拉薩市人民政府關於在2020年藏曆新年期間限制燃放煙花爆竹的公告

<strong>སྤྱི་ལོ་༢༠༢༠ལོའི་བོད་ཀྱི་ལོ་གསར་རིང་ཤོག་སྦག་སྤར་བའི་རིགས་བཀག་སྡོམ་བྱ་རྒྱུའི་སྐོར་གྱི་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་སྤྱི་བསྒྲགས།

拉薩市人民政府關於在2020年藏曆新年

期間限制燃放煙花爆竹的公告

<strong>མིག་སྔར་ལྷ་ས་གྲོང་ཁྱེར་གྱི་ཏོག་དབྱིབས་ནད་དུག་གསར་པ་འགོས་པའི་གློ་ཚད་ཀྱི་ནད་ཡམས་སྔོན་འགོག་ཚོད་འཛིན་ལས་དོན་དེ་འགག་རྩའི་དུས་རིམ་དུ་གནས་ཡོད་པས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགོ་ནད་འགོག་བཅོས་བཅའ་ཁྲིམས་དང་ཐོལ་བྱུང་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ཚབས་ཆེན་གྱི་འབོད་སྐུལ་རིམ་པ་དང་པོ་ལག་བསྟར་བྱ་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་སྤྱི་བསྒྲགས། དེ་བཞིན་ལྷ་ས་གྲོང་ཁྱེར་གྱི་གྲོང་ཁུལ་དུ་ཤོག་སྦག་སྦར་བའི་རིགས་བཀག་སྡོམ་བྱ་རྒྱུའི་གཏན་འབེབས་བཅས་གཞིར་བཟུང་། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་གཟུགས་གཞི་བདེ་ཐང་ལ་འགན་ལེན་ཏན་ཏན་ཏིག་ཏིག་དང་༢༠༢༠ལོའི་བོད་ཀྱི་ལོ་གསར་རིང་ནད་ཡམས་སྔོན་འགོག་ཚོད་འཛིན་ལས་དོན་གང་ལེགས་སྒྲུབ་ཆེད། ད་ལྟ་བོད་ཀྱི་ལོ་གསར་རིང་(སྤྱི་ལོ་༢༠༢༠ལོའི་ཟླ་༢ཚེས་༢༢ཉིན་ནས་ཟླ་༢ཚེས་༢༩ཉིན་བར)ཤོག་སྦག་སྤར་བའི་རིགས་བཀག་སྡོམ་བྱ་རྒྱུའི་སྤྱི་བསྒྲགས་སྤེལ་རྒྱུ་གཤམ་གསལ།

當前,拉薩市新型冠狀病毒肺炎疫情防控工作正處於關鍵時期,根據《中華人民共和國傳染病防治法》《西藏自治區人民政府關於啟動重大突發公共衛生事件I級響應的公告》及《拉薩市市區限制燃放煙花爆竹規定》,為切實保障廣大人民群眾的生命安全和身體健康,紮實做好2020年藏曆新年期間的疫情防控工作,現就藏曆新年期間(2020年2月22日至2月29日)限制燃放煙花爆竹公告如下:


<strong>ལྷ་ས་གྲོང་ཁྱེར་གྱི་གྲོང་ཁུལ་རྙིང་པ་དང་། པོ་ཏ་ལ་ཐང་ཆེན། གཡུ་ཐོག་ལམ། མཁར་སྣ་གདོང་ལམ། ཉང་བྲན་ལམ་དུམ་བུ་ལྷོ་མ། ཀྲུང་ཧོ་རྒྱལ་སྤྱིའི་གྲོང་། ཏང་སྲིད་ལས་ཁུངས། དཔུང་སྡེ་དང་ཉེན་རྟོག་པའི་སྒར་ས། སློབ་གྲྭ། སྨན་ཁང་། ཁྲོམ་ར། གློག་འཕྲིན། རླུང་འཕྲིན་བརྙན་འཕྲིན་སྒྲིག་བཀོད། ཟམ་པ། མཛོད་ཁང་ཆེ་གྲས། གློག་སྒྱུར་ས་ཚིགས། སྣུམ་སྣོན་ས་ཚིགས། གཤེར་གྱུར་སོལ་རླངས་ས་ཚིགས། དེ་བཞིན་དེ་ཚོའི་མཐའ་འཁོར་རྨིད་༢༠༠ནང་དང་། ལོ་རྒྱུས་ལྡན་པའི་ཁང་པའི་ཁུལ། རིག་དངོས་སུ་ཚུད་པའི་ཁང་པའི་ཁུལ། གྲོང་མིའི་སྡོད་ཁུལ་གཙོ་བོ། སྤྱི་དམངས་འདུ་འཛོམས་བྱེད་ཡུལ་བཅས་སུ་ཤོག་སྦག་རིགས་སྦར་མི་ཆོག ཤོག་སྦག་རིགས་སྦར་མི་ཆོག་པའི་ས་ཆར་ཤོག་སྦག་སྦར་བའམ་ཡང་ན་སྤྱི་པའི་བདེ་འཇགས་དང་། མི་དང་རྒྱུ་ནོར་གྱི་བདེ་འཇགས་ལ་གནོད་སྐྱོན་གཏོང་བའི་རྣམ་པའི་ཐོག་ནས་ཤོག་སྦག་རིགས་སྦར་ཚེ། ལྷ་ས་གྲོང་ཁྱེར་གྱི་གྲོང་ཁུལ་དུ་ཤོག་སྦག་སྤར་བའི་རིགས་བཀག་སྡོམ་བྱ་རྒྱུའི་གཏན་འབེབས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཆད་པ་གཅོད་རྒྱུ།

禁止在拉薩市老城區、布達拉宮廣場、宇拓路、康昂東路、娘熱路南段、中和國際城,黨政機關、軍警營地,學校、醫院、市場,電信、廣播電視設施、橋樑、大型倉庫、變電站、加油站、液化氣站及其外圍200米,古建築群、文物建築區及重點居民區、公眾聚集場所燃放煙花爆竹。對在禁止燃放煙花爆竹的地點燃放煙花爆竹的,或者以危害公共安全和人身、財產安全的方式燃放煙花爆竹的,將按照《拉薩市市區限制燃放煙花爆竹規定》相關規定進行處罰。


<strong>ནད་ཡམས་སྔོན་འགོག་ཚོད་འཛིན་བྱེད་རིང་། མཉམ་འགོག་མཉམ་འཛིན་གྱི་རྩ་དོན་ལྟར་ཕན་ཚུན་ནད་ཡམས་འགོ་བ་དང་མཆེད་པའི་ཉེན་ཁ་ནུས་ལྡན་ངང་སེལ་བ་དང་། མི་འགྲུལ་བཞུད་བྱེད་ཉུང་དུ་གཏོང་བ། མི་མང་པོ་འདུ་འཛོམས་མི་བྱེད་པ། མཁའ་དབུགས་ལ་བཙོག་སྐྱོན་ཕོག་ཚད་ཉུང་དུ་གཏོང་བ། མེ་སྐྱོན་གྱི་ལས་འཛོལ་མི་ཐོན་པ་བཅས་ཀྱི་ཆེད་དུ་རྒྱ་ཆེའི་མི་དམངས་མང་ཚོགས་ཚོས་ཤོག་སྦག་རིགས་སྤར་མི་ཆོག་པའི་ས་ཆ་མིན་སར་ཡང་ཤོག་སྦག་རིགས་མི་སྤར་བའམ་ཤོག་སྦག་རིགས་ཉུང་ཙམ་སྤར་བ། ཡ་རབས་ལྡན་པའི་ངང་ནས་ལོ་གསར་གཏོང་བ་བཅས་ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད་ཐུན་མོང་ཐོག་སྟོབས་ཤུགས་ལེགས་སྐྱེས་འབུལ་རོགས།

疫情防控期間,本著“群防群控”的原則,為有效阻斷疫情交叉感染和傳播風險,減少人員流動,防止人員聚集,減少大氣汙染,避免發生火災事故,請廣大人民群眾在非禁放區不燃放、少燃放煙花爆竹,文明過年,共同為打贏疫情防控阻擊戰貢獻力量。


<strong>རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་དགོངས་བཞེས་དང་རྒྱབ་སྐྱོར་ཡོད་པ་ཞུ་རྒྱུ་མ་ཟད། ཕན་ཚུན་ལན་སྤྲོད་གནང་ཡོད་པ་ཞུ།

請廣大人民群眾予以理解支持,並相互告知。


<strong>དེ་དོན་སྤྱི་བསྒྲགས་འདི་སྤེལ་བ་ཡིན།

特此公告。


<strong>ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས།

拉薩市人民政府

<strong>སྤྱི་ལོ་༢༠༢༠ལོའི་ཟླ་༢ཚེས་༢༠ཉིན།

2020年2月20日


分享到:


相關文章: