堆龍德慶區委、區政府給全區人民拜年啦!

堆龙德庆区委、区政府给全区人民拜年啦!

慰 問 信

全區各族幹部群眾,社會各界人士:

戌犬騰歡辭舊歲,金豬報喜迎新春。值此己亥豬年春節和藏曆土豬新年來臨之際,中共堆龍德慶區委、區人大、區政府、區政協向大家致以新年的祝福和誠摯的問候!

剛剛過去的一年,是全區各項事業發展極不平凡的一年。一年來全區上下堅持以習近平新時代中國特色社會主義思想為指引,樹牢“四個意識”、堅定“四個自信”,做到“兩個維護”,習近平總書記黨中央的核心、全黨的核心地位深深紮根在各族群眾的心中;深入貫徹落實黨的十九大、十九屆二中、三中全會精神,貫徹落實區市黨委九屆三次、四次全會精神,按照區委二屆二次、三次全會的部署要求,緊緊圍繞發展、穩定、生態三件大事,堅持以人民為中心的發展思想,聚焦聚力打好防範化解重大風險、精準脫貧、汙染防治三大攻堅戰,大力實施以“神聖國土守護者、幸福家園建設者”為主題的鄉村振興戰略,抓重點、補短板、強弱項,開創了黨的根基不斷鞏固、社會大局和諧穩定、經濟實力穩步提升、民生事業持續改善、生態環境保持良好的嶄新局面。為確保如期全面建成小康社會、奮力開啟全面建設社會主義現代化堆龍新徵程奠定了堅實基礎。這一年,我區預計完成地區生產總值33.54億元,同比增長10.9%;社會消費品零售總額預計達到11.77億元,同比增長14.4%;一般公共預算收入預計達到14.56億元,同比增長21.97%;農村居民人均可支配收入預計達到15540元,同比增長11.3%。這一年,我區1262戶4387名建檔立卡貧困群眾實現整體脫貧,群眾滿意度達99.36%,在國家扶貧效率“百高貧困縣”中名列第三。這一年,我區成功入選西藏唯一“中國營商環境百強區縣”,成功創建為“全國民族團結進步示範區”、“自治區級生態縣區”。

這些成績的取得,離不開以習近平同志為核心的黨中央的親切關懷,離不開區市黨委的堅強領導,離不開北京市的無私援助,更離不開全區各族幹部群眾的團結拼搏。在此,區委、區人大、區政府、區政協向所有參與、關心、支持堆龍改革發展穩定各項事業的廣大幹部群眾、駐區部隊官兵、社會各界人士表示衷心的感謝並致以崇高的敬意!

實幹托起夢想,奮鬥贏得未來。2019年是大事多、喜事多、盛事多的特殊之年,是新中國成立70週年,是全面建成小康社會收官決勝年,也是西藏民主改革60週年。面對新時代、新使命、新要求,我們要堅持以習近平新時代中國特色社會主義思想為指導,始終堅持正確的政治方向,進一步樹牢“四個意識”,堅定“四個自信”,堅決做到“兩個維護”,把貫徹執行總書記指示和黨中央精神的堅定堅決、落實落細作為檢驗標準,全力推動區委二屆四次全會確定的各項任務紮實落實;要始終堅持把維護穩定作為硬任務和第一責任,以防患於未然為原則做工作、以防止出大事打基礎做準備、以敢於擔當落實責任為標準看幹部,深入開展反分裂鬥爭,著力推動社會治理從“要我穩定”向“我要穩定”轉變;要始終堅持新發展理念,堅持穩中求進工作總基調,以供給側結構性改革為主線,堅決打贏三大攻堅戰,保持經濟持續健康、高質量發展;要始終堅持以人民為中心的發展思想,優先保障和改善民生,持續解決群眾最關心最直接最現實的利益問題,不斷增強群眾的獲得感、幸福感、安全感;要始終增強憂患意識和風險意識,堅決維護祖國統一、加強民族團結,依法管理宗教事務、淡化宗教消極影響,教育引導群眾理性對待宗教、過好今生幸福生活;要始終堅持生態保護第一,尊重自然、順應自然、保護自然,切實保護好堆龍的藍天碧水淨土;要始終堅持和加強黨的全面領導,把黨的政治建設放在首位,始終做到“三個牢固樹立”,全面從嚴治黨,不斷鞏固黨在堆龍的執政基礎。

新起點承載新希望,新藍圖開啟新徵程。讓我們更加緊密地團結在以習近平同志為核心的黨中央周圍,把全區各族人民對美好生活的嚮往作為奮鬥目標,不忘初心,繼續前進,奮力開創各項工作新局面,切實為全面建成小康社會收官打下決定性基礎,以優異成績向人民群眾交上一份滿意答卷,向新中國成立70週年和西藏民主改革60週年獻禮!

祝偉大祖國更加繁榮富強!

祝堆龍的明天更美好!

祝全區各族人民新年快樂、幸福安康、扎西德勒!

中共拉薩市堆龍德慶區委員會

拉薩市堆龍德慶區人大常委會

拉薩市堆龍德慶區人民政府

政協拉薩市堆龍德慶區委員會

2019年2月3日

འཚམ་འདྲིའི་ཡི་གེ

ཆུས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་། མང་ཚོགས། སྤྱི་ཚོགས་ལས་རིགས་ཁག་གི་བློ་མཐུན་རྣམ་པར།

འབྲས་བཟང་སྨིན་པའི་ལོ་རྙིང་ཕར་ལ་བསྐྱལ། རེ་བས་ཁེངས་པའི་ལོ་གསར་འཛུམ་གྱིས་བསུ། དཔྱིད་གསར་དུས་ཆེན་དང་བོད་ས་ཕག་ལོའི་ལོ་གསར་པ་འཆར་ལ་ཉེ་བའི་དུས་འདིར། སྟོད་ལུང་བདེ་ཆེན་ཆུས་ཨུད་དང་། ཆུས་མི་དམངས་འཐུས་ཚོགས། ཆུས་སྲིད་གཞུང་། ཆུས་སྲིད་གྲོས་བཅས་ཀྱིས་རྣམ་པ་ལྷན་རྒྱས་ལ་ལོ་གསར་གྱི་འཚམ་འདྲི་ཞུ་རྒྱུ་དང་ཆབས་ཅིག་ལོ་གསར་པའི་ནང་བཀྲ་ཤིས་བདེ་ལེགས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན།

འདས་ཟིན་པའི་2018ལོ་ནི་ཆུས་ཡོངས་ཀྱི་བྱ་གཞག་ཁག་ལ་སྤྱིར་བཏང་མིན་པའི་གོང་འཕེལ་བྱུང་བའི་ལོ་ཞིག་ཡིན། ཆུས་ཡོངས་ཀྱི་གོང་འོག་ཚང་མས་བློ་མཐུན་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་མཛུབ་སྟོན་དུ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་། སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན། ལྗོངས་དང་གྲོང་ཁྱེར་ཏང་ཨུད་ཀྱི་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པའི་དགོངས་དོན་བཅས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཐོག ཆུས་ཨུད་ཀྱི་སྐབས་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། གོང་འཕེལ་དང་བརྟན་ལྷིང་། འབྱུང་ཁམས་བཅས་ཀྱི་དོན་ཆེན་གསུམ་གཙོ་གནད་དུ་བཟུང་སྟེ། མི་དམངས་ལྟེ་བར་འཛིན་པའི་གོང་འཕེལ་གྱི་བསམ་བློ་བརྟན་པོར་བཙུགས་ནས་སྟོབས་ཤུགས་གཅིག་སྒྲིལ་གྱིས་ཉེན་ཁ་འགོག་སེལ་དང་། དབུལ་སྒྲོལ་འགག་སྒྲོལ། སྦག་བཙོག་འགག་གནད་འགོག་སེལ་གྱི་དོན་ཆེན་གསུམ་བཅས་ཀྱི་དམག་འཐབ་ལེགས་པོ་བརྒྱབ་པ། དེ་བཞིན་“བླ་ན་མེད་པའི་རྒྱལ་ཁོངས་སྲུང་མཁན་ཞིག་དང་། བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་བསྐྲུན་མཁན་ཞིག་” གཙོ་དོན་དུ་བྱེད་པའི་གྲོང་སེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བཅས་བྱས་པས། སྤྱི་ཚོགས་ཁྱོན་ཡོངས་ཞི་མཐུན་བརྟན་ལྷིང་དང་། དཔལ་འབྱོར་ནུས་ཤུགས་བརྟན་ཐོག་མཐོར་འདེགས། དམངས་འཚོའི་བྱ་གཞག་རྒྱུན་མཐུད་ལེགས་བཅོས། འབྱུང་ཁམས་ཁོར་ཡུག་རྒྱུན་འཁྱོངས་ལེགས་པོ་བཅས་ཀྱི་རྣམ་པ་གསར་པ་གཏོད་ཡོད། ལོ་འདིའི་ནང་ངེད་ཆུས་ཀྱི་སྔོན་དཔག་ལྟར་ན་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར33.54ཟིན་ཡོད་པ་དེ། དུས་མཚུངས་པ་ལས10.9﹪འཕར་ཡོད་པ་དང་། སྤྱི་ཚོགས་འཛད་སྤྱོད་སིལ་ཚོང་བསྡོམས་འབོར་སྔོན་རྩིས་ལྟར་ན་སྒོར་དུང་ཕྱུར11.77ཟིན་ཡོད་པ་དེ། དུས་མཚུངས་པ་ལས14.4﹪འཕར་ཡོད་པ། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྔོན་དཔག་ལྟར་ན་སྒོར་དུང་ཕྱུར14.56ཟིན་ཡོད་པ་དེ། དུས་མཚུངས་པ་ལས21.97﹪འཕར་ཡོད་པ། གྲོང་གསེབ་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཡོང་འབབ་སྔོན་རྩིས་ལྟར་ན་སྒོར15540ཟིན་ཡོད་པ་དེ། དུས་མཚུངས་པ་ལས11.3% འཕར་ཡོད་པ། ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་མང་ཚོགས་དུད་ཚང་1262དང་མི་གྲངས་4387ཚང་མ་དབུལ་གྲོལ་བྱུང་བ་མ་ཟད། མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་99.36﹪ཟིན་ཡོད་པས། རྒྱལ་ཁབ་ཀྱི་དབུལ་སྐྱོར་ཕན་འབྲས་ཐོན་ཚད་མཐོ་བ་དབུལ་ཕོངས་རྫོང་བརྒྱ་ཐམ་པའི་ཨང་གསུམ་པར་སླེབས་ཡོད། དེ་བཞིན་རང་ཆུས་འདི་ཉིད་བོད་ལྗོངས་ཁོ་ནའི་“ཀྲུང་གོའི་ཚོང་གཉེར་ཁོར་ཡུག་སྟོབས་ལྡན་ཆུས་དང་རྫོང་བརྒྱའི་”ནང་བདམས་ཐོན་བྱུང་བ་གང་ཞིག བདེ་བླག་ངང་“རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་”དང་“རང་སྐྱོང་ལྗོངས་རིམ་པའི་འབྱུང་ཁམས་རྫོང་དང་ཆུས་” གསར་འཛུགས་བྱས་ཡོད།

དེ་ལྟ་བུའི་གཡུར་ཟའི་གྲུབ་འབྲས་ཐོབ་པ་ནི་བློ་མཐུན་ཞི་ཅིན་ཕིང་གི་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐུགས་འཁུར་དང་ཁ་བྲལ་ཐབས་མེད་ལ། ལྗོངས་གྲོང་ཏང་ཨུད་ཀྱི་སྟོབས་ལྡན་དབུ་ཁྲིད་དང་ཁ་བྲལ་ཐབས་མེད། དེ་བས་ཆུས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་མཐུན་སྒྲིལ་འབད་ཐབས་དང་ཁ་བྲལ་ཐབས་མེད། མཚམས་འདིར། སྟོད་ལུང་བདེ་ཆེན་ཆུས་ཨུད་དང་། ཆུས་མི་དམངས་འཐུས་ཚོགས། ཆུས་སྲིད་གཞུང་། ཆུས་སྲིད་གྲོས་བཅས་ཀྱིས་སྟོད་ལུང་གི་བསྒྱུར་བཅོས་དང་འཕེལ་རྒྱས་བརྟན་ལྷིང་གི་བྱ་གཞག་ཁག་ལ་དོ་ཁུར་དང་རྒྱབ་སྐྱོར་གནང་མཁན་གྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས། ཆུས་སྡོད་དམག་དཔུང་། སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ་བཅས་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ་བླ་ན་མེད་པའི་གུས་འདུད་ཞུ་རྒྱུ་ཡིན།

ལག་ལེན་ངོ་མས་ཕུགས་འདུན་མངོན་འགྱུར་ཐུབ། དཀའ་སྤྱད་འབད་པས་མ་འོངས་ཐོབ་པར་འགྱུར། 2019ལོ་ནི་དོན་ཆེན་མང་བ་དང་། རྟེན་འབྲེལ་མང་བ། བཀྲ་ཤིས་མང་བའི་དམིགས་བསལ་གྱི་ལོ་ཞིག་ཡིན་ཏེ། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བ་དང་། ཕྱོགས་ཡོངས་ནས་འབྱོར་འབྲོང་སྤྱི་ཚོགས་བསྐྲུན་པར་རྒྱལ་ཁ་ཕུ་ཐག་གཅོད་པའི་མཇུག་བསྡུའི་ལོ་ཞིག་ཡིན་པ་མ་ཟད། བོད་དུ་དམངས་གཙོའི་བཅོས་བསྒྱུར་བྱས་ནས་ལོ་ངོ་60འཁོར་བའི་ལོ་ཞིག་ཀྱང་ཡིན། ང་ཚོས་དུས་རབས་གསར་པ་དང་། ལས་འགན་གསར་པ། བླང་བྱ་གསར་པ་བཅས་ལ་ཁ་ཕྱོགས་ནས་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱས་ཏེ། སྔ་ཕྱི་བར་གསུམ་དུ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་མཐའ་འཁྱོངས་ཀྱིས། སྔར་བས་ལྷག་པའི་སྒོ་ནས་“འདུ་ཤེས་བཞི”བརྟན་པོར་འཛུགས་པ་དང་“གདེང་ཚོད་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ལག་བསྟར་རྒྱུན་འཁྱོངས་བྱས་ཐོག་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་སློབ་དང་ཏང་ཀྲུང་དབྱང་གི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་མ་ཟད། ཆུས་ཨུད་ཀྱི་སྐབས་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པས་གཏན་འཁེལ་བྱས་པའི་ལས་འགན་ཁག་ཏན་ཏིག་ངང་དོན་འཁྱོལ་བྱ་རྒྱུ། སྔ་ཕྱི་བར་གསུམ་དུ་བརྟན་ལྷིང་ལ་སྲུང་སྐྱོབ་བྱ་རྒྱ་ནི་འགག་རྩའི་ལས་དོན་ཞིག་དང་འགན་འཁྲི་ཨང་དང་པོ་ཡིན་པ་མཐའ་འཁྱོངས་བྱས་ནས། ཆུ་མ་ཤོར་གོང་གི་རག་ཟེར་བའི་དཔེ་ལྟར་སྔོན་འགོག་ལས་དོན་ཁག་ལེགས་པོ་སྒྲུབ་པ་དང་། ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་ཏེ། སྤྱི་ཚོགས་བཅོས་སྐྱོང་འདི་“ང་བརྟན་ལྷིང་དགོས་པ”ནས་“ངས་བརྟན་ལྷིང་བྱེད་པའི་”ཕྱོགས་སུ་སྐུལ་འདེད་གཏོང་བ། སྔ་ཕྱི་བར་གསུམ་དུ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དང་བརྟན་པོའི་ཁྲོད་འཕེལ་རྒྱས་ཡོང་བའི་ལས་ཀའི་སྤྱིའི་གོམ་སྟབས་མཐའ་འཁྱོངས་ཀྱིས། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་མ་ལག་བསྒྱུར་བཅོས་འདི་གཙོ་ཐིག་ཐོག་བཞག་ཐོག་འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པ་དང་། དཔལ་འབྱོར་རྒྱུན་མཐུད་བདེ་ཐང་ངང་འཕེལ་རྒྱས་ཡོང་བ་བྱེད་པ། སྔ་ཕྱི་བར་གསུམ་དུ་མི་དམངས་ལྟེ་བར་བྱེད་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་ཀྱིས་དམངས་འཚོ་འགན་ལེན་དང་ལེགས་བཅོས་ཀྱི་ལས་དོན་སྔོན་ལ་སྒྲུབ་པ་དང་། རྒྱུན་ཆད་མེད་པར་མི་དམངས་མང་ཚོགས་ཀྱི་དོ་ཁུར་ཆེ་ཤོས་བྱེད་པ་དང་། མི་དམངས་མང་ཚོགས་ཀྱི་ཁེ་ཕན་དང་ཐད་ཀར་འབྲེལ་བ་ཡོད་པའི་གནད་དོན་ཁག་ཐག་གཅོད་བྱས་ཏེ། མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་གོང་མཐོར་གཏོང་བ། སྔ་ཕྱི་བར་གསུམ་དུ་ཉེན་ཁའི་འདུ་ཤེས་གོང་མཐོར་བཏང་ནས་བློ་བརྟན་འགྱུར་མེད་ངང་མེས་རྒྱལ་གཅིག་འགྱུར་ལ་སྲུང་སྐྱོབ་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ། དེ་བཞིན་ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་དང་ཆོས་ལུགས་ཀྱི་ཤུགས་རྐྱེན་ངན་པ་ཞན་དུ་གཏོང་བ་མ་ཟད། མི་དམངས་མང་ཚོགས་ཀྱིས་མི་ཚེ་འདི་བདེ་སྐྱིད་ལྡན་པ་ཞིག་སྐྱེལ་རྒྱུར་སློབ་གསོ་ཁྲིད་སྟོན་བྱ་རྒྱུ། སྔ་ཕྱི་བར་གསུམ་དུ་འབྱུང་ཁམས་སྲུང་སྐྱོབ་ནི་ཨང་དང་པོ་ཡིན་པ་མཐའ་འཁྱོངས་ཀྱིས་རང་བྱུང་ཁམས་ལ་བརྩི་བཀུར་དང་། རང་བྱུང་ཁམས་ལ་བསྟུན་པ། རང་བྱུང་ཁམས་ལ་སྲུང་སྐྱོབ་བཅས་བྱས་ནས། སྟོད་ལུང་གི་གནམ་སྔོན་ཆུ་དྭངས་ས་གཙང་ལ་སྲུང་སྐྱོབ་བྱ་རྒྱུ། སྔ་ཕྱི་བར་གསུམ་དུ་ཏང་གི་ཕྱོགས་ཡོངས་ཀྱི་འགོ་འཁྲིད་ལ་ཤུགས་སྣོན་བརྒྱབ་ནས། ཏང་གི་ཆབ་སྲིད་འཛུགས་སྐྱོང་ཨང་དང་པོར་འཇོག་པ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་བསྐྱངས་ཏེ། རྒྱུན་ཆད་མེད་པར་ཏང་གི་སྟོད་ལུང་གི་སྲིད་སྐྱོང་རྨང་གཞི་སྲ་བརྟན་དུ་གཏོང་རྒྱུ་བཅས་ཡིན།

འགོ་འཛུགས་ས་གསར་པའི་ཐོག་ནས་རེ་བ་གསར་པར་ཕྱོགས། འཆར་གཞི་གསར་པ་བཏིང་ནས་ལམ་བུ་གསར་པར་བསྐྱོད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གི་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཆུས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་མཛེས་སྡུག་ལྡན་པའི་འཚོ་བར་ཁ་ཕྱོགས་པ་འདི་འབད་ཐབས་ཀྱི་དམིགས་ཚད་དུ་བྱེད་པ་དང་། ཐོག་མའི་བསམ་འདུན་མ་བརྗེད་པར་མུ་མཐུད་མདུན་དུ་བསྐྱོད་ནས། ཧུར་བརྩོན་ཆེན་པོས་ལས་དོན་ཁག་ལ་རྣམ་པ་གསར་པ་གཏོད་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་མཇུག་བསྡུའི་རྒྱལ་ཁ་ལེན་པར་རྨང་གཞི་བརྟན་པོ་བཏིང་བ་བཅས་ཀྱི་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས། མི་དམངས་མང་ཚོགས་རྣམས་ལ་བློ་ཡིད་ཚིམ་པའི་བཀའ་ལན་ཞིག་འབུལ་རྒྱུ་མ་ཟད། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བ་དང་བོད་ལ་དམངས་གཙོའི་བཅོས་བསྒྱུར་བཏང་ནས་ལོ་ངོ་60འཁོར་བར་ལེགས་སྐྱེས་འབུལ་རྒྱུ་ཡིན།

རླབས་ཆེན་མེས་རྒྱལ་སྔར་བས་སྟོབས་འབྱོར་མངའ་ཐང་རྒྱས་པར་ཤོག །

མཛེས་སྡུག་ལྡན་པའི་སྟོད་ལུང་དེ་བས་ལྟ་ན་སྡུག་པར་ཤོག །

མི་རིགས་ཁག་གི་མི་དམངས་ལོ་གསར་སྤྲོ་པོ་ཡོང་བར་ཤོག །

གནམ་ལོ་གསར་ཚེས་འདི་ལ་བཀྲ་ཤིས་བདེ་ལེགས་ཡོང་བར་ཤོག །

ཀྲུང་གུང་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཨུ་ཡོན་ལྷན་ཁང་།

ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་།

ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་མི་དམངས་སྲིད་གཞུང་།

སྲིད་གྲོས་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཨུ་ཡོན་ལྷན་ཁང་།

2019ལོའི་ཟླ་2པོའི་ཚེས་3ཉིན།

堆龙德庆区委、区政府给全区人民拜年啦!

審 核:王瑞芳

編 輯:魏 薇 方可仁

堆龙德庆区委、区政府给全区人民拜年啦!


分享到:


相關文章: