【 诗词欣赏】阻击疫情

阻击疫情


春节

鼠年春节

应当在全家团聚

阖家欢乐

在鞭炮的响声中准备新的一年开始


芝焚蕙叹 不知为何?

在春运的关键时刻

潘多拉在武汉

打开了病毒的盒子

带来了新冠肺炎的疫情

随着摩肩接踵的人群中流失


一刹那

传染给了中华大地

男女老少 村邻乡舍

猖狂地肆虐横行

不见血的一把砍刀

未响声的一串地雷

也是一场没有烽火的干戈

更是一个千年不撞的年节


在这时候 我们不能退

不许怂 必胜这场战争

我们齐心协力 阻击疫情


聆听党中央的号召

细听地方干部的部署

听从白衣天使的安排

我们逆流而上 为生命接力

全国近十四亿人民在一起

众志成城 攻克时艰

阻击疫情 我们一定会取得胜利

相信我们的明天依然是

阳光灿烂 更加辉煌


བདེན་གཏམ་རྣ་བའི་སིལ་སྒྲ།


ལོ་བྱི་བའི་གནམ་ལོ་གསར་ཚེ་ལ།།

ཟས་དཀར་གསུམ་མངར་གསུམ་སྒྲིག་པའི་ཉིན།།

ནང་བཟའ་ཚང་ལྷན་འཛོམས་སྐྱིད་པའི་ཉིན།།

ལྟས་བཀྲ་ཤིས་རྟེན་འབྲེལ་འགྲིག་པའི་ཉིན།།


དུས་ངན་པ་སྙིགས་མའི་མཐའ་ལ་ཐུག།

ལས་ངན་པ་མགོ་ནག་མི་ལ་འཕྲད།།

གཉན་རིམས་ནད་ངན་པ་ཁྱབ་ནས་ཡོང་།།

འདི་ཅི་ཡིན་བླ་མ་དཀོན་མཆོག་མཁྱེན།།


སྨད་རྒྱ་ནག་ཝུ་ཧན་གྲོང་ཁྱེར་ནས།།

ཟས་ཟ་ཚོད་མ་ཟིན་གང་དྲན་ཟས།།

ནད་ངན་པ་སྐྱག་པ་འོག་ལེབ་བྱས།།

གློ་ཚ་བའི་གཉན་རིམས་བགོ་འགོ་བརྩམས།།


ས་ཆེན་པོ་ཀྲུང་གོ་རྒྱལ་ཁབ་ཀྱི།།

མི་འབོར་ཆེན་སྟོང་ཕྱུར་བཅུ་བཞི་ལ།།

ནད་ངན་པ་སྤང་ལ་མེ་ཤོར་བཞིན།།

འཇིགས་ཆེན་པོ་དམྱལ་ཁམས་གཉིས་པར་གྱུར།།


ཟླ་གཅིག་དང་ཕྱེད་ཀའི་ཉིན་འདི་ལ།།

ནད་ཕོག་པའི་མི་བུ་བཞི་ཁྲི་ལྷག །

ཚེ་འདས་པའི་ལས་ངན་ཆིག་སྟོང་ལྷག།

ཕྱིར་འོང་བའི་མྱི་འང་སྟོང་ལྔར་ཉེ།།


གློ་ཚ་བའི་གཉན་རིམས་ངན་པ་འདིས།།

གོང་དཔོན་པོ་མི་སེར་དཀྱུས་མ་དང་།།

རྒྱུ་ནོམ་ཆེན་སྤྲང་བོར་མི་དམིགས་པ།།

མི་རྒན་གཞོན་བར་མེད་མནར་བ་འཇིགས།།


རིམས་ངན་པའི་ཉེན་ཁ་ཤར་བའི་ཚེ།།

ནད་འགོག་པའི་ལྷ་རྗེ་དམ་པ་མང་།།

རྒྱུ་འཛོམས་མིན་སྦྱིན་པའི་ཕྱག་ཟུང་རིང་།།

སྲོག་ཕར་ངོས་ལས་བྱེད་མི་སྣ་མང་།།


སྲོག་ཕྲ་མོར་མི་གཅེས་སུ་ཞིག་ཡོད།།

གྲོགས་ཉེ་དུ་མི་དུངས་སུ་ཞིག་མཆིས།།

ལས་དེ་དག་མ་དྲན་གཡུལ་སར་མཆོངས།།

མི་དམ་པ་འདི་དག་བསྟོད་པའི་ཡུལ།།


ལས་མི་སྣས་ལག་རྡང་དམ་པོའི་སྒོས།།

གཉན་རིམས་ནད་འགོག་པའི་དུས་དེ་ན།།

མྱི་ངན་པ་ཁ་ནག་འགའ་རེ་ཡིས།།

བསམ་བཟོས་ནས་ནད་དེ་བགོ་བའང་ཡོད།།


དུས་ད་ལྟ་གནད་འགག་སྐབས་འདི་ལ།།

ལས་ཅི་ཡོད་མཚམས་སུ་བཞག་ནས་ནི།།

གར་མ་རྒྱུག་རང་གནས་བསྡད་ན་ནི།།

ནད་ཆད་འགྲོ་ཆེད་མཁས་སྨན་པས་གསུངས།།


ནད་བགོ་བའི་ཡུན་ནི་སྐར་ཆ་ཙམ།།

མི་གཅིག་གིས་གཅིག་ལ་འབྲེལ་མེད་ཚེ།།

དགྲ་རང་ཤི་རྒྱག་གོ་མཚམས་ཆོད་དོ།།

ནད་འགོག་པའི་ཐབས་མཆོག་གཅིག་པུར་གསུངས།།


མི་དོགས་ཅན་འཕྲད་ནས་བདུན་གཉིས་རིང་།།

ཚ་རྒྱས་པ་སོགས་ཀྱི་ནད་རྟགས་མངོན།།

ཉིན་བཅུ་བཞིར་བདེ་འཚམ་ཡིན་དུས་ན།།

སྐྱིད་བཀྲ་ཤིས་ཉི་མ་རང་ཤར་རེད།།


དུས་ད་དུང་ཟླ་ཕྱེད་ཡུན་ཙམ་ལ།།

ལས་མི་སྣའི་ཁ་བརྡར་ཉན་ཞོར་དུ།།

རང་ཁྱིམ་གཞི་དྲོན་མས་བསྡད་ན་འགྲིག།

མ་སེམས་ཅན་ཀུན་གྱི་བདེ་ཐང་གཙོ།།


རིམས་ངན་པས་ཚེ་སྲོག་ཤོར་བ་ཚོར།།

སེམས་རྣམ་དག་སྨོན་ལམ་ལན་གསུམ་ཡོད།།

དུས་ད་ལྟ་སྙུང་གཞིས་མནར་བ་ཚོ།།

ནད་དེ་ལས་མྱུར་ཏུ་ཐར་བར་སྨོན།།


ནད་འགོག་པའི་གཡུལ་སའི་འཐབ་ར་ན།།

གཞན་གཙོ་བོར་འཛིན་པའི་ལས་བྱེད་ཚོགས།།

གེགས་བར་ཆད་ཅི་ཡང་མི་འབྱུང་བར།།

ལས་མཐའ་དག་ཡིད་བཞིན་འགྲུབ་པར་ཤོག།


སེམས་བརྟན་པས་རྡོག་རྩ་གཅིག་ཏུ་སྒྲིལ།།

ནངས་བཀྲ་ཤིས་ཉི་མ་རང་འཆར་ཡིན།།

རྟགས་བཀྲ་ཤིས་རྟེན་འབྲེལ་རང་འཁོར་ཡིན།།

མ་སེམས་ཅན་བདེ་སྐྱིད་རང་ཤར་ཡིན།།


尕藏香巴,甘肃卓尼人,有诗歌、散文见《章恰尔》、《达塞尔》、《甘南日报》等刊物。个人著作:2009年《显明安乐道》、2020年《作呕的时代》。