西藏出台防疫一线医务人员保障措施

རིམས་འགོག་གི་འཐབ་ས་དང་པོའི་སྨན་དོན་མི་སྣ་ཚོར་གཏམ་བཟང་ཞིག་ཡོད།

西藏出台防疫一线医务人员保障措施


གསར་འགོད་པར་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་རང་སྐྱོང་ལྗོངས་ཀྱི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་ནས་ཤེས་རྟོགས་བྱུང་བར། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོའི་སྨན་དོན་མི་སྣར་ཐུགས་ཁུར་ཡག་པོ་དང་། སྲུང་སྐྱོང་ཡག་པོ། ཞབས་ཞུ་ཡག་པོ་བཅས་བྱ་ཆེད། རང་ལྗོངས་ཀྱིས་འགན་སྲུང་བྱེད་ཐབས་ནུས་ལྡན་བཏོན་ནས་འཐབ་ས་དང་པོའི་སྨན་དོན་མི་སྣར་ཐུགས་ཁུར་དང་གཅེས་སྐྱོང་བྱེད་ཤུགས་སྔར་བས་ཆེ་རུ་བཏང་འདུག

记者从自治区应对新冠肺炎疫情工作领导小组办公室获悉,为关心好、保护好、服务好疫情防控一线医务人员,我区制定出台强有力的保障措施,进一步加强对一线医务人员的关心关爱。


རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོའི་ལས་སྒྲུབ་མི་སྣའི་ཕན་བདེའི་ཐོབ་ཐང་སྤྲོད་དགོས་ཤིང་། ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ཡིག་ཆའི་གཏན་འབེབས་གཞིར་བཟུང་། རིམས་ནད་འགོག་བཅོས་ནང་ཞུགས་མཁན་སྨན་དོན་མི་སྣར་དུས་ཐོག་ཏུ་སྐབས་འཕྲལ་གྱི་ལས་ཀའི་ཁ་གསབ་སྤྲོད་དགོས་པ་དང་། དེ་དང་དུས་མཚུངས། སླད་ཕྱིན་འཐབ་ས་དང་པོའི་སྨན་དོན་མི་སྣ་སློབ་རྒྱུས་དང་སློབ་གནས་མཐོ་རུ་གཏོང་བ་དང་། གསོ་སྦྱོང་། སྤེལ་རེས་ཟབ་སྦྱོང་བཅས་བྱེད་སྐབས་སྔོན་ལ་བཀོད་སྒྲིག་བྱེད་དགོས།

落实防疫一线人员福利待遇。按照中央和自治区有关文件规定,向参与疫情防治的医务人员及时发放临时性工作补助。同时,对一线医务人员今后在攻读学历学位、脱产培训学习、交流进修予以优先安排。


སྲིད་ཇུས་ཐད་ནས་ལྕག་སྐུལ་བྱེད་ཤུགས་ཆེ་རུ་བཏང་སྟེ་གོ་མིང་དཔྱད་འདེམས་དང་གདན་ཞུ་སོགས་ལ་རྒྱབ་སྐྱོར་བྱེད་དགོས་ཤིང་། རིམས་ནད་འགོག་བཅོས་ནང་ཞུགས་མཁན་འཐབ་ས་དང་པོའི་སྨན་དོན་མི་སྣའི་རེ་ཞུ་སྔོན་ལ་བཀོད་སྒྲིག་དང་། དཔྱད་འདེམས་ནང་སྔོན་ལ་ཞུགས་སུ་འཇུག་པ། སྔོན་ལ་གདན་ཞུ་བཅས་བྱེད་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་ནང་ཞུགས་མྱོང་ཡོད་ཚེ། ལོ་གཅིག་རིང་གཞི་རིམ་དུ་ལས་ཀ་བྱས་པར་བརྩིས་ནས་གོ་མིང་མཐོ་རུ་གཏོང་སྐབས་ཚན་པ་དེ་རང་དང་ལས་གནས་དེ་རང་གི་གྲུབ་ཆའི་བསྡུར་ཚད་ཀྱི་ཚད་བཀག་ཐེབས་ཀྱི་མེད། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོར་དམིགས་བསལ་གྱི་ལེགས་སྐྱེས་འབུལ་མཁན་གྱི་སྨན་དོན་མི་སྣར་མཐོ་རིམ་ཤེས་ལྡན་མི་སྣ་དང་དམིགས་བསལ་གསོ་སྐྱོང་བར་སྔོན་ལ་འོས་སྦྱོར་བྱས་ཏེ། ཚན་རྩལ་རྣམ་གྲངས་དང་ཚན་ཞིབ་ཞིབ་འཇུག་བྱ་གཞི་རེ་ཞུ་བྱེད་སྐབས་སྔོན་ལ་རྒྱབ་སྐྱོར་བྱས་ན་ཆོག་གི་ཡོད།

强化政策激励,落实职称评聘等支持措施。对参加疫情防治一线医务人员,优先安排申报、优先参评、优先聘任。

参加疫情防治经历可视为1年基层工作经历,晋升职称不受本单位本岗位结构比例限制;对疫情防控一线作出突出贡献的医务人员,可优先推荐为高层次人才和特培人选,在科技项目、科研课题申报时予以优先立项支持。


སྨན་དོན་མི་སྣའི་གཟུགས་གཞི་བདེ་ཐང་ལ་སྲུང་སྐྱོང་བྱེད་དགོས་ཤིང་། སྨན་དོན་མི་སྣའི་མི་སྒེར་གྱི་འགོག་སྲུང་ཡག་པོ་བྱས་ནས་འཐབ་ས་དང་པོའི་སྨན་དོན་མི་སྣ་དང་ལྷག་དོན་དུ་གནས་གཏན་འཁེལ་གྱི་སྨན་ཁང་དང་ཚ་རྒྱས་སྒོ་བསྟེན་སྨན་ཁང་གི་སྨན་དོན་མི་སྣར་འགོག་སྲུང་གི་དངོས་རྫས་སྔོན་དུ་འགན་ལེན་བྱས་ནས། ཆེད་ལས་ཀྱི་འགན་སྲུང་ལམ་སྲོལ་དང་འཕྲལ་སྡོམ་སྔོན་ཇུས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས། འཚོ་བའི་ཞབས་ཞུ་དང་རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་ཡག་པོ་བྱས་ནས་འཐབ་ས་དང་པོའི་སྨན་དོན་མི་སྣར་རྒྱུན་མཐོང་ནད་ཀྱི་སྨན་རྫས་དང་། ཁ་ལག འགྲིམ་འགྲུལ་སོགས་ཀྱི་ཐད་ཞབས་ཞུ་དུས་ཐོག་ཏུ་སྒྲུབ་དགོས། ངལ་གསོ་དང་། འཁོར་ཞག ལུས་གསོ་བཅས་ཀྱི་ཐོབ་ཐང་དོན་འཁྱོལ་གང་ལེགས་དང་སེམས་གསོ་བཏང་སྟེ་སྨན་དོན་མི་སྣའི་སེམས་ཁྲལ་ཆུང་དུ་གཏོང་དགོས། རིམ་ཁག་གི་བཟོ་ཚོགས་རྩ་འཛུགས་ཀྱིས་རིམས་ནད་མཇུག་འགྲིལ་རྗེས་གཟུགས་པོར་བརྟག་དཔྱད་དང་ནང་སར་ལུས་གསོ་བྱེད་རྒྱུར་གཅིག་གྱུར་སྒྲིག་འཛུགས་བྱེད་དགོས།

维护医务人员身心健康。做好医务人员个人防护,优先保障一线医务人员特别是定点医院和定点发热门诊医务人员必备防护物资,建立健全专业保障机制和应急预案;加强生活服务和后勤保障,及时为一线医务人员提供基础性疾病药物、就餐、通勤等便捷服务;充分落实休息休假休养待遇,及时开展心理干预和疏导,减轻医务人员心理压力。各级工会组织要在疫情结束后统一组织健康体检和赴区外疗养休息。


རིམས་ནད་ཀྱི་འཐབ་ས་དང་པོ་ནས་ལས་བྱེད་པར་རྟོག་ཞིབ་བྱེད་རྒྱུ་མཐའ་འཁྱོངས་བྱེད་དགོས་ཤིང་། ལས་ཀའི་རྣམ་འགྱུར་ལེགས་ལ་གྲུབ་འབྲས་མངོན་གསལ་དོད་པ་དང་ཆ་རྐྱེན་འཛོམས་པར། འཕྲལ་མར་གོ་གནས་སྤོར་བའམ་ཡང་ན་ཕུལ་བྱུང་གི་གཞོན་ནུ་ལས་བྱེད་པའི་དཔུང་ཁག་ཏུ་འཇུག་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོར་ཏང་ཞུགས་ཧུར་བརྩོན་ཅན་ལ་ཚོད་བགམ་བྱས་ནས་ལས་ཀའི་རྣམ་འགྱུར་ལེགས་ལ་ཏང་ཞུགས་ཀྱི་ཆ་རྐྱེན་འཛོམས་རིགས་དུས་ཐོག་ཏུ་གྲ་སྒྲིག་ཏང་ཡོན་ལ་བཅུག་ནས་མྱུར་དུ་ཏང་ཡོན་འཕེལ་རྒྱས་གཏོང་དགོས།

坚持在疫情一线考察、识别干部。对表现优秀、成绩突出、条件成熟的,及时提拔使用或纳入优秀年轻干部队伍;在疫情防控一线考验入党积极分子,对表现突出、符合入党条件的,及时吸收为预备党员,做好“火线入党”。


འཐབ་ས་དང་པོའི་སྨན་དོན་མི་སྣའི་ནང་མིར་ལྟ་རྟོག་བྱེད་དགོས་ཤིང་། འཐབ་ས་དང་པོའི་སྨན་དོན་མི་སྣའི་ཐད་ཀའི་གཉེན་ཚན་ནད་གཞི་ལྟ་བ་དང་སྨན་བཅོས་བྱེད་སྐབས་ཐོགས་མེད་བགྲོད་ལམ་ཤར་གཏོང་བྱེད་དགོས་པ་དང་། ཚན་པ་དང་སྡེ་ཁུལ་གྱི་ལས་བྱེད་པའི་འབྲེལ་གཏུག་རོགས་སྐྱོར་ལམ་ལུགས་བཙུགས་ཏེ། འཐབ་ས་དང་པོའི་སྨན་དོན་མི་སྣའི་ནང་མིའི་འབྲེལ་ཡོད་གནས་ཚུལ་དང་དཀའ་ངལ་དུས་ཐོག་ཏུ་ཤེས་པ་བྱེད་དགོས། དེ་དང་དུས་མཚུངས་འཐབ་ས་དང་པོའི་སྨན་དོན་མི་སྣའི་བུ་ཕྲུག་བུ་བཅོལ་ཁང་དུ་གཏོང་བ་དང་སློབ་གྲྭ་འདེམས་པ་སོགས་ཀྱི་ཐད་གཟིགས་སྐྱོང་བྱེད་དགོས།

关心照顾一线医务人员家属。对一线医务人员直系亲属看病就医开通绿色通道,建立单位和社区干部联系帮扶制度,及时了解掌握一线医务人员家属有关情况和困难。同时,对一线医务人员子女入园入托、择校等方面予以倾斜照顾。


分享到:


相關文章: