【གྲོས་གཞི་འདོན་ཡིག】中共石渠縣人民檢察院支部委員會倡議書


ཏང་ཡོན་དང་ལས་བྱེད་ཉེན་རྟོག་པ་ཡོངས་ལ།

མིག་སྔར་ཏོག་དབྱིབས་ནད་དུག་འགོག་སྲུང་གྱི་ལས་དོན་དེ་འགག་རྩའི་དུས་སྐབས་སུ་གནས་ཡོད། མདུན་གྱི་གནས་ཚུལ་ཛ་དྲག་ཧ་ཅང་ཆེ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་རང་འགུལ་དམག་འཐབ་དང་བཀག་འགོག་དམག་འཐབ་ལ་རྒྱལ་ཁ་ཐོབ་པ་བྱེད་ཆེད་དང་།ལས་བྱེད་ཉེན་རྟོག་པའི་ལུས་སེམས་བདེ་ཐང་འགན་ལེན་བྱ་ཆེད། སེར་ཤུལ་རྫོང་མི་དམངས་ཞིབ་དཔྱོད་ཁང་ཏང་ཀྲི་པུའུ་ཡིས་ཏང་ཡོན་དང་ལས་བྱེད་ཉེན་རྟོག་པ་ཡོངས་ལ་གཤམ་གསལ་གྱི་གྲོས་གཞི་འདོན་པ་ཡིན།

全體黨員、幹警:

當前,新型冠狀病毒感染的肺炎疫情防控工作正處於關鍵時期,面臨的形勢十分嚴峻緊迫!為確保打贏疫情防控主動戰、阻擊戰,確保幹警身心健康,石渠縣人民檢察院黨支部向全體黨員、幹警發出如下倡議:

བསམ་བློ་དང་བྱ་སྤྱོད་གཅིག་གྱུར་བྱས་ནས་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་དགོས།

རང་རྟོགས་ཀྱི་སྒོ་ནས་ཆབ་སྲིད་ཀྱི་ལངས་ཕྱོགས་མཐོ་རུ་གཏོང་རྒྱུ་དང་། ༼ འདུ་ཤེས་བཞི་༽ཆེ་རུ་གཏོང་བ། ༼ གདེང་ཚོད་བཞི་ ༽བརྟན་དུ་གཏོང་བ། ༼ སྲུང་སྐྱོང་གཉིས་ ༽བྱེད་པ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱེད་ནས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་ཀ་དེ་མིག་སྔའི་ལས་འགན་གལ་ཆེ་ཤོས་ཤིག་ཏུ་བརྩི་དགོས། ཆེས་སེམས་ཐག་ཆོད་པའི་རྣམ་འགྱུར་དང་། བྱེད་ཐབས། བྱ་སྤྱོད་བཅས་ཀྱི་ཐོག་ནས་འགན་ནུས་འདོན་སྤེལ་གང་ལེགས་བྱེད་དགོས། རིམས་ནད་བྱུང་ཚུལ་ནི་བཀའ་རྒྱ་ཡིན་པ་དང་། སྔོན་འགོག་ཚོད་འཛིན་ནི་འགན་འཁྲི་ཡིན་པས། ང་ཚོས་རང་ཉིད་ནས་བྱེད་འགོ་འཛུགས་པ་དང་དོན་ཆུང་ནས་འགོ་བརྩམས་ཏེ་ཏོག་ནད་འགོག་སྲུང་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་དགོས།

01統一思想行動,切實增強責任感、使命感。

自覺提高政治站位,增強“四個意識”,堅定“四個自信”,做到“兩個維護”,堅持把人民群眾生命安全和身體健康放在第一位,把疫情防控工作作為當前最重要的任務。以最堅決的態度、最嚴格的舉措、最果斷的行動,充分發揮職能作用。疫情就是命令,防控就是責任,我們要從我做起、從小事做起,堅決打贏疫情防控、維護社會穩定這場硬仗。

རོགས་ལས་དང་གཞོགས་འདེགས་བྱེད་ཤུགས་ཆེ་རུ་གཏོང་ནས།རིམས་ནད་འགོག་སྲུང་གྱི་ལས་ཀར་ཞུགས་པ།

ཏོག་ནད་འགོག་སྲུང་གྱི་འགན་འཁྲི་ཕྲག་ཏུ་ལེན་ནས། ལས་རེས་དང་ལས་གནས་སུ་འཁོད་པར་ཤུགས་སྣོན་བྱས་ཏེ། ས་གནས་དེ་གའི་ཏང་ཨུ་དང་སྲིད་གཞུང། འབྲེལ་ཡོད་སྡེ་ཁག་གི་རིམས་ནད་ལྟ་ཞིབ་ཚད་ལེན། ལེབ་བཤེར། ཉེན་ཟོན་སྔོན་བརྡ་གཏོང་བ་བཅས་ཀྱི་ལས་ཀར་ཞུགས་དགོས། བཟའ་བཅའི་བདེ་འཇགས་ཞིབ་བཤེར་དང་། རིམས་ནད་བྱུང་ཚུལ་དུད་ཚང་དུ་གྲལ་བཤེར། རིམས་ནད་འགོག་སྲུང་དྲིལ་བསྒྲགས་བཅས་ཀྱི་ལས་དོན་ཞིབ་ཚགས་ངང་བསྒྲུབས་ནས། ཡུལ་དུས་གང་རུང་དུ་གློ་བུར་དུ་ཐོན་པའི་གནས་ཚུལ་སྣ་ཚོགས་ཐག་གཅོད་བྱེད་པ་དང་རིམས་ནད་འགོག་སྲུང་གྱི་རུ་སྣེ་ཁྲིད་མཁན་བྱེད་ཐུབ་པར་འགན་ལེན་བྱེད་པ་དང་།དུས་མཚུངས་སུ་རི་སྐྱེས་ཀྱི་ཤ་ཁྲག་འགོག་པ།འགྲོན་ལ་མི་འགྲོ་བ། འདུ་འཛོམས་མི་བྱེད་པ། ཁ་འགེབ་གྱོན་པ། ལག་པ་འཁྲུ་བ། རྒྱུན་དུ་རླུང་རྒྱུག་པ། གནད་དོན་ཤེས་རྟོགས་ཡོད་་ཚེ་དུས་ཐོག་ཏུ་སྙན་ཞུ་བྱས་ཏེ་རིམས་ནད་ལས་རྣམ་པར་རྒྱལ་རྒྱུའི་ཡིད་ཆེས་སྔར་བས་ཆེ་རུ་གཏོང་དགོས།

02加強協作配合,積極參與疫情防控

落實主體責任,把防控責任放在肩上,加強值守、在崗在位,積極參與到當地黨委政府及相關部門的疫情監測、排查、預警工作當中,細緻做好食品安全檢查、疫情入戶排查和疫情防護宣傳工作,確保隨時隨地處置各類突發情況,積極爭做疫情防控排頭兵,同時做到拒野味、不串門、不聚會、戴口罩、勤洗手、常通風,發現問題及時報告,進一步增強戰勝疫情的信心。

【གྲོས་གཞི་འདོན་ཡིག】中共石渠縣人民檢察院支部委員會倡議書


【གྲོས་གཞི་འདོན་ཡིག】中共石渠縣人民檢察院支部委員會倡議書


【གྲོས་གཞི་འདོན་ཡིག】中共石渠縣人民檢察院支部委員會倡議書


ཞིབ་དཔྱོད་འགན་ནུས་འདོན་སྤེལ་གང་ལེགས་བྱེད་པ།

《ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་ནད་འགོས་ཚུལ་སྔོན་འགོག་དང་ཚོད་འཛིན་བྱེད་པའི་ཁྲིམས་འགལ་ཉེས་གསོག་ལ་ཁྲིམས་ལྟར་ཆད་གཅོད་བྱ་རྒྱུའི་སྐོར་གྱི་བསམ་འཆར་》ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་དགོས། དེ་བཞིན་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་དང་ཞིང་ཆེན་ཁང་།ཁུལ་ཁང་གི་བརྡ་ཐོའི་བླང་བྱ་དང་ལས་དོན་བཀོད་སྒྲིག་ལྟར། འགན་ནུས་དང་འགན་འཁྲི་ཏན་ཏིག་སྒྲུབ་ནས། ནད་ཡམས་དང་འབྲེལ་བའི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་རྡུང་རྡེག་ནན་པོ་གཏོང་བ་དང་། ནད་འགོག་ལས་དོན་གྱི་སྒྲིག་ལམ་ནུས་ཤུགས་ཡོད་དགུ་ཡིས་སྲུང་སྐྱོང་བྱས་ནས་སྤྱི་ཚོགས་བརྟན་ལྷིང་དང་། སྤྱིའི་བདེ་འཇགས་དང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོང་བྱེད་དགོས།

03充分發揮檢察職能

要認真貫徹落實“兩高兩部”《關於依法懲治妨害新型冠狀病毒感染肺炎疫情防控違法犯罪的意見》,以及最高檢、省院、州院通知要求和工作部署,切實履行職能職責,堅決從嚴從快嚴厲打擊涉疫違法犯罪行為,全力維護防疫工作秩序,維護社會穩定、公共安全和國家安全。

གླེང་ཕྱོགས་ལ་ཁྲིད་སྟོན་བྱེད་དགོས།

ཆབ་སྲིད་ཀྱི་སྒྲིག་ཁྲིམས་ནན་སྲུང་བྱས་ནས། དྲང་ནུས་དར་སྤེལ་དང་། གཏམ་འཁྱར་ལ་ཡིད་ཆེས་མི་བྱེད་པ། གཏམ་འཁྱར་མི་བཤད་པ་དང་གཏམ་འཁྱར་མི་སྤེལ་བ། བསམ་བློའི་རང་ཚུགས་རྒྱུན་འཁྱོངས་ཏེ། ཡིད་ཆེས་དང་དད་སེམས་ཆེ་རུ་གཏོང་ནས་སེར་ཤུལ་རྫོང་གི་ཞིབ་དཔྱོད་དཔུང་ཁག་གི་རྣམ་པ་བཟང་པོ་སྲུང་སྐྱོང་བྱེད་དགོས།

04帶頭做好輿論引導

嚴守政治紀律,帶頭弘揚正能量,不信謠、不造謠、不傳謠,保持思想定力、強化信心信念,維護石渠檢察隊伍的良好形象。

རིམས་ནད་འགོག་སྲུང་གྱི་འགན་འཁྲི་ཧ་ཅང་ལྕི། ད་ཐེངས་ཀྱི་དུ་བ་མེད་པའི་དམག་འཐབ་ནང་ཏང་དང་རྒྱལ་ཁབ་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། རྒྱལ་ཡོངས་མི་དམངས་ཀྱི་སེམས་ཤུགས་གཅིག་སྒྲིལ། ཕྱོགས་ཁག་གི་ཕན་ཚུན་རོགས་རེས་བཅས་ཡོད་པས། ཚང་མས་འགག་སྒྲོལ་དཀའ་སེལ་བྱས་ནས་ད་ཐེངས་ཀྱི་རིམས་ནད་ལས་རྣམ་པར་རྒྱལ་ཐུབ་ངེས་ཡིན་པ་ང་ཚོར་ཡིད་ཆེས་བརྟན་པོ་ཡོད།

疫情防控責任重大、使命重大,在這場沒有硝煙的戰鬥中,我們堅信:有黨和國家的堅強領導、有全國人民的眾志成城、有各方的守望相助,大家一定能攻堅克難,戰勝此次疫情。



分享到:


相關文章: