གཞལ་ཐབས་བསླབ་དགོས་ཤིང་། ལོགས་བཀར་བྱས་པའི་མིས་རང་དགར་གྱིས་ཉིན་རེའི་སྔ་དགོང་དུ་ལུས་དྲོད་གཞལ་རྗེས་སྨན་པ་དང་དོ་དམ་པའི་གསོ་རིག་ཐད་ཀྱི་ལྟ་ཞིབ་ལ་གཞོགས་འདེགས་བྱེད་པ་དང་། ཁ་པར་གྱི་ལམ་ནས་འཕྲིན་ཐུང་བསྐུར་བའམ་ཡང་ན་བརྙན་ལམ་སོགས་ནས་ཤང་གྲོང་དང་སྡེ་ཁུལ་གྱི་བྱ་བྱེད་མི་སྣ་དང་སྨན་པར་རང་ངོས་ཀྱི་བདེ་ཐང་གནས་ཚུལ་སྙན་སེང་ཞུ་དགོས།

4.ཁང་བའི་ནང་དུ་རླུང་རྒྱུ་རུ་བཅུག་སྟེ་ཕན་ཚུན་ལ་རིམས་ནད་འགོས་པར་སྔོན་འགོག་བྱེད་པ་དང་། རང་ཉིད་ཀྱི་གཙང་སྦྲ་ལ་དོ་སྣང་བྱེད་བཞིན་ལག་པ་འཁྲུད་དགོས་ལ། གློ་ལུ་བྱེད་པ་དང་ཧབ་སྦྲིད་རྒྱག་པའི་སྐབས་སུ་ཁ་སྣ་འགེབ་པ་དང་། ཁ་སྣ་གཙང་མར་ཕྱིས་རྗེས་ལག་པ་འཁྲུད་དགོས།

5.ཁྱིམ་སྡོད་ལོགས་བཀར་བྱས་པའི་མི་ལ་དཀར་ཡོལ་དང་ཐུར་མ་ཁ་ཁར་སྤྱོད་དགོས་ལ། སོ་བཀྲུ་དང་ལག་ཕྱིས། ཁྲུས་རས། ཉལ་གདན་སོགས་མཉམ་དུ་སྤྱོད་མི་རུང་ལ། ཟས་སྣོད་འཐུང་ཆས་སོགས་སྤྱད་རྗེས་འདག་རྫས་དང་ཆུ་གཙང་མས་འཁྲུད་དགོས།

6.དབྱང་བརྒལ་སྐྱུར་ཁ་པ་དང་ཆང་བཅུད་སོགས་ཕན་ནུས་ལྡན་པའི་དུག་སེལ་སྨན་རྫས་མཚམས་སྦྱོར་བྱས་ཏེ། ཉིན་རེར་གཙང་སེལ་གང་མང་བྱེད་པ་དང་། བཟའ་མིས་རྒྱུན་དུ་རེག་བཞིན་པའི་དངོས་པོར་ཡང་དང་ཡང་དུ་དུག་སེལ་བྱ་དགོས་ལ། ཁྲུས་ཁང་དང་སྤྱོད་ཁང་སོགས་ལ་ཆེས་ཉུང་ནའང་ཉིན་རེར་གཙང་སྦྲ་དང་དུག་སེལ་ཐེངས་རེ་བྱ་དགོས།

7.ཁྱིམ་སྡོད་ལོགས་བཀར་བྱས་པའི་མིས་སེམས་ཁམས་བརྟན་པོའི་སྒོ་ནས་འཇིགས་སྣང་ཇེ་ཆུང་དུ་གཏོང་དགོས་ལ། འཚོ་བཅུད་ལ་ཁ་གསབ་བྱེད་པར་དོ་སྣང་བྱས་ནས། གཉིད་དང་ངལ་གསོ་འདང་ངེས་ཤིག་ཡོང་བར་ཁག་ཐེག་བྱེད་པ་དང་། རང་ལུས་ཀྱི་རིམས་འགོག་ནུས་པ་ཇེ་ཆེར་གཏོང་དགོས།

8.ཁྱིམ་སྡོད་ལོགས་བཀར་བྱས་པའི་མི་ལ་ལྟ་ཞིབ་བྱེད་པའི་སྐབས་སུ་ཚ་བ་རྒྱས་ཏེ་མཆན་འོག་གི་དྲོད་ཚད་ཏུའུ་གྲངས37.3དང་མཚུངས་པའམ་དེ་ལས་བརྒལ་བ་དང་། གློ་ལུ་བྱེད་པའམ་དབུགས་འཚང་བ་སོགས་མྱུར་གཤིས་ཅན་གྱི་དབུགས་ལམ་གཉན་ཚད་རྒྱས་པའི་ནད་རྟགས་བྱུང་ཚེ། མྱུར་དུ་གསོ་རིག་ལྟ་ཞིབ་དོ་དམ་མི་སྣར་ཤེས་སུ་འཇུག་དགོས་ལ་ཆེད་སྤྱོད་རླངས་འཁོར་བཀོད་སྒྲིག་བྱས་ཏེ་དམིགས་འཛུགས་བྱས་པའི་སྨན་ཁང་དུ་སྐྱེལ་ནས་སྨན་བཅོས་བྱེད་དུ་འཇུག་དགོས།

9.ཁྱིམ་སྡོད་ལོགས་བཀར་བྱས་པའི་མི་ལ་ལྟ་ཞིབ་བྱེད་པའི་དུས་ཡུན་འདང་རྗེས་རྒྱུན་ལྡན་མིན་པའི་གནས་ཚུལ་མེད་ཚེ། བྱ་བ་དེར་འགན་འཁུར་མཁན་གྱི་ཤང་གྲོང་དང་སྡེ་ཁུལ(སྡེ་བ)གྱི་ཆེད་བསྐོས་མི་སྣས་ཁྱིམ་སྡོད་ལོགས་བཀར་བྱེད་མཚམས་བཞག་པར་ཁྱབ་བསྒྲགས་བྱས་ནས། རྒྱུན་དུ་འབྲེལ་གཏུག་བྱེད་པར་ཤུགས་སྣོན་བཞིན་བདེ་ཐང་སློབ་གསོ་དྲིལ་བསྒྲགས་བྱ་དགོས།

10.ལོགས་སུ་བཀར་བའི་མིས་རང་འགུལ་ངང་གཏན་འབེབས་ལ་བརྩི་སྲུང་དང་དོ་དམ་དང་ལེན་བྱེད་དགོས་པ་ལས་རང་དགར་ལོགས་བཀར་བྱ་ཡུལ་དང་ཁ་འབྲལ་མི་ཆོག་ལ། འབྲེལ་ཡོད་གཏན་འབེབས་ལ་གཞོགས་འདེགས་མི་བྱེད་པའམ་ཡང་ན་ལོགས་སུ་བཀར་བར་གསོ་རིག་ཐད་ནས་ལྟ་ཞིབ་མི་བྱེད་པར་རིམས་ནད་གང་སར་ཁྱབ་ཏུ་བཅུག་སྟེ། སྤྱི་པའི་བདེ་འཇགས་དང་སྤྱི་དམངས་ཀྱི་བདེ་འཇགས་ལ་གནོད་འཚེ་བཟོས་ཚེ། བཙན་ཤེད་ཀྱིས་ལོགས་སུ་བཀར་ཐབས་སྤྱོད་རྒྱུ་ཡིན་པར་མ་ཟད། རིམས་ནད་འགོག་བཅོས་བཅའ་ཁྲིམས་དང་དམངས་ཁྲིམས། ཉེས་ཁྲིམས་སོགས་ལ་འགལ་ཚེ་དམངས་དོན་དང་ཉེས་དོན་གྱི་འགན་འཁྲི་འཁུར་དགོས།

ཀླུ་ཆུ་རྫོང་གསར་བྱུང་གློ་ཚའི་རིམས་ནད་མཉམ་འགོག་མཉམ་བཅོས་བྱ་བའི་མགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གིས།

2020ལོའི་ཟླ2པའི་ཚེས6ཉིན་ལ།

碌曲縣新型冠狀病毒感染的肺炎疫情 聯防聯控工作領導小組辦公室告知書

碌曲縣新型冠狀病毒感染的肺炎疫情 聯防聯控工作領導小組辦公室告知書

碌曲縣新型冠狀病毒感染的肺炎疫情 聯防聯控工作領導小組辦公室告知書

碌曲縣新型冠狀病毒感染的肺炎疫情 聯防聯控工作領導小組辦公室告知書

告 知 書

廣大幹部群眾:

當前,新型冠狀病毒感染的肺炎疫情席捲而來,疫情防控工作形勢嚴峻。疫情防控工作進入最關鍵時期,為有效防範新型冠狀病毒感染的肺炎疫情傳播,阻止交叉感染,呼籲全民行動、人人參與、和衷共濟、戰勝疫情。

居家隔離醫學觀察注意事項:

1、居家隔離人員要按規定居家隔離醫學觀察16天,必須單人居住,避免與其他人員(家庭人員)接觸,確有必要的接觸應注意保持儘可能遠的距離、戴口罩或居於下風向。

2、居家隔離人員、共同居住人員(家庭人員)不得離開隔離場所,避免與親朋好友、周邊居民接觸。

3、給每一名密切接觸者配備“五個一”(一支體溫計、一瓶消毒液、一本宣傳冊、一個口罩、一張表格),並教會被隔離人員體溫測量方法,每日早晚由被隔離人員自行測量體溫後,配合醫務人員和管理人員的醫學觀察,通過手機短信或視頻等方式向鄉鎮、社區工作人員和醫務人員報告自身健康情況。

4、保持房間通風良好,防止相互交叉感染,注意個人衛生,勤洗手、咳嗽和打噴嚏時遮掩口鼻,清潔口鼻後應及時洗手。

5、居家隔離人員使用單獨碗筷,避免共用牙刷、毛巾、浴巾、床單等物品,餐具使用後應使用洗滌劑和清水清洗。

6、推薦過氧乙酸、酒精等有效消毒劑,每天頻繁清潔、消毒家庭成員經常觸碰的物品,至少每天清潔、消毒浴室和廁所表面一次。

7、請居家隔離人員保持良好心態,減少恐懼心理,注意補充營養,保證充足的睡眠和休息,以增強抵抗力。

8、觀察期間一旦出現發熱(腋下體溫≥37.3℃)、咳嗽、氣促等急性呼吸道感染症狀,應儘快告知醫學觀察管理人員,安排專用車輛送至定點醫院診治。

9、觀察期滿,如無異常情況,由負責居家隔離醫學觀察的鄉鎮、社區(村)派專人宣佈解除隔離醫學觀察,加強聯繫並開展健康教育宣傳。

10、被隔離人員應當自覺遵守規定,服從管理,不得擅自離開隔離房間,拒不配合或違反隔離醫學觀察相關規定,造成疫情擴散和蔓延,危害公共安全和公眾安全的,將採取強制隔離措施,觸犯傳染病防治法、民法、刑法的,還將承擔民事、刑事責任。


碌曲縣新型冠狀病毒感染的肺炎疫情

聯防聯控工作領導小組辦公室

2020年2月6日


分享到:


相關文章: