2020年公積金的這些用途,你必須知道!!!

住房公積金,是指國家機關和事業單位、國有企業、民辦非企業單位、社會團體及其在職職工,對等繳存的長期住房儲蓄。

སྡོད་ཁང་སྤྱི་གསོག་མ་དངུལ་ནི་རྒྱལ་ཁབ་ལས་ཁུངས་དང་། ལས་དོན་སྡེ་ཚན། རྒྱལ་དབང་ཁེ་ལས། དམངས་སྒྲུབ་ཁེ་མིན་སྡེ་ཚན། སྤྱི་ཚོགས་ཚོགས་པ་དང་ལས་ཐོག་ལས་སྣེ་བས་གསོག་བཅོལ་བྱས་པའི་ཡུན་རིང་གི་སྡོད་ཁང་གསོག་དངུལ་ཡིན།

2020年公積金的這些用途,你必須知道!!!


一:買房


公積金貸款購房仍然是大多數人的首選,在使用公積金購房時,商業貸款購房可以提取公積金用於首付,或是提取公積金償還本息,公積金(組合)貸款購房可提取公積金償還本息。

སྤྱོད་སྒོ་དང་པོ། ཁང་པ་ཉོ་བ།

སྤྱི་གསོག་མ་དངུལ་དངུལ་བུན་གྱིས་ཁང་པ་ཉོ་བ་ནི་མི་མང་ཆེ་བས་ཐོག་མར་འདེམས་པ་དང་། སྤྱི་གསོག་མ་དངུལ་བཀོལ་བའི་སྐབས་སུ་ཚོང་ལས་དངུལ་བུན་གྱིས་ཉོས་པའི་ཁང་བར་སྤྱི་གསོག་མ་དངུལ་བཏང་སྟེ་ཐོག་མའི་གཏོང་སྤྲོད་དང་མ་སྐྱེད་འཇལ་ཆོག་ཞིང་། སྤྱི་གསོག་མ་དངུལ་དངུལ་བུན་གྱིས་ཁང་པ་ཉོ་ཆོག་པ་མ་ཟད་མ་སྐྱེད་ཡང་འཇལ་ཆོག

二:修房子

在農村集體土地上建造、翻建、大修自有住房且使用住房貸款的,職工及配偶可申請提取修建房被批准當月之前(含當月)的公積金金額!

小螞蟻提醒:提取金額合計不能超過修建房費用哦~

སྤྱོད་སྒོ་གཉིས་པ། ཁང་པ་ཞིག་གསོ།

གྲོང་གསེབ་ཀྱི་ཐུན་མོང་ས་ཆའི་ཐོག་ཏུ་འཛུགས་བསྐྲུན་དང་། བསྐྱར་འཛུགས། ཞིག་གསོ་རྒྱ་ཆེན་བྱེད་བཞིན་པའི་སྡོད་ཁང་དངུལ་བུན་ལེན་མཁན་གྱི་ལས་བཟོ་བའམ་ལས་བཟོ་བའི་བཟའ་རོགས་ཀྱིས་སྙན་ཞུ་བྱས་ཏེ་ཁང་པ་འཛུགས་སྐྲུན་གྱི་སྤྱི་གསོག་མ་དངུལ་ཟླ་དེའི་ཚུན་ཆད་ཀྱི་དངུལ་གྲངས་ལེན་ཆོག

དྲན་སྐུལ། བླངས་ཟིན་པའི་དངུལ་གྲངས་ཁང་པ་འཛུགས་སྐྲུན་གྱི་འགྲོ་གྲོན་ལས་བརྒལ་མི་རུང་།

2020年公積金的這些用途,你必須知道!!!


三:租房


如果短期內不具備買房條件,可以選擇利用公積金來租房居住。除了支付一般租房房租之外,公積金還可以用來租住政府招租補貼的經濟租賃房或是配租房。

小螞蟻提醒:如果租房有困難一時半會取不出公積金,用i貸救急也很方便哦!

སྤྱོད་སྒོ་གསུམ་པ། ཁང་པ་གླ་བ།

གལ་སྲིད་དུས་ཚོད་ཐུང་ངུའི་ནང་དུ་ཁང་པ་ཉོ་བའི་ཆ་རྐྱེན་མེད་ཚེ། སྤྱི་གསོག་མ་དངུལ་བཀོལ་ཏེ་ཁང་པ་གླ་ཆོག་ཅིང་། སྤྱིར་བཏང་གི་ཁང་པ་གླ་ཐུབ་པ་ལས་གཞན་སྤྱི་གསོག་མ་དངུལ་གྱིས་ད་དུང་སྲིད་གཞུང་གིས་གླ་འགུགས་ཁ་གསབ་ཅན་གྱི་ཁང་པའང་གླ་ཐུབ།

དྲན་སྐུལ། གལ་སྲིད་དུས་ཐུང་ཐུང་ཞིག་ལ་སྤྱི་གསོག་མ་དངུལ་ལེན་མི་ཐུབ་ཚེ། iདངུལ་བུན་ནི་འཕྲལ་དོན་སེལ་བར་སྟབས་བདེ་ཞིག་ཡིན།

四:父母給兒女購房

2020年公積金的這些用途,你必須知道!!!



如果購買的自有住房沒有使用住房貸款,那麼提取父母的公積金是可以的。如果在購房時使用了商業銀行個人住房貸款,那麼可以在支付首付款後可以提取父母公積金。

小螞蟻提醒:使用個人住房公積金(組合)貸款購買自有住房,支付首付款後也可以提取父母公積金。

སྤྱོད་སྒོ་བཞི་བ། ཕ་མས་བུ་ཕྲུག་ལ་ཁང་པ་ཉོ་བ།

གལ་སྲིད་རང་གི་སྡོད་ཁང་ཉོ་སྐབས་སྡོད་ཁང་དངུལ་བུན་བཀོལ་སྤྱོད་བྱས་མེད་ཚེ། ཕ་མའི་སྤྱི་གསོག་མ་དངུལ་ལེན་ཆོག་ཅིང་། གལ་སྲིད་ཁང་པ་ཉོ་སྐབས་ཚོང་ལས་དངུལ་ཁང་གི་མི་སྒེར་སྡོད་ཁང་དངུལ་བུན་བླངས་ཡོད་ཚེ། ཐོག་མའི་དངུལ་སྤྲོད་ཚར་རྗེས། ཕ་མའི་སྤྱི་གསོག་མ་དངུལ་ལེན་ཆོག

དྲན་སྐུལ། མི་སྒེར་སྡོད་ཁང་སྤྱི་གསོག་མ་དངུལ་དངུལ་བུན་གྱིས་རང་གི་སྡོད་ཁང་ཉོས་ཏེ་ཐོག་མའི་དངུལ་སྤྲོད་ཚར་རྗེས། ཕ་མའི་སྤྱི་གསོག་མ་དངུལ་ལེན་ཆོག

五:銷戶提取全部餘額

2020年公積金的這些用途,你必須知道!!!



以下幾類情況下可以選擇銷戶提取全部餘額:離、退休人員; 農業戶籍職工男滿60週歲,女滿55週歲;到國外及港、臺地區定居人士; 完全喪失勞動能力、大部分喪失勞動能力或重度殘疾並與單位解除或終止勞動關係;領取失業保險金的;被判處刑罰、戶口遷出所在市、非所在市戶口職工與所在單位解除或終止勞動關係的;原單位終止勞動關係滿2年的;到所在市行政區域外工作並在當地建立和繳存住房公積金的,可銷戶提取全部公積金餘額。

提醒:總而言之,你交的公積金,最後肯定是回你的口袋啦!

སྤྱོད་སྒོ་ལྔ་བ། ཐོ་བསུབ་སྟེ་ལྷག་གྲངས་ལེན་པ།༼མི་སྒེར་རམ་ལས་ཁུངས་ཀྱིས་དངུལ་ཁང་སོགས་སྡེ་ཁག་གང་རུང་དང་ལས་དོན་གྱི་འབྲེལ་བ་གཅོད་པར་བྱེད་པ་ལ་ཟེར།༽

གཤམ་གྱི་གནས་ཚུལ་འདི་དག་འོག་ཏུ་ཐོ་བསུབ་སྟེ་ལྷག་གྲངས་ཆ་ཚང་ལེན་ཆོག

༡ ལས་འཁྱུར་ངལ་གསོའི་མི་སྣ། ཞིང་ལས་ཁྱིམ་ཐོའི་ལས་བཟོ་བ་སྐྱེས་པ་ལོ་༦༠དང་། སྐྱེས་མ་ལོ་༥༥ སོན་པ།

༢ ཕྱི་རྒྱལ་དང་ཞང་ཀང་། ཐའེ་ཝན་བཅས་སུ་གཏན་སྡོད་བྱེད་པའི་མི་སྣ།

༣ ངལ་རྩོལ་བྱེད་ནུས་ཤོར་བའམ་ནད་གཞི་ཚབ་ཆེན་བྱུང་སྟེ་སྡེ་ཁག་གིས་ལས་ཤུགས་ངལ་རྩོལ་གྱི་འབྲེལ་བ་མཚམས་འཇོག་བྱས་པ།

༤ ལས་ཤོར་ཉེན་འགོག་དངུལ་བླངས་བ།

༥ ཁྲིམས་ཐག་བཅད་པ་དང་། གནས་གཞིའི་གྲོང་ཁྱེར་ནས་ཁྱིམ་ཐོ་ཕྱིར་སྤོ་བྱས་པ། ལས་བཟོ་བའི་ཁྱིམ་ཐོ་གནས་གཞིའི་གྲོང་ཁྱེར་གྱི་ཁྱིམ་ཐོ་མིན་ཞིང་སྡེ་ཁག་གིས་ལས་ཤུགས་ངལ་རྩོལ་གྱི་འབྲེལ་བ་མཚམས་འཇོག་བྱས་པ།

༦ སྡེ་ཁག་གིས་ལས་ཤུགས་ངལ་རྩོལ་གྱི་འབྲེལ་བ་བཅད་དེ་ལོ་གཉིས་འགོར་བ།

༧ གནས་གཞིའི་གྲོང་ཁྱེར་གྱི་སྲིད་འཛིན་ས་ཁོངས་ཀྱི་ཕྱི་རོལ་ནས་བྱ་བ་ལས་ཤིང་སྡོད་ཁང་སྤྱི་གསོག་མ་དངུལ་སྤྲད་ཡོད་ཚེ་ཐོ་བསུབ་རྗེས་སྤྱི་གསོག་མ་དངུལ་གྱི་ལྷག་གྲངས་ཆ་ཚང་ལེན་ཆོག

དྲན་སྐུལ། ཁྱོད་ཀྱིས་སྤྲད་པའི་སྡོད་ཁང་སྤྱི་གསོག་མ་དངུལ་ནི་མཇུག་མཐར་ཁྱོད་ཀྱི་གློ་ཁུག་ནང་དུ་འབབ་སྲིད།

2020年公積金的這些用途,你必須知道!!!



分享到:


相關文章: