出入境辦證流程 ཕྱིར་བསྐྱོད་ལག་ཁྱེར་གྱི་ལས་སྒྲུབ་གོ་རིམ།

出入境办证流程 ཕྱིར་བསྐྱོད་ལག་ཁྱེར་གྱི་ལས་སྒྲུབ་གོ་རིམ།

出入境辦證流程

第一步:照相

申請人前往指定照相館,進行本人照片採集並領取《青海省出入境證件數字相片採集回執》。

第二步:準備相關資料

1、身份證複印件(正、反面上下複印到一張A4紙);

2、戶口簿複印件(首頁及本人頁上下複印到一張A4紙 注:只針對戶口有遷移的人員,無遷移人員無需提交);

3、照片及《青海省出入境證件數字相片採集回執》;

4、如申請辦理普通護照前往境外旅遊,需提交本省旅行社相關參團手續及發票複印件。

特別說明:

A、未成年人申請出入境證件還需提交的其他材料

未滿十六週歲的申請人如未辦理居民身份證,需提交本人戶口簿。申請人應當由監護人陪同申請普通護照、往來港澳通行證及簽註、往來臺灣通行證及簽註。除提交本公告上述規定的相應材料外,還需監護人的居民身份證原件。監護人無法陪同的,可以委託他人陪同,陪同人應當提交本人的居民身份證以及監護人的委託書。

B、國家工作人員、現役的人民解放軍軍人、人民武裝警察、宗教教職人員申請出入境證件還需提交的其他材料

國家工作人員和現役的人民解放軍軍人、人民武裝警察申請普通護照、往來港澳通行證及簽註、往來臺灣通行證及簽註,除提交本公告上述規定的相應材料外,還應當提交本人所屬工作單位或者上級主管單位出具的同意辦理出入境證件的證明。現役的人民解放軍軍人、人民武裝警察,應當提交軍官證、士兵證或者警官證作為本人的身份證明。宗教教職人員申請普通護照、往來港澳通行證及簽註、往來臺灣通行證及簽註,除提交本公告上述規定的相應材料外,還應當提交本人所屬寺院、民宗局及統戰部門出具的同意辦理出入境證件的證明。

第三步:申請證件

攜帶申請資料前往剛察縣公安局出入境管理大隊,辦理相關手續。

第四步:取證

到預約取證日期後,請攜帶本人居民身份證及《取證回執單》至回執單規定地址取證窗口領取證件。

ཕྱིར་བསྐྱོད་ལག་ཁྱེར་གྱི་ལས་སྒྲུབ་གོ་རིམ།

དང་པོ། འདྲ་པར་ལེན་པ།

རེ་འདུན་ཞུ་མཁན་གཏན་འཁེལ་བྱས་ཟིན་པའི་པར་ལེན་ཁང་དུ་སོང་ནས་རང་ཉིད་ལ་འདྲ་པར་ལེན་དགོས་ཤིང་། 《མཚོ་སྔོན་ཞིང་ཆེན་རྒྱལ་མཚམས་ནས་འགྲོ་འོང་བྱེད་པའི་ལག་ཁྱེར་གྱི་ཨང་ཀི་འདྲ་པར་འབྱོར་ལན》ལེན་དགོས་པ།

གཉིས་པ། འབྲེལ་ཡོད་ཀྱི་རྒྱུ་ཆ་གྲ་སྒྲིག་བྱེད་དགོས་པ།

༡ ཐོང་དཔང་བསྐྱར་དཔར། 《ཐོབ་དཔང་གི་མདུན་རྒྱབ་གཉིས་ཀA4ཤོག་བུའི་སྟེང་དུ་དཔར་དགོས་པ།》

༢ ཁྱིམ་ཐོ་བསྐྱར་དཔར། 《ཁྱིམ་ཐོའི་མདུན་ངོས་དང་རང་ཉིད་A4ཤོག་བུའི་སྟེང་དུ་དཔར་དགོས་པ། གསལ་བཤད། ཁྱིམ་ཐོ་གནས་སྤོ་བྱས་མྱོང་མཁན་གྱིས་མ་གཏོགས་མཁོ་སྤྲོད་བྱེད་མི་དགོས།》

༣ འདྲ་པར་དང་《མཚོ་སྔོན་ཞིང་ཆེན་རྒྱལ་མཚམས་ནས་འགྲོ་འོང་བྱེད་པའི་ལག་ཁྱེར་གྱི་ཨང་ཀི་འདྲ་པར་འབྱོར་ལན》

༤ དཔེར་ན་ཕྱིར་བསྐྱོད་ལག་ཁྱེར་བླངས་ནས་ཕྱིར་ཡུལ་སྐོར་དུ་ཕེབས་འདོད་ཡོད་ཚེ། ཞིང་ཆེན་མངའ་ཁོངས་ནང་ཁུལ་གྱི་ཡུལ་སྐོར་ལས་དོན་ཁང་གི་འབྲེལ་ཡོད་ཚན་ཐོན་གྱི་འགྲོ་ལུགས་དང་འཛིན་ཡིག་ངོ་བཤུས་མཁོ་སྤྲོད་བྱེད་དགོས།

དམིགས་བསལ་གསལ་བཤད།

གཅིག ལོ་ན་མ་སོན་མཁན་གྱིས་ཕྱིར་བསྐྱོད་ལག་ཁྱེར་ལེན་དགོས་ཚེ་རྒྱུ་ཆ་གཞན་པ་མཁོ་སྤྲོད་བྱེད་དགོས།

རེ་འདུན་ཞུ་མཁན་ལོ་ན་བཅུ་དྲུག་མན་ཡིན་ཅིང་ཐོབ་དཔང་བླངས་མེད་ཚེ། མི་རང་ཉིད་ཀྱི་ཁྱིམ་ཐོ་མཁོ་སྤྲོད་བྱེད་དགོས། རེ་འདུན་ཞུ་མཁན་གྱིས་ཕྱིར་བསྐྱོད་ལག་ཁྱེར་དང་ཨའོ་མོན་དང་ཧོང་ཀོང་གི་འགྲོ་སྐྱོད་ལག་ཁྱེར་དང་ཐོབ་མཆན། ད་དུང་ཐའེ་དབན་ལ་འགྲོ་འོང་ཆོག་པའི་འགྲོ་འཐུས་ལག་ཁྱེར་དང་ཐོང་མཆན་སྒྲུབ་དགོས་ཚེ་ལྟ་སྐྱོང་མཁན་དང་མཉམ་དུ་ཡོང་དགོས་ཤིང་། གལ་ཏེ་ལྟ་སྐྱོང་མཁན་ཡོང་མི་ཐུབ་ཚེ་མི་གཞན་པར་མངགས་བཅོལ་བྱས་ཆོག་ལ། མི་གཞན་པར་མངག་བཅོལ་བྱས་ཚེ་མངག་བཅོལ་བྱ་ཡུལ་གྱི་ཐོབ་དཔང་དང་དེ་བཞིན་ལྟ་སྐྱོང་མཁན་གྱིས་སྤྲད་པའི་མངགས་བཅོལ་ཡི་གེ་བཅས་ཡོད་དགོས་པ།

གཉིས། རྒྱལ་ཁབ་ཀྱི་ལས་བྱེད་མི་སྣ་དང་ད་ལྟ་དམག་སྐུལ་དང་ལེན་གྱི་མི་དམངས་བཅིངས་འགྲོལ་དམག་མི། མི་དམངས་དྲག་ཆས་ཉེན་རྟོག་པ། ཆོས་ལུགས་མི་སྣ་བཅས་ཀྱིས་ཕྱིར་བསྐྱོད་ལག་ཁྱེར་ལེན་དགོས་ཚེ་རྒྱུ་ཆ་གཞན་པ་མཁོ་སྤྲོད་བྱེད་དགོས། རྒྱལ་ཁབ་ཀྱི་ལས་བྱེད་མི་སྣ་དང་ད་ལྟ་དམག་སྐུལ་དང་ལེན་གྱི་མི་དམངས་བཅིངས་འགྲོལ་དམག་མི། མི་དམངས་དྲག་ཆས་ཉེན་རྟོག་པས་ཕྱིར་བསྐྱོད་ལག་ཁྱེར་དང་ཨའོ་མོན་དང་ཧོང་ཀོང་གི་འགྲོ་སྐྱོད་ལག་ཁྱེར་དང་ཐོབ་མཆན། ད་དུང་ཐའེ་དབན་ལ་འགྲོ་འོང་ཆོག་པའི་འགྲོ་འཐུས་ལག་ཁྱེར་དང་ཐོང་མཆན་སྒྲུབ་དགོས་ཚེ་སྤྱི་བསྒྲགས་འདིའི་གོང་བཀོད་ཀྱི་རྒྱུ་ཆ་མཁོ་སྤྲོད་བྱེད་དགོས་པ་ལས་གཞན། ད་དུང་རང་ཉིད་ཁོངས་གཏོགས་ལས་ཁུངས་སམ་ཡང་ན་གོང་རིམ་གཙོ་སྐྱོང་ལས་ཁུངས་ཀྱི་ཕྱིར་བསྐྱོད་ཡིད་འཐད་བདེན་དཔང་ཡི་གེ་དགོས་པ་རེད། ད་ལྟ་དམག་སྐུལ་དང་ལེན་གྱི་མི་དམངས་བཅིངས་འགྲོལ་དམག་མི། མི་དམངས་དྲག་ཆས་ཉེན་རྟོག་པས་དམག་དཔོན་གྱི་ལག་ཁྱེར་རང་ཡང་ན་དམག་མིའི་དཔང་ཡིག ཉེན་རྟོག་པའི་དཔང་ཡིག་སོགས་རང་ཉིད་ཀྱི་ཐོབ་ཐང་དཔང་ཡིག་ཏུ་འཇོག་དགོས་པ་རེད། ཆོས་ལུགས་མི་སྣས་ཕྱིར་བསྐྱོད་ལག་ཁྱེར་དང་ཨའོ་མོན་དང་ཧོང་ཀོང་གི་འགྲོ་སྐྱོད་ལག་ཁྱེར་དང་ཐོང་མཆན། ད་དུང་ཐའེ་དབན་ལ་འགྲོ་འོང་ཆོག་པའི་འགྲོ་འཐུས་ལག་ཁྱེར་དང་ཐོང་མཆན་སྒྲུབ་དགོས་ཚེ་སྤྱི་བསྒྲགས་འདིའི་གོང་བཀོད་ཀྱི་རྒྱུ་ཆ་མཁོ་སྤྲོད་བྱེད་དགོས་པ་ལས་གཞན། ད་དུང་རང་ཉིད་ཁོངས་གཏོགས་ཀྱི་དགོན་སྡེ་དང་མི་རིགས་ཆོས་ལུགས་ཅུའུ། དེ་བཞིན་འཐབ་ཕྱོགས་གཅིག་གྱུར་པུའུ་བཅས་ཀྱི་ཡིད་འཐད་བདེན་ཡིག་སྤྲོད་དགོས།

རེ་ཞུའི་རྒྱུ་ཆ་འཚགས་རྗེས་དེ་དག་ཁྱེར་ནས་རྐང་ཚ་རྫོང་སྤྱི་བདེ་ཅུའུ་ཡི་རྒྱལ་ཕྱིར་འགྲོ་འོང་དོ་དམ་རུ་ཆེན་དུ་འབྲེལ་ཡོད་འགྲོ་ལུགས་སྒྲུབ་པར་ཕེབས་དགོས།

བཞི་བ། ལག་ཁྱེར་ལེན་པ།

སྔོན་མངག་བྱས་པའི་ཟླ་ཚེས་ལ་སླེབས་ཚེ། རང་ཉིད་ཀྱི་ཐོབ་དཔང་དང་《དཔང་རྟགས་འབྱོར་ཡིག》བཟུང་ནས་གཏན་འཁེལ་བྱས་པའི་ས་གནས་སུ་ལག་ཁྱེར་ལེན་དགོས་པ་རེད།

出入境辦證收費標準

根據公安部出入境管理局的通知要求,為進一步加大降費力度,切實減輕社會負擔,促進實體經濟發展,自2017年7月1日起,對公民辦理出入境有關證件執行新收費標準。

⒈普通護照收費標準,每本160元。丟失補發每本160元。

⒉出入境通行證收費標準,一次出入境有效每證15元,多次出入境有效為每證80元。

⒊往來港澳通行證收費標準,每證80元。

內地居民赴港澳簽註的收費標準,每件15元,二次有效簽註每件30元,短期(不超過一年)多次有效簽註每件80元,一年以上(不含一年)兩年以下(含兩年)多次有效簽註每件120元,兩年以上三年以下(不含三年)多次有效簽註每件160元,長期(三年以上,含三年)多次有效簽註每件240元。

⒋往來臺灣通行證收費標準,電子通行證每證80元,一次有效通行證每證15元。大陸居民前往臺灣簽註收費標準,一次有效簽註每件15元,多次有效簽註每件80元。

⒌臺灣居民來往大陸通行證收費標準,電子通行證每證200元,一次有效通行證每證40元。

ཕྱིར་བསྐྱོད་ལག་ཁྱེར་ལེན་པའི་གྲོན་དངུལ་སྡུད་ཚད།

སྤྱི་བདེ་པུའུ་ཡི་རྒྱལ་མཚམས་འགྲོ་འོང་དོ་དམ་ཅུས་ཀྱིས་བཏོན་པའི་བླང་བྱ་ལྟར། རིན་དངུལ་ཇེ་དམའ་རུ་གཏོང་ཤུགས་སྔར་བས་ཆེ་རུ་བཏང་ནས། སྤྱི་ཚོགས་ཀྱི་ཁུར་པོ་ཡང་དུ་གཏོང་ཆེད་དུ་། སྤྱི་ལོ2017ལོའི་ཟླ7ཚེས1ཉིན་ནས་བཟུང་སྤྱི་དམངས་རྒྱལ་མཚམས་འབྲེལ་ཡོད་ལག་ཁྱེར་གྲོན་བསྡུའི་ཚད་གཞི་གསར་པ་ལག་བསྟར་བྱས་པ་རེད།

༡ སྤྱི་བཏང་གི་ཕྱིར་བསྐྱོད་ལག་ཁྱེར་གྱི་གྲོན་དངུལ་ལ། དེབ་རེར་སྒོར160ཡིན་པ་དང་།བོར་བརླག་བྱུང་ནས་གསབ་སྤྲོད་བྱས་ཚེ་དེབ་རེར་སྒོར160ཡིན་པ་རེད།

༢ རྒྱལ་མཚམས་འགྲོ་འོང་གི་ལམ་ཤོག་གྲོན་དངུལ་ནི། དེབ་རེར་སྒོར་15ཡིན་ལ།ཕྱིར་བསྐྱོད་ལག་ཁྱེར་འགྲོ་འོང་བྱེད་ཐེངས་རེར་སྒོར་15ཡིན་པ་དང་།ཐེངས་མང་པོར་འགྲོ་འོང་བྱས་ཚེ་དེབ་རེར་སྒོར80ཡིན་པ་རེད།

༣ ཨའོ་མོན་དང་ཧོང་ཀོང་གི་འགྲོ་སྐྱོད་ལག་ཁྱེར་གྲོན་དངུལ་ནི། དེབ་རེར་སྒོར80ཡིན་པ་རེད།

ནང་ལོག་གི་སྡོད་དམངས་ཨའོ་མོན་དང་ཧོང་ཀོང་གི་འགྲོ་སྐྱོད་ལག་ཁྱེར་གྱི་གྲོན་དངུལ་ནི། དེབ་རེར་སྒོར15ཡིན་ལ། ཐེངས་གཉིས་པར་སྒོར30ཡིན་པ་རེད།དུས་ཐུང་(ལོ་གཅིག་གི་ནང་)ལ་ཐེངས་མང་པོར་འགྲོ་འོང་བྱེད་པར་དེབ་རེར་སྒོར80ཡིན་པ་རེད།ལོ་གཅིག་མང་(ལོ་གཅིག་མི་ཐེ་བ)དང་ལོ་གཉིས་ཀྱི་ཉུང་(ལོ་གཉིས་ཐེ་བ)ཡིན་ཚེ་ཐེངས་མང་པོར་འགྲོ་འོང་བྱེད་པར་དེབ་རེར་སྒོར་120ཡིན་པ་རེད། ལོ་གཉིས་ཀྱི་མང་དང་ལོ་གསུམ་གྱི་ཉུང་(ལོ་གསུམ་མི་ཐེ་བ)ཡིན་ཚེ་ཐེངས་མང་པོར་འགྲོ་འོང་བྱས་ཚེ་དེབ་རེར་སྒོར160ཡིན་པ་རེད། དུས་ཡུན་རིང་པོར་(ལོ་གསུམ་གྱི་མང་། ལོ་གསུམ་ཐེ་བ)ཡིན་ཚེ་ཐེངས་མང་པོར་འགྲོ་འོང་བྱས་ཚེ་དེབ་རེར་སྒོར་240ཡིན་པ་རེད།

༤ ཨའོ་མོན་དང་ཧོང་ཀོང་གི་འགྲོ་སྐྱོད་ལག་ཁྱེར་གྲོན་དངུལ་ནི། གློག་རྡུལ་འགྲོ་འོང་ལག་ཁྱེར་ལ་དེབ་རེར་སྒོར80ཡིན་པ་དང་ཐེངས་གཅིག་ནུས་ལྡན་ལག་ཁྱེར་ལ་སྒོར་15ཡིན་པ་རེད།

ཀྲུང་གོའི་སྡོད་དམངས་ཐའེ་དབན་ལ་འགྲོ་འོང་ཆོག་པའི་འགྲོ་འཐུས་ལག་ཁྱེར་གྱི་གྲོན་དངུལ་ནི། ཐེངས་གཅིག་ནུས་ལྡན་ལག་ཁྱེར་རེར་སྒོར15ཡིན་ལ། ཐེངས་མང་པོར་འགྲོ་འོང་གི་ལག་ཁྱེར་རེར་སྒོར80ཡིན་པ་རེད།

༥ ཐའེ་དབན་གྱི་སྡོད་དམངས་ཀྲུང་གོར་བསྐྱོད་པའི་ལག་ཁྱེར་གྱི་གྲོན་དངུལ་ནི། གློག་རྡུལ་ལག་ཁྱེར་རེར་སྒོར200ཡིན་ལ། ཐེངས་གཅིག་ནུས་ལྡན་གྱི་ལག་ཁྱེར་རེར་སྒོར40ཡིན་པ་རེད།

出入境办证流程 ཕྱིར་བསྐྱོད་ལག་ཁྱེར་གྱི་ལས་སྒྲུབ་གོ་རིམ།


分享到:


相關文章: