關於曲麻萊縣開通緝查布控及電子抓拍系統的通告

為進一步加強道路交通安全管理工作,加大對各類車輛違法行為的非現場執法力度,有效預防和減少道路交通事故,按照公安部交管局、青海省交警總隊、玉樹州交警支隊安排部署,曲麻萊縣公安局交通警察大隊根據《中華人民共和國道路交通安全法》及相關法律法規,將在轄區G215線治多段(南北雙向拍攝)、S313巴幹段(南北雙向拍攝)、G215不凍泉段(東西雙向拍攝),開通3處交通緝查布控系統,並於2020年4月25日正式投入使用。請廣大駕駛員嚴格遵守道路交通安全法律法規。以上緝查布控系統抓拍交通違法行為如下:


1、電子監控違法抓拍系統(用於抓拍闖紅燈、不按導向車道行駛、接打電話、吸菸、吃東西、未系安全帶等交通違法行為。)
2、緝查布控系統(抓拍違法行為有報廢車輛、涉牌涉證、逾期未審驗車輛、遮擋號牌、假牌套牌、未按規定安裝號牌等交通違法行為。)
3、查處違法過程中發現無證駕駛、酒駕等嚴重違法行為依據《中華人民共和國道路交通安全法》和《中華人民共和國道路交通安全法實施條例》,對違法駕駛人依法實施處罰,對不服從管理,有意製造事端,造成一定影響或情節嚴重的將依法從嚴處理,構成犯罪的,依法追究刑事責任。
特此通告!
曲麻萊縣公安局交警大隊
2020年4月28日
ཆུ་དམར་ལེབ་རྫོང་གིས་ཞིབ་བཤེར་ཚོད་འཛིན་དང་གློག་རྡུལ་པར་ལེན་མ་ལག་སྐོར་གྱི་བརྡ་ཁྱབ།
གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་དོ་དམ་ལས་དོན་ལ་སྔར་བས་ཤུགས་སྣོན་དང་། རླངས་འཁོར་སྣ་ཚོགས་ཀྱི་ཁྲིམས་འགལ་བྱེད་སྤྱོད་ལ་ས་གནས་ས་ཐོག་ཏུ་མིན་པའི་ཁྲིམས་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ། གཞུང་ལམ་འགྲིམ་འགྲུལ་ལས་འཛོལ་སྔོན་འགོག་དང་ཉུང་དུ་ནུས་ལྡན་གཏོང་བ་བཅས་བྱ་ཆེད། སྤྱི་བདེ་པུའུ་འགྲིམ་འགྲུལ་དོ་དམ་ཅུས་དང་། མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་ཉེན་རྟོག་སྤྱི་ཁྱབ་རུ་ཁག ཡུལ་ཤུལ་ཁུལ་འགྲིམ་འགྲུལ་ཉེན་རྟོག་ཡན་ལག་རུ་ཁག་བཅས་ཀྱི་བཀོད་སྒྲིག་ལྟར། ཆུ་དམར་ལེབ་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》དང་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་སྟེ། ཁོངས་གཏོགས་ཁུལ་གྱི་G215ལམ་ཐིག་འབྲི་སྟོད་ཕྱོགས(ལྷོ་བྱང་གི་ཕྱོགས་གཉིས་པར་ལེན)དང་། S313འབའ་དགོན་ཕྱོགས(ལྷོ་བྱང་གི་ཕྱོགས་གཉིས་པར་ལེན)པ། G215ཆ་ནག་ཆའི་ཕྱོགས(ཤར་ནུབ་ཀྱི་ཕྱོགས་གཉིས་པར་ལེན)བཅས་སུ་འགྲིམ་འགྲུལ་ཞིབ་བཤེར་དང་ཚོད་འཛིན་བྱེད་པའི་མ་ལག་3བཙུགས་ཡོད་པ་དང་། དངོས་སུ་སྤྱོད་འགོ་ཚུགས་པ་རེད། རྒྱ་ཆེའི་ཁ་ལོ་བས་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་ནན་པོ་བྱེད་དགོས། གོང་གསལ་གྱི་ཞིབ་བཤེར་དང་ཚོད་འཛིན་མ་ལག་གིས་འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་ལ་དམ་འཛིན་བྱ་རྒྱུ་གཤམ་གསལ།
1.གློག་རྡུལ་ལྟ་སྐུལ་ཚོད་འཛིན་གྱི་ཁྲིམས་འགལ་པར་ལེན་མ་ལག (གློག་དམར་བརྒལ་བར་བཀོལ་བ། ཁ་པར་གཏོང་བ། ཐ་མག་འཐེན་པ། ཟ་མ་ཟ་བ། ཉེན་སྲུང་སྒྲོག་ཐག་མ་བཅིངས་པ་སོགས་འགྲིམ་འགྲུལ་ཁྲིམས་འགལ་གྱི་བྱ་སྤྱོད་བཅས་ལབཀོལ་རྒྱུ་རེད)།
2.ཞིབ་བཤེར་དང་ཚོད་འཛིན་མ་ལག(ཁྲིམས་འགལ་བྱ་སྤྱོད་གཙོ་བོར་བེད་མེད་རླངས་འཁོར་དང་། འཁོར་བྱང་དང་ལག་ཁྱེར་ལ་འབྲེལ་བ་ཡོད་པ། དུས་ལས་ཡོལ་ཡང་ཞིབ་བཤེར་རྩིས་ལེན་མ་བྱས་པ། འཁོར་བྱང་བཀབ་འགེབས་བྱས་པ། འཁོར་བྱང་རྫུན་མ་དང་འཁོར་བྱང་གཉིས་སྤྱོད་ཅན། ་གཏན་འབེབས་ལྟར་ཨང་རྟགས་སྒྲིག་སྦྱོར་བྱས་མེད་པ་སོགས་འགྲིམ་འགྲུལ་ཁྲིམས་འགལ་བྱ་སྤྱོད་ཡོད་པ་བཅས་པར་ལེན་དགོས།
3.ཁྲིམས་འགལ་བརྒྱུད་རིམ་ཁྲོད་ལག་ཁྱེར་མེད་པར་རླངས་འཁོར་གཏོང་བ་དང་ཆང་རག་བཏུངས་ནས་རླངས་འཁོར་གཏོང་བ་སོགས་ཁྲིམས་འགལ་བྱ་སྤྱོད་ཚབས་ཆེན་རྩད་ཆོད་རྗེས 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་སྐོར་གྱི་བཅའ་ཁྲིམས་》དང་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་སྐོར་གྱི་བཅའ་ཁྲིམས་ལག་བསྟར་སྲོལ་ཡིག་》གཞིར་བཟུང་ནས། ཁྲིམས་འགལ་ཁ་ལོ་བར་ཁྲིམས་ལྟར་ཆད་པ་གཅོད་རྒྱུ་དང་། དོ་དམ་ལ་བརྩི་བཀུར་མི་བྱེད་པར་རྐང་བཙུགས་ནས་དོན་རྐྱེན་བཟོས་ཏེ་ཤུགས་རྐྱེན་ངེས་ཅན་བཟོས་པའམ་ཡང་ན་གནས་ཚུལ་ཚབས་ཆེའི་རིགས་ལ་ཁྲིམས་ལྟར་ཐག་གཅོད་ནན་པོ་བྱ་རྒྱུ་དང་ཉེས་གསོག་གི་ཚད་ལ་སླེབས་པར་ཁྲིམས་ལྟར་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་རྒྱུ་ཡིན།
ཆེད་དུ་བརྡ་ཁྱབ།
ཆུ་དམར་ལེབ་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན། 2020ལོའི་ཟླ་4ཚེས་28ཉིན།
來源:交警大隊


分享到:


相關文章: